དེ་རིང་ནི2024ལོའི་ཟླ10པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་བསྡུས།

2023-09-20 14:39:25   |   4445

རྩོམ་སྒྲིག   སངས་དོན།   ཡོང་ཁུངས།  མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཟླ9བའི་ཚེས19ཉིན་གྱི་སྔ་དྲོར། མདོ་ལ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུའི་ཐོག་མདོ་ལ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། 《མགོ་ཁྲིད་ཚོགས་ཆུང་གི་ལས་དོན་སྒྲིག་སྲོལ》སོགས་འབྲེལ་ཡོད་ཡིག་ཆ་དང་ཇུས་གཞིར་གྲོས་ཞིབ་བྱས། རྫོང་ཨུའི་ཧྲུའུ་ཅིའམ་རྫོང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཧོ་པིན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་།

ཚོགས་འདུའི་ཐོག ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་དང་། ཏང་ཡོངས་ཀྱི་བློ་མཐུན་སྐུལ་སློང་བྱས་ནས་ཏང་གི་ལྟེ་བའི་ལས་འགན་ལེགས་སྒྲུབ་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པར་དམིགས་པའི་གལ་ཆེའི་བཀོད་འདོམས་ཡིན་ལ། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བའི་གལ་ཆེའི་བཀོད་འདོམས་ཡིན་པས། ངེས་པར་ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོ། བློ་སེམས་ཞིབ་མོས་རྩ་འཛུགས་བཅས་བྱས་ཏེ། འགན་འཁྲི་དོན་འཁྱོལ་ཤུགས་དྲག་ངང་བརྗོད་དོན་སློབ་གསོའི་ལས་འགན་ཁག་རྫོགས་པར་འགྲུབ་དགོས་ཞེས་ནན་གྱིས་བསྟན།3.jpg

