དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-09-20 07:29:13   |   2304

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ9པའི་ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཀྲུང་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀེ་ལིན་དང་། AVGརུ་ཁག་གི་དམག་མི་རྒན་གྲས་མོ་ཡེ་དང་། མའེ་ཁེ་མ་ལུན་བཅས་ལ་འཕྲིན་ལན་སྤྲིངས།

  • 《འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱ་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》ཀྱི་ཨ་རབ་ཡི་གེའི་པར་མ་དང་། ཕོར་ཐིའུ་ཀལ་ཡི་གེའི་པར་མ། འཇར་མན་ཡི་གེའི་པར་མ། སི་ཝ་ཞི་ལི་ཡི་གེའི་པར་མ། ཝུའུ་ཨེར་ཏུའུ་ཡི་གེའི་པར་མ། ཝེ་ཐེ་ནམ་ཡི་གེའི་པར་མ་བཅས་ཉེ་ཆར་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས།

1.png

  • པེ་ཅིང་གིས2023ལོའི་རྒྱལ་སྟོན་མེ་ཏོག་བཀོད་སྒྲིག་གི་ཇུས་གཞི་ཁྱབ་བསྒྲགས་བྱས་པ་སྟེ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་ལྟེ་གནས་སུ“མེས་རྒྱལ་ལ་བསྟོད་གླུ་འབུལ”ཞེས་པའི་མེ་ཏོག་གི་ཕྲ་རྒྱན་བཀོད་སྒྲིག་བྱ་རྒྱུ་རེད།

    2.jpg

  • ཚེས18ཉིན་གྱི་དགོང་མོར། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས19པའི་མགོ་རྩོམ་མཛད་སྒོའི་ཆེས་མཇུག་མཐའི་སྟ་གོན་སྔོན་སྦྱོང་ལེགས་པར་གྲུབ།

  • རྒྱལ་ཁབ་སྦྲག་སྲིད་ཅུའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་དང་པོ་ནས་བརྒྱད་པའི་བར་རྒྱལ་ཡོངས་ཀྱི་སྦྲག་སྲིད་ལས་རིགས་ཀྱི་སྦྲག་བསྐུར་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར1009.6ཟིན་ཞིང་། དུས་མཚུངས་ལས13.1%འཕར་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་རང་རྒྱལ་གྱི་མངའ་ཁོངས་ནང་གི་སྦྲག་སྐྱེལ་གྲུ་ཁ་ནས་འགྲོ་འོང་བྱེད་པའི་རྒྱལ་སྤྱིའི་སྦྲག་སྐྱེལ་གྲུ་གཟིངས་ཀྱི་སྐྱེལ་འདྲེན་ཕྱོགས་ཡོངས་ནས་སླར་གསོ་བྱེད་དགོས་པའི་བརྡ་ཐོ་བཏང་།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་སོགས་སྡེ་ཚན་གསུམ་གྱིས་དུས་ཡུན་ལོ་གཅིག་རིང་ཁྲིམས་འགལ་ངང་ཕྱི་འཛུལ་དངོས་རིགས་ནང་འདྲེན་བྱེད་པའི་ཉེས་པ་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་ཤིང་། ཕྱི་འཛུལ་དངོས་རིགས་འགག་སྒོ་ནས་ནང་འདྲེན་བྱེད་པར་སྔོན་འགོག་མཐའ་གཅིག་ཏུ་བྱ་རྒྱུ་རེད།

  • ཕྱི་འབྲེལ་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་རྒྱལ་ཁབ110ལྷག་ཙམ་གྱི་འཐུས་མི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་རྒྱུའི་གཏན་འཁེལ་བྱས་པ་རེད།

