དེ་རིང་ནི2024ལོའི་ཟླ10པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གིས་བརྗོད་དོན་སློབ་གསོའི་བཀོད་སྒྲིག་ཚོགས་འདུ་བསྡུས།

2023-09-20 10:58:09   |   2208

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


      ཟླ9བའི་ཚེས18ཉིན།རྐང་ཚ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བཀོད་སྒྲིག་ཚོགས་འདུ་འཚོགས།ཚོགས་འདུའི་སྟེང་།ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ལ།ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་སྐོར་ཁག་དང་པོའི་བརྗོད་དོན་སློབ་གསོའི་ཕྱོགས་སྡོམ་དང་སྐོར་ཁག་གཉིས་པའི་བརྗོད་དོན་སློབ་གསོའི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན། ཁུལ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བཅས་ལ་ནན་ཏན་གྱིས་སློབ་སྦྱོང་བྱས་ཤིང་།རྫོང་ཡོངས་ཀྱི་བརྗོད་དོན་སློབ་གསོའི་བྱ་བ་བཀོད་སྒྲིག་དངོས་འབེབས་བྱས།

རྫོང་ཨུའི་ཧྲུའུ་ཅིའམ་རྫོང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲུའུ་ཁྲིན་ཆིན་དང་།ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་སློབ་སྟོན་ཚན་ཆུང་ལྔ་བའི་ཁོངས་མི་ཀྲུའུ་ཀྲིན་ཆིན་གཉིས་གྱིས་གསུང་བཤད་གནང་། རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན། རྫོང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་སྐོར་ཁག་དང་པོའི་ཚན་གཙོ་སྟག་ལྷས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་གཞུང་དོན་ཁང་གི་དག་ཐེར་བཅོས་སྒྲིག་ཚན་ཆུང་གི་ཁོངས་མིའམ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ལས་བྱེད་ལྟ་སྐུལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ། རིམ་པ་གཉིས་པའི་རྟོག་ཞིབ་པ་ཅིན་དཔེ། ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་སློབ་སྟོན་ཚོན་ཆུང་ལྔ་བའི་ཁོངས་མིའམ། མཚོ་སྔོན་ཁྲང་ཨན་ཚད་ཡོད་ཀུང་སིའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཡང་ལེན་ཏིག ཁུལ་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་དོན་ཁང་ཕྱོགས་བསྡུས་ཚན་ཆུང་དང་པོའི་ཁོངས་མིའམ། ཁུལ་སྤྱི་བདེ་ཅུ་ཡི་ཆབ་སྲིད་པུའུ་ཡི་རིམ་པ་བཞི་བའི་དཔོན་དམག་མའོ་ཙི་ཧོ་སོགས་ཚོགས་འདུར་ཞུགས་ཡོད།རྫོང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། རྫོང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་བང་ཧྲིག་ཏིག་གིས་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སྐོར་ཁག་དང་པོའི་ཕྱོགས་སྡོམ་དང་སྐོར་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན། དེ་བཞིན་ཁུལ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱས་པའི་བརྗོད་དོན་སློབ་གསོའི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་བྱས།

3.jpg

ཀྲུའུ་ཁྲིན་ཆིན་གྱིས་རེ་བར། རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བརྗོད་དོན་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་ལེན་པ་དང་། བསམ་བློ་དང་བྱ་སྤྱོད་གཉིས་གཞི་གཅིག་ཏུ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཏང་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་གྱི་གཙོ་རྐང་དང་རྩ་བའི་ལས་འགན་དེ་ཁོང་དུ་ཆུད་པ་བྱ་དགོས་ལ། ལས་བྱེད་པས་བསྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་པོ་ཡིན་ལ་རང་གཅུན་ནན་པོ་ཡིན་དགོས་པ་བཅས་བརྒྱུད་རིམ་ཧྲིལ་བོར་དམ་འཛིན་བྱས་ཏེ།རིགས་པའི་གཞུང་ལུགས་སློབ་སྦྱོང་དང་།བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། དག་ཐེར་ཡོ་བསྲང་ལ་ལྟ་ཞིབ། སྒྲིག་སྲོལ་འཛུགས་པ་སོགས་ཀྱི་གཙོ་གནད་བྱེད་ཐབས་མཉམ་འདྲེས་དམ་ཚགས་དང་གཞི་གཅིག་ཏུ་སྐུལ་འདེད་གཏོང་བར་རྒྱུན་འཁྱོངས་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བ་དང་སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་དར་བའི་དམིགས་འབེན་བླང་བྱ་ལྟར་དུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཕུགས་བསམ་བརྟན་པོ་དང་ཏང་གཤིས་སྦྱོང་བརྡར། ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས།

