དེ་རིང་ནི2024ལོའི་ཟླ10པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས།

2023-09-20 17:11:59   |   5145

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མཚོ་བྱང་མདོ་ལ་ཚགས་པར།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ9ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་ཨུའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུར་གཙོ་སྐྱོང་གནང་ནས་མཚོ་བྱང་ཁུལ་གྱི་བརྗོད་དོན་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་དང་གྲོས་ཞིབ་བྱས།

0.jpg

ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས། དུས་རབས་ཀྱི་རང་རྟོགས་བཅས་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། སློབ་སྦྱོང་དང་གསོ་སྦྱོང་གཏིང་ཟབ་བགྱིས་ནས “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང་ཐོན་ལས“ས་ཁུལ་བཞི”འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་གསར་པའི་སྙིང་སྟོབས་ལག་ལེན་བསྟར་བའི་ལག་ལེན་གཞི་རྟེན་ལྔ་དེ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པའི་གཙོ་གནད་དུ་འཇོག་པ་དང་། མཐོན་པོ་སྒང་གི་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་དང་། ཡན་ལག་བཟོ་གྲྭ་དང་པོའི་འགྲེམས་སྟོན་ཁང་། མཁའ་དམག་ས་གནམ་མེ་ཤུགས་འཕུར་མདའི་སྒེར་ཚུགས་རུ་དཔུང་བཅུ་གཉིས་པའི་སྒར་ཤུལ་སོགས་གསར་བརྗེ་སློབ་གསོའི་ཐོན་ཁུངས་ལ་བརྟེན་ནས་ཧུར་ཐག་གིས་སློབ་སྦྱོང་བརྒྱུད་ནས་བློ་རྩ་བརྟན་པོར་གཏོང་བ་དང་སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་བྱ་སྤྱོད་ཡོ་བསྲང་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་ལས་གཉེར་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་དང་ཐབས་ཤེས་བཏོན་ནས་བརྗོན་དོན་སློབ་གསོའི་གཏན་ཁེལ་བྱས་པའི་བསླབ་ཚན་ཁག་དངོས་སར་འབྱོར་བ་དང་ཚད་ཁོངས་ལས་མི་བརྒལ་བ། རང་འདེམས་བྱས་པའི་བསླབ་ཚན་ཁག་དོན་བྱ་ཡོད་པར་གཏོང་བ་དང་མངའ་ཁོངས་ལས་མི་བརྒལ་བར་ཁག་ཐེག་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་བདེན་ཐུབ་ཡིན་པར་གཏོང་བ། ཁུལ་ཨུའི་མགོ་ཁྲིད་ལས་བྱེད་པའི“1+10”གཞི་རིམ་དང་འབྲེལ་བ་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་ལམ་སྲོལ་དང“4+1+N”གྲོང་གསེབ་དར་རྒྱས་ཀྱི་འགན་གཙང་ལེན་མཉམ་འབྲེལ་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ། མགོ་ཁྲིད་ཀྱིས་སྣེ་ཁྲིད་དང་གོང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྐྱེ་ཁམས་ཕྱུགས་ལས་ཀྱི་ལེ་ལག་ཚང་བའི་བཟོ་སྐྲུན་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་དང་། བྱེ་མ། འཁྱགས་རོམ་བཅོས་སྐྱོང་། མཚོ་སྔོན་པོ་བྱང་ངོགས་ཀྱི་དམིགས་འཁྲོལ་གཉེར་སྐྱོང་ས་གནས6དང་སྤྱོད་ཁང་གསར་སྐྲུན་སོགས་ཐད་ནས་གནད་དོན་རྩད་ཞིབ་དང་དེ་ཐག་གཅོད་བྱེད་དགོས། དྲིལ་སྒྲོག་ཁྱབ་གདལ་རྒྱ་ཆེར་གཏོང་བ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་ལད་དོན་ལ་དམིགས་ནས་བརྗོད་དོན་སློབ་གསོའི་ཁྲོད་གྲུབ་པའི་ཉམས་མྱོང་དང་བྱེད་ཐབས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག  ཚན་པ་ཁག་གི་ཞིབ་ཕྲའི་བྱེད་ཐབས་དང་། ཁྱད་ལྡན་གྲུབ་འབྲས།  འཕེལ་རིམ་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་འབྲེལ་ལེགས་འདེམས་ཁྱབ་གདལ་གཏོང་དགོས་པ་བསྟན།

00.jpg

ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་བརྗོད་དོན་སློབ་གསོ་ཕྱོགས་ཡོངས་ནས་མགོ་བརྩམས་པས་རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་པ། ལངས་གནས་མཐོན་པོ་ནས་ཁུལ་ཡོངས་ཀྱི་བརྗོད་དོན་སློབ་གསོ་ཁོང་དུ་ཆུད་པར་བྱེད་པ་དང་། ཚད་གཞི་མཐོ་བའི་ཇུས་འགོད་བྱེད་པ། སྤུས་ཚད་མཐོ་བའི་སྐུལ་འདེད་གཏོང་བ། ནུས་ཕྱོད་ཆེ་བའི་འགན་ལེན་བཅས་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་བཀོད་སྒྲིག་ལྟར། ལོ་སྟོད་དུ་གཏན་ཁེལ་བྱས་པའི་དམིགས་འབེན་འགན་ཁུར་ལ་དམིགས་ནས་བརྗོད་དོན་སློབ་གསོ་དང་གཞུང་ལུགས་སློབ་སྦྱོང་། བརྟག་དཔྱད་ཞིབ་འཇུག  དག་ཐེར་ཡོ་བསྲང་། སྒྲིག་ལུགས་གསར་འཛུགས་སོགས་དཀྱིས་གཅིག་དུ་སྤེལ་བ་རྒྱུན་འཁྱོངས་དང་། བྱ་བའི་མི་འདང་ས་ཁ་གསབ་དང་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཟུང་འབྲེལ་བྱེད་པ། ཚན་རིག་གི་སྒོ་ནས་བཀོད་སྒྲིག་དང་གཅིག་གྱུར་སྒོས་སྐུལ་འདེད་བཏང་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བའི་ཐད་ཚུར་སྣང་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ལས་ཀ་དང་སློབ་སྦྱོང་གི་འགལ་བ་གཅིག་གྱུར་འཆར་འགོད་ཀྱིས་ཐག་གཅོད་ཡག་པོ་བྱེད་པ་དང་། རང་རྟོགས་ངང་ཚད་གཞི་མཐོན་པོ་འཛུགས་པ་དང་བླང་བྱ་ནན་པོ་དོན་འཁྱོལ་བྱེད་པ། དགོངས་ཞུའི་ལམ་ལུགས་དང་ཐུན་མོང་གི་སློབ་སྦྱོང་སྒྲིག་ཁྲིམས་དོན་འཁྱོལ་ནན་པོ་བྱས་ཏེ། བརྗོད་དོན་སློབ་གསོའི་ལས་དོན་ཁག་གཙོ་གནད་དུ་གཅིག་སྒྲིལ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

000.jpg

ཁུལ་གྱི་མགོ་ཁྲིད་ཧྲི་ཧུང་ཀྲེན་དང་། རུང་ཧུང་ཀྲི། གཡུ་སྒྲོན་མཚོ། ཝང་ཡུང་ཁྲང་། ལའེ་མིང་། སི་ཅི་ཧྲིང་བཅས་དང་དེ་བཞིན་ཁུལ་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཁག་ཚོགས་འདུར་ཞུགས།


མཉམ་སྤྱོད།