དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ལྟེ་བའི་ས་ཁུལ་གྱི་གནས་སྤོས་དུད་ཚང23སྡོད་ཁང་གསར་པར་གཞིས་སྤོར་བྱས།

2023-09-20 10:44:34   |   3150

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མཚོ་བྱང་མདོ་ལ་ཚགས་པར།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཉེ་ཆར། འཇུ་ལག་རྫོང་ནགས་རྩྭ་ཅུ་དང་འཇུ་ལག་རྫོང་ཁང་པ་བསྡུ་ལེན་བཀོད་སྒྲིག་གཞུང་ལས་ཁང་། སེམས་ཉིད་ཡུལ་ཚོ།  འབྲུ་གུ་ཡུལ་ཚོ་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཇུ་ལག་ཡུག་ཁུལ་གྱི་སྐྱེ་ཁམས་གནས་སྤོས་ཡུལ་མིའི་གནས་སྤོ་བཀོད་སྒྲིག་རྣམ་གྲངས་ཀྱི་གནས་སྤོས་དུད་ཚང་ཁག་དང་པོའི་ཁང་པ་བགོ་པའི་མཛད་སྒོ་འཚོགས།

2.jpg

3.jpg

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཇུ་ལག་ཡུག་ཁུལ་གྱི་སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་རྣམ་གྲངས་ཁག་དང་པོའི་ཁང་པ་བགོ་བར་ཞུགས་པའི་གནས་སྤོས་ཡུལ་མི་ནི་སེམས་ཉིད་ཡུལ་ཚོའི་དུད་ཚང7དང་འབྲུ་གུ་ཡུལ་ཚོའི་དུད་ཚང16ཡོད་པ་དང་། ཁྱོན་སྡོམ་དུད་ཚང23ཡོད་པ་རེད། བཀོད་སྒྲིག་ཁང་པ་དེ་རྒྱ་མདོ་གྲོང་རྡལ་མཐུན་སྒྲིལ་ཁུལ་ཆུང་གི་ཐོག་ཁང་ཨང8པ་དང་ཐོག་ཁང་ཨང9པ་ཡིན། བཀོད་སྒྲིག་ཁང་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ96.28ཅན་དང་སྨི་གྲུ་བཞི་མ135ཅན་ཡོད་པ་དེ་རིམ་པ་གཉིས་དབྱེ་ནས་རྒྱན་བླངས་ནས་ཁང་པ་འདེམ་པའི་བྱེད་ཐབས་སྤྱད་ཡོད།  ཁང་པ་འདེམ་པའི་གོ་རིམ་དང་ཁང་པ་འདེམ་རྒྱུ་དེ་རྒྱན་བླངས་ནས་ཐག་གཅོད་བྱེད་རྒྱུ་མ་ཟད།  རྒྱན་བླངས་པའི་མཇུག་འབྲས་དེ་ས་དེ་ནས་ཁྱབ་བསྒྲགས་བྱེད་པ་དང་ཡིག་ཚགས་བཟོ་བ། གསར་འགོད་པའི་བརྙན་བླངས་ནས་ཟིན་ཐོ་བཀོད་ཡོད། འབྲེལ་ཡོད་ཚན་པ་ཁག་གིས་ཤུགས་སྒྲིལ་མཉམ་ལས་བྱས་པ་བརྒྱུད། ཁང་པ་བགོ་བའི་འབྲེལ་ཡོད་གཏན་འབེབས་དང་བརྒྱུད་རིམ་ལག་བསྟར་ནན་པོ་བྱས་ནས་བརྒྱུད་རིམ་ཧྲིལ་བོར་ཁ་གསལ་ཡོང་བ་བྱས་ཡོད།


མཉམ་སྤྱོད།