ཀྲུའུ་ཁྲིན་ཆིན་གྱིས་བསྟན་དོན།བརྗོད་དོན་སློབ་གསོའི་དམིགས་ཚད་ལ་དམ་པོར་དམིགས་ནས། ཐོག་མཐའ་བར་གསུམ་དུ་དམིགས་ཚད་ཕྱོགས་སྟོན་དང་། གནད་དོན་ཁ་ཕྱོགས། ཕན་འབྲས་ཁྲིད་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། ནུས་ཤུགས་གཅིག་སྒྲིལ་གྱིས་རྩ་བ་བརྟན་པོ་འཛུགས་པའི་ཐད་འབད་བརྩོན་བྱེད་དགོས།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་།དགོངས་པ་གལ་ཆེན་དེའི་ནང་དོན་གཙོ་བོ་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱས་ཏེ་སློབ་སྦྱོང་ཕྱིས་ཕྱིན་དང་གོ་བ་གཏིང་ཟབ་བླངས་ནས་ཆབ་སྲིད་ཀྱི་ནུས་པ་དང་།བསམ་གཞིག་གི་ནུས་པ། ལག་ལེན་གྱི་ནུས་པ་མཐོ་རུ་གཏོང་དགོས།  ཀུན་སྤྱོད་དང་ལྷག་བསམ་ལྡན་པའི་ཐད་འབད་བརྩོན་བྱེད་དགོས། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་རྐང་ཚར་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་སློབ་སྦྱོང་དང་གོ་བ་ཡང་དག་བླངས་ཏེ་དུས་དང་རྣམ་པ་ཀུན་ཏུ་འགན་འཁྲི་འཁུར་སེམས་དང་སྙིང་སྟོབས་ཆེན་པོས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་གཤིས་རྒྱུད་ལྡན་དགོས་པའི་ཁར། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་བ།རང་གཅུན་ནན་པོ་བཅས་ནི་དུས་ནམ་ཡང་ལག་ལེན་ཏུ་བསྟར་དགོས།དངོས་སྒྲུབ་འགན་འཁུར་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱེད་དགོས།དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་མཐོ་ས་དང“ས་ཁུལ་བཞི”འི་ཐོན་ལས་འཛུགས་སྐྲུན་བྱེད་པ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཐོག་མའི་བསམ་འདུན་དང་འགན་འཁྲི་འཁུར་བའི་ཆབ་སྲིད་ཀྱི་ལས་འགན་ལ་དམ་པོར་དམིགས་ནས་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་སྔར་བས་གཅིག་ཏུ་སྒྲིལ་བ་དང་དངོས་སྒྲུབ་ཀྱི་གྲུབ་འབྲས་ཀྱིས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་སྤྲོད་དགོས།དམིགས་ཚད་ལག་ལེན་བསྟར་ནས་དམངས་ལ་བདེ་སྐྱིད་སྐྲུན་པའི་ཐད་འབད་བརྩོན་བྱེད་དགོས།དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས། མི་རིགས་མཐུན་སྒྲིལ་ཡར་ཐོན། བདེ་འཇགས་རྐང་ཚ་འཛུགས་སྐྲུན།ཤང་དང་གྲོང་རྡལ་གྱི“ཡོད་པ་བཅུའི”ལས་གྲྭ།ཞིང་ཕྱུགས་ལས་ཕྱོགས་བསྡུས་བསྒྱུར་བཅོས། སློབ་གསོ་སློབ་ཁྲིད་དང་དེ་བཞིན་སློབ་གྲྭའི་དོ་དམ་གྲུབ་འབྲས་དཔྱད་འཇོག་བསྒྱུར་བཅོས། སྨན་བཅོས་འཕྲོད་བསྟེན་བསྒྱུར་བཅོས་སོགས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་ལས་དོན་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་གྲུབ་འབྲས་གསར་པར་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པ།སྤྱོད་གཙང་གཞུང་དྲང་གིས་སྲོལ་གསར་གཏོད་པའི་ཐད་འབད་བརྩོན་བྱེད་དགོས།དམིགས་ཚད་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཀང་གིས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་དཔོན་རིགས་ནན་པོས་སྐྱོང་བའི“དྲི་བ་དྲུག”དང་། ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་གི“དྲུག་ཁག་གཅིག” ཁུལ་ཡོངས་དང་རྫོང་ཡོངས་ཀྱི་སྤྱོད་ཚུལ་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་སོགས་བྱ་སྤྱོད་ཀྱི་ཞིབ་ཕྲའི་བླང་བྱའི་ཚད་གཞི་ལྟར་དུ། བྱེད་ཐབས་ནན་པོ་དང་ངང་ཚུལ་ནན་པོ་ཡུན་རིང་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། 