ཚོགས་འདུའི་ཐོག ཚན་རིག་དང་མཐུན་པའི་སྤྱི་འདོམས་མཐའ་འཁྱོངས་སྒོས་ཚད་གཞི་མཐོ་བའི་ངང་ནས་བརྗོད་དོན་སློབ་གསོ་སྤེལ་དགོས། བརྗོད་དོན་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། “བསམ་བློ་སློབ་སྦྱོང་དང་། ཏང་གཤིས་ཤུགས་དྲག་ཏུ་གཏོང་བ། ལག་ལེན་ལ་གཙིགས་མཐོང་། བྱས་རྗེས་གསར་སྐྲུན”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོར་ཆུད་ཐོག བརྗོད་དོན་སློབ་གསོ་སྤུས་ཚད་མཐོ་བ་དང་། ཕན་འབྲས་དངོས་འདོན། མདུན་གྲལ་དུ་སྐྱོད་པ་བཅས་ལ་སྐུལ་འདེད་གཏོང་དགོས། བརྗོད་དོན་སློབ་གསོའི་མ་ལག་རང་བཞིན་དང་མཐུན་སྦྱོར་རང་བཞིན། དངོས་ཕན་རང་བཞིན་བཅས་ཏན་ཏིག་ངང་གོང་དུ་སྤེལ་དགོས། གོང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་སྒོས་སྤུས་ཚད་མཐོ་བའི་སྒོ་ནས་བརྗོད་དོན་སློབ་གསོར་སྐུལ་འདེད་གཏོང་དགོས། རྫོང་རིམ་པའི་མགོ་ཁྲིད་ཚན་པ་དང་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བྱས་ཏེ། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་བསྒྲུབ་ཐུབ་པའི་བསམ་བློའི་རྨང་གཞི་བརྟན་པོར་བཏིངས་ནས། “སྣེ་འདྲེན་ཕན་ནུས”འདོན་སྤེལ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་དོགས་ཟོན་ཆེན་པོ་བྱས་ཏེ་སྔ་སྣུར་དུ་སྔོན་དཔག་དང་། དོགས་ཟོན་ནུས་ལྡན། ཁྱད་གསོད་ཐག་ཆོད་བཅས་བྱས་ནས། “ཕྱོགས་གཉིས་དམ་འཛིན་དང་། ཟུང་འབྲེལ་གཉིས། སྐུལ་འདེད་གཉིས”བཅས་བྱེད་ཐུབ་པ་དང་། “འགག་རྩའི་ཉུང་ཤས་ཀྱི་འགག་རྩའི་ནུས་པར”བརྟེན་ནས་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་དང་ཕུལ་བྱུང་བརྩོན་ལེན་གྱི་སྙིང་སྟོབས་འཕེལ་བར་བྱེད་པ་དང་། བསམ་བློ་བཅིངས་འགྲོལ་ཆེན་པོ། སྤྱོད་ཚུལ་འགྱུར་ལྡོག་ཆེན་པོ། ནུས་ཤུགས་མཐོར་འདེགས་ཆེན་པོ། ལས་དོན་དོན་འཁྱོལ་ཆེན་པོ་བཅས་ལ་སྐུལ་འདེད་གཏོང་དགོས། ལས་དོན་འགན་འཁྲི་དོན་འཁྱོལ་སྒོས་ཕན་ནུས་ཆེ་བའི་སྒོ་ནས་བརྗོད་དོན་སློབ་གསོར་འགན་ལེན་བྱེད་དགོས། རྫོང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚོགས་ཆུང་གིས“བཀོད་འདོམས་ལྟེ་བའི”ནུས་པ་འདོན་སྤེལ་བྱས་ཏེ། བརྗོད་དོན་སློབ་གསོའི་ཁྱད་ཆོས་དང་ཆོས་ཉིད་ཧུར་ཐག་ངང་ཁོང་དུ་ཆུད་ཐོག ཚད་གཞི་མཐོ་བའི་སྒོ་ནས་སྐུལ་འདེད་དང་སྤུས་ཚད་མཐོ་བའི་སྒོ་ནས་ཕན་འབྲས་འདོན་ཐུབ་པའི་འགན་ལེན་བྱེད་དགོས། མགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་སྣེ་ཁྲིད་ཅིང་སྤྱི་ཡོངས་ལ་དམ་འཛིན་དང་གནད་དོན་ཁག་དུས་ཐོག་ཏུ་ཞིབ་འཇུག་ཐག་གཅོད་བྱས་ཏེ། ཉམས་མྱོང་དང་བྱེད་ཐབས་བཟང་བོ་ཕྱོགས་བསྡོམས་ལེགས་པོའི་སྒོ་ནས་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱེད་དགོས། ལས་དོན་ཚོགས་ཆུང་གིས་ལས་དོན་འགན་འཁྲིར་དམིགས་པ་དང་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་འགན་ལེན་བྱེད་པར་དམིགས་ནས། ཇུས་འགོད་མཛུབ་ཁྲིད་དང་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཧུར་སེམས་དང་དངོས་ཕན་རང་བཞིན་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་སྟེ། ཕན་ཚུན་གཞོགས་འདེགས་ངང་བརྗོད་དོན་སློབ་གསོའི་ལས་དོན་ཁག་ལེགས་པོར་བསྒྲུབས་ཤིང་མིག་མངས་འགྲིག་སྐོར་གཅིག་ཆགས་པ་དང་། རྡོག་རྩ་གཅིག་སྒྲིལ་བྱས་ཏེ་མགོ་ཁྲིད་ཚོགས་ཆུང་གི་ཇུས་འདོན་ལས་རོགས་པ་བཟང་བོར་འགྱུར་དགོས། མགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཁག་གིས་གཞོགས་འདེགས་དམ་ཟབ་དང་ཤུགས་སྒྲིལ་མཉམ་ལས། སྔོན་ཐོན་དཔེ་སྟོན་བཅས་བྱས་ཏེ་འགན་འཁྲི་ཡག་པོར་བསྒྲུབ་པ་དང་འགན་འཁྲི་ལེགས་པར་འཁུར་ནས་རྫོང་ཡོངས་ཀྱི་བརྗོད་དོན་སློབ་གསོ་ཐུན་མོང་ཐོག་དམ་འཛིན་ཏན་ཏིག་དང་ཕན་འབྲས་ཐོན་པར་བྱེད་དགོས་ཞེས་བླང་བྱ་བཏོན།

རྫོང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ཁག་དང་། ཁོངས་མི་ཁག མགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ལས་དོན་ཚོགས་ཆུང་ཁག་གི་ཚོགས་གཙོ་དང་ཁོངས་མི་ཡོངས་ཚོགས་འདུར་ཞུགས།


མཉམ་སྤྱོད།