དེ་རིང་ནི2024ལོའི་ཟླ12པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ཀྱིས་མདའ་བཞི་རྫོང་དུ་བརྟག་ཞིབ་གནང་།

2023-09-20 09:53:40   |   4543

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མཚོ་བྱང་མདོ་ལ་ཚགས་པར།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཟླ9ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཧྲིང་ཡོན་མདའ་བཞི་རྫོང་དུ་ནོར་ལུག་བཤས་རར་གཏོང་བ་དང་སྟོན་འབྲུ་བསྡུ་ལེན། དེ་བཞིན་རོང་འབྲོག་པ་དང་དབུལ་སྒྲོལ་མང་ཚོགས་ཀྱི“ཡོང་འབབ་གཉིས”མཐོ་རུ་ནུས་ལྡན་གཏོང་བ་དང་། “འཛད་སྤྱོད་དབུལ་སྐྱོར”སོགས་ཀྱི་གཙོ་གནད་ལས་དོན་སོགས་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས།

1.jpg

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་སོགས་མདའ་བཞི་རྫོང་ཁུའུ་ཁུའུ་ནུའོ་ཨར་བཟའ་བཅའ་ཚད་ཡོད་ཀུང་སི་དང་། བོད་ལུག་གསོ་ཚགས་རྟེན་གཞི། ཕྱུགས་ཟོག་ཉོ་ཚོང་ཁྲོམ་ར་བཅས་སུ་མདའ་བཞི་རྫོང་གི་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད་ཀྱི”ལེ་ལག་ཚང་བའི་ལས་གྲྭ་ལེགས་གྲུབ་བྱས་ཚུལ་ལ་གསན་པ་དང་ནོར་ལུག་བཤས་རར་བཏང་བའི་གྲངས་འབོར་དང་། སྐམས་ལུག་ཤའི་རིན་གོང་། ཕྱིར་ཚོང་ཐབས་ལམ་སོགས་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་མ་ཟད། ཁེ་ལས་ཀྱི་འགན་འཁུར་བ་དང་མཉམ་དུ་ཐོན་ལས་འཕེལ་རྒྱས་དང་། འཁོར་ཁང་རིམ་སྤོར། སྤུས་རྟགས་གསར་གཏོད་སོགས་ཀྱི་ལས་དོན་ལ་གྲོས་བསྡུར་བྱས། གསེར་ཐང་ཡུལ་ཚོ་སྟོང་མདའ་གྲོང་ཚོ་དང་ཚང་ཁའེ་གྲོང་ཚོའི་ཡུལ་དངོས་ནས་ནས་དང་ལོག་དཀར་སོགས་ཞིང་ལས་སྐྱེ་དངོས་ཀྱི་སྟོན་བསྡུ་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཞིང་དུད་ཀྱི་ཡོང་འབབ་གྲུབ་ཆར་ཤེས་རྟོགས་ཞིབ་ཕྲ་བྱས། ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས་རོང་འབྲོག་པ་དང་དབུལ་སྒྲོལ་མང་ཚོགས་ཀྱི “ཡོང་འབབ་གཉིས”མཐོ་རུ་གཏོང་བར་མཛུབ་ཁྲིད་རང་བཞིན་གྱི་བསམ་འཆར་བཏོན་པ་དང་བཀོད་སྒྲིག་ཞིབ་ཕྲ་བྱས།