        ཀྲུའུ་ཁྲིན་ཆིན་གྱིས་ནན་གྱིས་བསྟན་དོན།ཏང་ཨུ་ཁག་དང་ཏང་རྩ་འཛུགས་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་དང་རྫོང་ཨུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པ་དང་། བརྗོད་དོན་སློབ་གསོར་སྤུས་ཚད་མཐོ་བའི་ཕན་འབྲས་ལེན་པར་ཁག་ཐེག་བྱ་དགོས།རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུར་དམ་འཛིན་བྱ་དགོས།ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དང་བྱེད་པ་དང་། ཞིང་ཆེན་དང་ཁུལ། རྫོང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བརྗོད་དོན་སློབ་གསོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས་པའི་ཕན་འབྲས་ཐོན་པ་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ།འགོ་ཁྲིད་ལས་བྱེད་པས“1+10”གཞི་རིམ་ལ་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ། བརྟག་ཞིབ་ཀྱི་རྨང་གཞིའི་ཐོག་ཞིབ་འཇུག་གཏིང་ཟབ་བྱས་ཏེ་བརྟག་ཞིབ་གྲུབ་འབྲས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལྟ་ཞིབ་ལེགས་བཅོས་དམ་འཛིན་བྱེད་པ།ཕྱོགས་ཡོངས་དང་མ་ལག་རང་བཞིན་གྱི་སྒོ་ནས་གནད་དོན་ལེགས་སྒྲིག་དང་དག་ཐེར་ལེགས་བཅོས་ཀྱི་གསལ་ཐོ་བཟོས་ཏེ། དག་ཐེར་ལེགས་བཅོས་བྱེད་ཐབས་རེ་རེ་ཞིབ་ཕྲ་འགོད་པ་དང་། ཏང་གཤིས་དབྱེ་ཞིབ་གཏིང་ཟབ་བྱེད་པ། ཕན་ཚུན་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་ནས་བསམ་བློའི་འབྱུང་རྩའི་ཐོག་ནས་རྒྱུ་རྐྱེན་དབྱེ་ཞིབ་དང་ཧེ་བག་འཚོལ་ཞིབ། གནད་དོན་ཐག་གཅོད་བཅས་བྱེད་པར་ཤུགས་རྒྱག་དགོས།སྒྲིག་སྲོལ་དང་ལམ་ལུགས་འཛུགས་རྒྱུ་དམ་འཛིན་བྱེད་པ། བརྗོད་དོན་སློབ་གསོའི་ཁྲོད་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དུས་ཐོག་ཏུ་ཕྱོགས་བསྡོམས་གདམ་གསེས་བྱས་ཏེ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བའི་ཡུན་ཕན་ལམ་སྲོལ་བཙུགས་ནས་དགོངས་དོན་སློབ་པ་དང་ཏང་གཤིས་སྐྱོང་བ། ལག་ལེན་བསྟར་བ། གྲུབ་འབྲས་གསར་པ་ལེན་པ་བཅས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་དོན་འཁྱོལ་ཐུབ་པ་བྱ་དགོས།

