དེ་རིང་ནི2024ལོའི་ཟླ10པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དང་པོ་འཚོགས།

2023-09-20 17:19:42   |   1271

རྩོམ་སྒྲིག   སངས་དོན།   ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ9ཚེས19ཉིན་གྱི་ཕྱི་དྲོར།  ཁུལ་ཨུའི་རྒྱུན་ཨུའམ་རྫོང་ཨུའི་ཧྲུའུ་ཅི། རྫོང་ཨུའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་མགོ་གཙོ་སངས་འབུམ་གྱིས་རྫོང་ཨུའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དང་པོར་གཙོ་སྐྱོང་གནང་ནས་འཚོགས་པ་དང་། མགོ་ཁྲིད་ཚན་ཆུང་གི་མགོ་གཙོ་གཞོན་པ་དང་ཁོངས་མི་ཡོངས་གྲོས་ཚོགས་སུ་ཞུགས། 

999999.jpg

ཚོགས་འདུས་བསྟན་དོན། གཅིག་ནས་གཏན་འབེབས་ཀྱི་བྱ་སྤྱོད་ལ་གོ་བ་ལེན་པ་དང་ཁོང་དུ་ཆུད་པ་བྱས་ཏེ། ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་བྱེད་དགོས། མགོ་ཁྲིད་ཚན་ཆུང་དང་གཞུང་ལས་ཁང་གིས་ཀྲུང་དབྱང་དང་ཞིང་ཆེན།    ཁུལ་བཅས་ཀྱིས་རྫོང་ཨུའི་བརྗོད་དོན་སློབ་གསོ་ཐད་བཏོན་པའི་དགོངས་དོན་གསར་ཤོས་ཁོང་དུ་ཆུད་པ་དང་། གནས་ཚུལ་ཞིབ་ཕྲ་ཁོང་དུ་ཆུད་པར་བྱེད་པ། ལས་འགན་ཁག་སྔ་མོ་ནས་ཇུས་འགོད་དང་བཀོད་སྒྲིག་བྱེད་པ། ཁྱོན་ཡོངས་ནས་བསམ་བློ་གཏོང་བ་དང་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། ལས་དོན་གྱི་དྲན་སྐུལ་ཡི་གེ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ“གཏན་འབེབས་བྱ་སྤྱོད”མི་འགྱུར་བ་དང་གོ་རིམ་གྱི་ལྷུ་ཚིགས་ཉུང་དུ་མི་འགྲོ་བའི་འགན་ལེན་བྱེད་དགོས། གཉིས་ནས་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གོང་གིས་འོག་ལ་སྣེ་ཁྲིད་དེ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དང་དེ་བཞིན་ལས་དོན་ཚན་ཆུང་ཁག་གིས་ལས་ཀའི་འགན་འཁྲི་གསལ་འབྱེད་དང་། སྒྲིག་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ།  ལས་ཀའི་ལམ་སྲོལ་མཐུན་སྦྱོར་ཡོང་བ་བཅས་བྱས་ཏེ། རྫོང་ཡོངས་ཀྱི་བརྗོད་དོན་སློབ་གསོ་སྤྱི་ཡོངས་ནས་འཆར་འགོད་དང་དག་ཐེར་བཅོས་སྐྱོང་། དྲིལ་བསྒྲགས་ཁྲིད་སྟོན་སོགས་ཀྱི་ལས་འགན་གལ་ཆེན་ལེགས་པར་བསྒྲུབས་ནས་རང་འགན་རང་འཁུར་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱ་དགོས། གསུམ་ནས་རང་འགུལ་ངང་འབྲེལ་མཐུད་དང་གཞོགས་འདེགས་བྱས་ཏེ། དཔེ་མཚོན་གྱི་བྱེད་སྟངས་དུས་ཐོག་ཏུ་སྙིང་བསྡུས་བྱ་དགོས། མགོ་ཁྲིད་གཞུང་ལས་ཁང་དང་དེ་བཞིན་ལས་དོན་ཚན་ཆུང་ཁག་གིས་གོང་འོག་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་པའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། གོང་རིམ་གྱི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་དང་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་།  ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་སློབ་སྟོན་ཚན་ཆུང་ལྔ་པ་བཅས་དང་དགོངས་སྐོར་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། བརྗོད་དོན་སློབ་གསོའི་དཔེ་མཚོན་བྱེད་ཐབས་དང་ཁྱད་ལྡན་གྲུབ་འབྲས་དུས་ཐོག་ཏུ་ཕྱོགས་སྡོམ་བྱ་དགོས།

སངས་འབུམ་གྱིས་མིག་སྔར་རྫོང་ཡོངས་ཀྱི་བརྗོད་དོན་་སློབ་གསོའི་ལས་དོན་ཁག་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཤིང་།  ཐེངས་འདིའི་བརྗོད་དོན་སློབ་གསོའི་བརྗོད་བྱ་གསལ་བ་དང་བླང་བྱ་གསལ་བ།  ནང་དོན་ཕུན་སུམ་ཚོགས་པས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་ཡག་པོ་བྱེད་པ། སྒྲིག་འཛུགས་ཡག་པོ་བྱེད་པ།  ཏང་ཀྲུང་དབྱང་དང་ཞིང་ཆེན།  ཁུལ།  རྫོང་ཨུའི་གཅིག་གྱུར་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ཡག་པོ་བཅས་བྱས་ནས“སློབ་སྦྱོང་གི་བསམ་བློ་དང་ཏང་གཤིས་ཤུགས་ཆེར་གཏོང་བ། ལག་ལེན་གཙིགས་སུ་འཛིན་པ།  བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་དང“སློབ་སྦྱོང་དང་བསམ་གཞིགས།  ལག་ལེན་བཅས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པའི”རྩ་བའི་ལས་འགན་ཁོང་དུ་བརྟན་པོ་ཆུད་པ།  “སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་སྐྲུན་པ་དང་སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་དར་སྤེལ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་སྒྲུབ་པར་སྐུལ་མ་གཏོང་བ”བཅས་ཀྱི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ།  རྫོང་ཨུའི་བརྗོད་དོན་སློབ་གསོ་ཁྱོན་ཡོངས་ནས་སྤེལ་མགོ་ཚུགས་རྒྱུར་སྐུལ་འདེད་བཏང་སྟེ།  རྫོང་ཡོངས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ་བསྟན།


མཉམ་སྤྱོད།