2.jpg

ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་གི་ནོར་ལུག་བཤས་རར་གཏོང་བ་དང་སྟོན་འབྲུ་བསྡུ་ལེན། ཕྱུགས་ཟོག་ཉོ་ཚོང་ཁྲོམ་ར་ནུས་ཆེ་བསྐྲུན་པ་སོགས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། གཅིག་ནས་ཞིང་ཆེན་དང་ཁུལ་ཨུའི“འཛད་སྤྱོད་དབུལ་སྐྱོར”གྱི་བྱ་སྤྱོད་ཇུས་གཞི་དང་ནོར་ལུག་བཤས་རར་གཏོང་བའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་ནན་པོ་བྱེད་པ་དང་། སྲིད་གཞུང་གིས་ཞིང་དུད་ལ་ཞབས་འདེགས་ཞུ་བ་དང་ཁྲོམ་རར་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་པ། ཁ་གཏད་རོགས་སྐྲུན་ལས་སྟེགས་ཡག་པོ་སྤྱོད་པ། ནོར་ལུག་འཛད་སྤྱོད་ཁྲོམ་ར་དང་འབྲེལ་མཐུད་གནད་སྨིན་བྱེད་པ། “མཚོ་སྔོན་པོའི་འབྲི་གཡག་དང་བོད་ལུག”གི་ཞིང་ཕྱུགས་སྤུས་རྟགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད” ཀྱི་ལེ་ལག་ཚང་བའི་བཟོ་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཕན་འབྲས་མཐོ་བའི་ཕྱུགས་ལས་འཕེལ་རྒྱས་གཏོང་བ་བརྒྱུད་རོང་འབྲོག་པའི་ཡོང་སྒོ་རྒྱུན་མཐུད་ངང་གོང་འཕར་ཡོང་བ་བྱེད་དགོས། གཉིས་ནས་རྫོང་ཁོངས་ཀྱི་ཐོན་ཁུངས་སྔོག་འདོན་གང་ལེགས་དང་མི་མངོན་པའི་ལེགས་ཆ་གང་ལེགས་སྤྱད་དེ་ཁེ་ལས་འཕེལ་རྒྱས་ཀྱི་ངེས་གནས་དང་། རྒྱུན་མཐུད་སྒྱུར་བཀོད། ཐོན་རྫས་སྤུས་ཚད་ཀྱི་འགག་སྒོ་སྲུང་བ། སྤུས་རྟགས་ཐུམ་སྒྲིལ་ཁྱབ་གདལ་གཏོང་བ་སོགས་ཀྱི་ཐད་རོགས་རམ་བྱས་ཏེ། དབང་ཆ་དང་རྒྱུ་ནོར་གྱི་འབྲེལ་བ་སྔར་བས་ཁ་གསལ་བཟོས་ནས་ས་གནས་དེ་གའི་ཞིང་ཕྱུགས་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་པའི་ཁེ་ལས་ཀྱིས་ཚན་རིག་དང་མཐུན་པའི་གཉེར་སྐྱོང་དང་། ཡུན་རིང་གི་འཕེལ་རྒྱས་ལ་ཁྲིད་སྟོན་དང་རོགས་སྐྱོར་བྱེད་དགོས། གསུམ་ནས་ཞིང་བའི་སྟོན་བསྡུ་ལ་དལ་འགྱངས་མི་བྱེད་པར་ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་འཕྲུལ་བཀོད་སྒྲིག་བྱེད་པ་དང་། ཞིང་ལས་ཐོན་སྐྱེད་ལག་རྩལ་གྱི་རྗེས་སྙེག་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འབྲུ་རིགས་ཁྲོམ་རའི་ཆ་འཕྲིན་མཉམ་སྤྱོད་དང་། གནམ་གཤིས་སྔོན་བརྡ་གཏོང་བ། སྟོན་བསྡུའི་བདེ་འཇགས་ཐོན་སྐྱེད་སློབ་གསོ་དྲིལ་བསྒྲགས་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ། སྟོན་འབྲུ་མྱུར་བསྡུའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས“ལོ་ལེགས་ཡོང་རེ་ཡོད”པ་དེ“ལོ་ལེགས་ལག་འབྱོར་ཡོང་བར”བྱེད་དགོས་པ་བསྟན།

3.jpg

ཀྲང་ཧྲིང་ཡོན་གྱིས་ཐོན་ལས་ཀྱི་བཀོད་པ་སྔར་བས་ལེགས་སུ་གཏོང་བ་དང་། ལེགས་ཆའི་ཐོན་ལས་ཁྱུ་ཚོགས་མགྱོགས་མྱུར་བསྐྲུན་པ། བཤས་རར་གཏོང་དང་ལས་སྣོན། འཁྱགས་སྦྱོར། ཟོག་འགྲེམས། ཕྱིར་ཚོང་སོགས་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་འཕེལ་རྒྱས་གཏོང་སྟངས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་མདའ་བཞི་རྫོང་གི་བོད་ལུག་གསོ་ཚགས་རྟེན་གཞི་དང་ཕྱུགས་རིགས་ཉོ་ཚོང་ཁྲོམ་ར་སོགས་གཙོ་གནད་ཞིང་ཕྱུགས་ཐོན་ལས་རྣམ་གྲངས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་བར་འབྲེལ་འདྲིས་དང་ཞིང་ལས་ལ་སྣེ་ཁྲིད་བྱེད་པའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་གཏོང་བ། དབུལ་སྒྲོལ་མི་འབོར་དང་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་བརྟན་པོའི་ངང་འཕར་བར་བྱེད་དགོས། སྟོན་བསྡུའི་འགག་རྩའི་དུས་སྐབས་ལ་དམ་པོར་དམིགས་ནས་ཞིང་ཕྱུགས་སྡེ་ཚན་གཙོ་བོར་བྱེད་པ་དང་རྫོང་དང་ཡུལ་ཚོ་ཁག་གཙོ་གནད་དུ་བྱས་ཏེ། འཕྲུལ་ཆས་དང་མི་ཤུགས་སྒྲིག་འཛུགས་ཧུར་ཐག་བྱས་ནས་སྟོན་བསྡུའི་ལས་དོན་སྤེལ་བ་དང་། གནམ་གཤིས་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་བྱེད་པ། དུས་ཐོག་ཏུ་བསྡུ་ལེན་བྱེད་པའི་སྔོན་ཇུས་ལེགས་སྒྲིག་བྱེད་པ། འབྲུ་རིགས་བདེ་འཇགས་འགན་ལེན་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་སྟོན་འབྲུ་བདེ་བླག་ངང་བསྡུ་ལེན་བྱེད་དགོས་པའི་བླང་བྱ་བཏོན།

4.jpg

ཝང་ཡུང་ཁྲང་དང་། སངས་འབུམ། ཀརྨ་ཚེ་རིང་། ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་། དེ་བཞིན་མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་བརྟག་ཞིབ་གནང་བར་ཕེབས་རོགས་བྱས།


མཉམ་སྤྱོད།