4.jpg

ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་སློབ་སྟོན་ཚན་ཆུང་ལྔ་བའི་ཁོངས་མི་ཀྲུའུ་ཀྲིན་ཆིན་གྱིས་བསྟན་དོན།  ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པར་དགོངས་དོན་སློབ་པ་དང་ཏང་གཤིས་སྐྱོང་བ། ལག་ལེན་བསྟར་བ། གྲུབ་འབྲས་གསར་པ་ལེན་པ་བཅས་ཀྱི་སྤྱིའི་བླང་བྱར་རྩེ་གཅིག་ཏུ་དམིགས་ནས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དང་རིགས་དབྱེ་མཛུབ་སྟོན། རྨང་རྩ་གཉིས་བརྟན། གཅིག་གྱུར་མཐུན་སྦྱོར། ལྟ་སྐུལ་མཛུབ་སྟོན་བཅས་ལ་སྔར་བས་དོ་སྣང་ཆེན་པོ་བྱ་དགོས་ལ། གཙོ་གནད་བྱེད་ཐབས་ལྔ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ལས་འགན་ཁག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནང་དོན་གལ་ཆེན་དུ་བརྩིས་ཏེ།  ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བ་དང་།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་གསར་པའི་སྙིང་སྟོབས་ཀྱི་མཐོ་ས་ལག་ལེན་བསྟར་བ་བཅས་ལག་ལེན་གྱི་གཞི་རྟེན5འབུར་དུ་ཐོན་པར་བྱས་ཏེ། ལས་བྱེད་པས་བསྒྲུབ་པ་དང་བསམ་ཕྱོགས་གསལ་བོ།རང་གཅུན་ནན་པོ་བཅས་ཀྱི་བླང་བྱ་གལ་ཆེན་བརྗོད་དོན་སློབ་གསོའི་ཁྲོད་ཁྱབ་པ་བྱེད་དགོས། སློབ་སྦྱོང་དང་བསམ་གཞིགས་ལག་བསྟར་བཅས་ལ་བརྟེན་ནས་སྒྲུབ་འདོད་པ་དང་།སྒྲུབ་ཕོད་པ། སྒྲུབ་ཤེས་པ་བཅས་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ། ཞན་ཆ་གསབ་པ་དང་ཉེན་ཁ་འགོག་པ། གནད་འགག་ལས་སྒྲོལ་བ་བཅས་ཀྱི་མང་ཚོགས་ཀྱི་རེ་སྒུག་བྱེད་བཞིན་པའི་དཀའ་ཁག་ལ་དམིགས་པ་དང་། མང་ཚོགས་ཀྱིས་་ཐེར་འདོན་བྱེད་བཞིན་པའི་ཡུན་རིང་ཐག་གཅོད་མ་ཐུབ་པའི་གནད་དོན་ལ་རྩེ་གཅིག་ཏུ་དམིགས་ནས། ཐག་གཅོད་གནད་ལ་འཁེལ་བར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