  • ཚེས19ཉིན། “ཞི་མཐུན་འགན་འཁྲི—2023”གྱི་ལས་འགན་སྒྲུབ་པར་སྐྱོད་པའི་མཚོ་དམག་གི“ཞི་བདེའི་གྲུ་གཟིངས”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཀྲོའུ་ཧྲན་དུ་ཕྱིར་ལོག ད་ཐེངས་ཀྱི་ལས་འགན་གྱི་དུས་ཡུན་ཉིན79ཡིན་པ་དང་། མང་ཚོགས་མི་ཐེངས41358ལ་སྨན་བཅོས་བྱས།

སྤྱི་ཚོགས།

  • ཚེས19ཉིན་ནས་ཚེས21ཉིན་བར། མཁའ་རླུང་གྲང་མོ་དང་ཆར་པ་བབས་པའི་ཤུགས་རྐྱེན་འོག ལྷོ་བྱང་ཕྱོགས་ཀྱི་ས་ཆ་མང་པོའི་དྲོད་ཚད་མར་ཆག་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད8~10℃མར་ཆག་རྒྱུ་རེད།

  • འགྲུལ་པའི་དགོས་མཁོར་གཞིགས་ནས་ལྕགས་ལམ་སྡེ་ཚན་གྱིས་རྒྱལ་སྟོན་གུང་གསེང་རིང་འགྲུལ་སྐྱེལ་མེ་འཁོར100ལྷག་ཙམ་ཇེ་མང་དུ་གཏང་རྒྱུ་བཀོད་སྒྲིག་བྱས་ཤིང་། མེ་འཁོར་དེ་དག་ཟླ9པའི་ཚེས28ཉིན་གཏང་རྒྱུ་རེད།

  • རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཉེན་ཁའི་དྲན་སྐུལ་བྱས་དོན། “མ་གནས་སྲུང་ཞིང་སྐྱེད་ཀ་མཐོ”ཞེས་པ་དང“ཆེད་མཁས་པས་འགན་ལེན་བྱེད”སོགས་ཚང་མ་དྲ་རྒྱའི་མ་འཇོག་དང་རྒྱུ་ནོར་བདག་གཉེར་རྫུས་མའི་རིགས་ཀྱི་མགོ་སྐོར་གཏོང་བའི་རྒྱུན་མཐོང་གི་ཐབས་ལམ་ཡིན་པས་དོགས་ཟོན་ཆེ་རུ་གཏོང་དགོས་ཟེར།

  • ཚེས19ཉིན། ཅང་ཞི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་རེན་གཞོན་པ་ཀུང་ཅན་ཧྭ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་སྟེ། ཀུང་ཅན་ཧྭ་ལ་དུས་བཀག་བཙོན་འཇུག་ལོ་བཅོ་ལྔའི་ཁྲིམས་ཐག་བཅད།

  • ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཚེས19ཉིན་མགོ་བརྩམས་པ་དང་། ཉིན་དེའི་དགོང་མོར་མཇུག་གྲིལ་བའི་རྐང་རྩེད་སྤོ་ལོའི་ཚན་ཆུང་འགྲན་སྡུར་ནང་། ཀྲུང་གོའི་སྐྱེས་པའི་རྐང་རྩེད་སྤོ་ལོའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་རུ་ཁག་གིས་སྡུར་གྲངས5:1གི་ཐོག་ནས་རྒྱ་གར་རུ་ཁག་ལས་རྣམ་པར་རྒྱལ།

    3.jpg

  • རང་རྒྱལ་གྱིས་བཟོས་པའི་སྦྲག་སྐྱེལ་གྲུ་གཟིངས་ཆེ་གྲས་ཐོག་མ་སྟེ། ཨའེ་ཏ·འཕྲུལ་གྲོང་རྟགས་ཅན་དེ2024ལོའི་ཟླ1པོའི་ཚེས1ཉིན་ཧྲང་ཧའེ་ཝུའུ་སུང་ཁོའུ་རྒྱལ་སྤྱིའི་སྦྲག་སྐྱེལ་གྲུ་གཟིངས་གྲུ་ཁ་ནས་མཚོ་སྐྱོད་བྱེད་མགོ་བརྩམ་རྒྱུ་རེད།

  • ཧྲན་ཞི་ཆུས་ཝེས“མི400ལྷག་ཙམ་སྟོན་མོར་ཞུགས་པ་ལས་མི་བརྒྱ་ཙམ་ལ་དུག་ཕོག་པའི”དོན་རྐྱེན་ལ་ལན་སློག་པ་སྟེ། ནད་པ61དྲག་ཡོད་པ་དང་། ད་ལྟ་དོན་རྐྱེན་བྱུང་རྐྱེན་རྩར་གཅོད་དང་དེ་ལ་གཞོགས་འདེགས་བྱེད་མུས་ཡོད་ཅེས་བསྟན།

  • ཀོང་ཏུང་མཚོ་དོན་ཅུས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་པ་སྟེ། ཚེས20ཉིན་གྱི་ཆུ་ཚོད7པ་ནས་ཚེས21ཉིན་གྱི་ཆུ་ཚོད22བར། ལྷོ་རྒྱ་མཚོའི་མཚོ་ཁོངས་ཁག་ཅིག་ལ་མེ་མདའ་འཕེན་པའི་འཁྲབ་སྦྱོང་བྱ་རྒྱུ་ཡིན་པས་མཚོ་སྐྱོད་བྱ་མི་ཆོག་ཅེས་བསྟན།

    4.jpg

  • ཉེ་ཆར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་གླ་བ(马麝)རྨ་ཆུའི་ཆུ་མགོ་ཁུལ་དུ་མངོན།

    སྲིད་ཇུས།

  • པེ་ཅིང་གིས་ཚན་རྩལ་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་གི་གསོ་སྦྱོང་གི་སྔོན་དུ་བསྡུ་བའི་གྲོན་དངུལ་ཚང་མ་ལྟ་སྐུལ་དོ་དམ་ནང་བཅུག་སྟེ། ཐད་ཀར་ཆེད་སྤྱོད་དོ་དམ་རྩིས་ཁྲའི་ནང་འཇོག་དགོས་པ་ཁ་གསལ་བཏོན།

  • ཅི་ལིན་གྱིས2023ལོའི་ལོ་འཁོར་གྱི་ལས་རྨས་འགན་བཅོལ་གྱི་ཐོབ་ཐང་ཚད་གཞི་མཐོ་རུ་བཏང་བ་སྟེ། རྨས་སྐྱོན་རིམ་པ་དང་པོར་ཟླ་རེར་མི་རེར་སྒོར182རེ་ཇེ་མང་དུ་བཏང་ཡོད།

  • ཅང་སུའུ་ཡིས་ཡིག་ཆ་བཀྲམ་སྟེ། ཁེ་ལས་ཀྱིས2023ལོའི་མཐར་ཕྱིན་སློབ་མ་དང་། སློབ་མཐར་ཕྱིན་ནས་ལོ་གཉིས་ནང་ལས་ཞུགས་མ་ཐུབ་པའི་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་དུ་བཅུག་པ་ལ། ཆ་རྐྱེན་དང་མཐུན་ཚེ་མི་རེར་སྒོར1500ཡི་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་སྐྱེད་ཀྱི་ཁ་གསབ་སྤྲོད་རྒྱུ་ཡིན་ཟེར།

    དེ་རིང་གི་གནམ་གཤིས།

    5.jpg

  • ཁྲུང་ཆིང་དང་། ཧུའུ་པེ། ཧུའུ་ནན་བཅས་ཀྱི་ནུབ་བྱང་རྒྱུད། ཀུའེ་ཀྲོའུ་ཡི་བྱང་རྒྱུད། སི་ཁྲོན་གྱི་ལྷོ་རྒྱུད་དང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན་པ་དང་། དེ་དག་ལས་ཧུའུ་པེའི་ལྷོ་རྒྱུད་དང་། ཁྲུང་ཆིང་གི་དབུས་ཤར་རྒྱུད། ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།