5.jpg

སྟག་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བསྟན་དོན། རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོར་སྐུལ་འདེད་གཏོང་བའི་མཐོ་ཚད་ཐོག་ནས་བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་དང་གོ་བ་གང་ལེགས་ལེན་དགོས་ལ།ཀྲུང་དབྱང་གིས་བཏོན་པའི་ནུས་ཤུགས་གཅིག་སྒྲིལ་གྱིས་གཞི་རྩ་བརྟན་པོ་འཛུགས་པ་དང་།གཤིས་སྤྱོད་ལེགས་པོར་སྐྱོང་བ།འབད་འཐབ་དངོས་སྒྲུབ་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།དམིགས་ཚད་ལག་ལེན་དུ་བསྟར་ནས་དམངས་ལ་བདེ་སྐྱིད་བསྐྲུན་པ། བྱེད་ཕྱོགས་ལེགས་བསྒྱུར་བྱེད་པ་སོགས་ཕྱོགས་ལྔ་ཡི་དམིགས་ཚད་གཞིར་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱབ་ཁོངས་ཁག་ལ་བཏོན་པའི་འདུ་ཤེས་གསར་པ་དང་།བསམ་བློ་གསར་པ།ཐབས་ཇུས་གསར་པ་བཅས་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་དང་ཁུལ། རྫོང་ཨུ་བཅས་ཀྱི་བརྗོད་དོན་སློབ་གསོའི་ལག་བསྟར་ཇུས་གཞིའི་བླང་བྱ་ལྟར། གཙོ་གནད་ནང་དོན་དང་ལས་སྟེགས་གལ་ཆེན། གཞི་རྟེན་གཙོ་བོ།  ལས་གནས་ཀྱི་འགན་འཁྲི་བཅས་ལ་དམ་པོར་དམིགས་ནས་སློབ་སྦྱོང་དམ་འཛིན་བྱ་དགོས། བརྟག་དཔྱད་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ལ་གནད་དོན་གྱི་གསལ་ཐོ་དང་འགན་འཁྲིའི་གསལ་ཐོ།ལས་འགན་གྱི་གསལ་ཐོ་བཅས་ལེགས་སྒྲིག་བྱས་ནས་གནད་དོན་ཐག་གཅོད་བྱེད་པའི་དུས་ཚོད་རེའུ་མིག་དང་ལམ་ཐིག་དཔེ་རིས་གཏན་འབེབས་བྱས་ཏེ། གནད་དོན་དངོས་སུ་ཤེས་རྟོགས་དང་གོང་ཞུ། ཐག་གཅོད་བཅས་བྱེད་ཐུབ་པའི་སྤུད་ཚད་མཐོ་བའི་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་ཁག་ཅིག་ཆགས་པར་འབད་བརྩོན་བྱེད་དགོས་ལ། སློབ་སྦྱོང་ལས་བློ་རིག་འཕེལ་བ།སློབ་སྦྱོང་ལས་སྤྱོད་བཟང་དར་སྤེལ། སློབ་སྦྱོང་ལས་བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གྲུབ་འབྲས་དངོས་ཐོབ་པར་བྱ་དགོས།

6.jpg

ཚོགས་འདུ་གྲོལ་རྗེས།བརྗོད་དོན་སློབ་གསོའི་གཙོ་གནད་ལས་དོན་དང་དག་ཐེར་བཅོས་སྒྲིག་ལས་དོན་ཐད་གསོ་སྦྱོང་བྱས། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་དོན་ཁང་གི་དག་ཐེར་ཡོང་བསྲང་དང་བཅོས་སྐྱོང་ཚན་ཆུང་གི་ཁོངས་མི་དང་། ཁུལ་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་དོན་ཁང་གི་ཁོངས་མི། རྫོང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིན་ཚན་ཆུང་དང་གཞུང་དོན་ཁང་གི་ཁོངས་མི། རྫོང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་རྫོང་ཁྲིམས་ཁང་། རྫོང་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་རྩ་འཛུགས་འགན་ཁུར་བློ་མཐུན་གཙོ་བོ། རྫོང་ཨུའི་སྡེ་ཁག་ཁག་དང་རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི། ཤང་གྲོང་སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་གྲོང་གཙོ། ཧྲུའུ་ཅི་གཞོན་པ། རྩ་འཛུགས་ཨུ་ཡོན། སྡེ་བ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི། གཞུང་དབང་ཁེ་ལས་ཁྱབ་ཁོངས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་བཅས་ཚོགས་འདུར་ཞུགས་ཡོད། 


མཉམ་སྤྱོད།