དེ་རིང་ནི2025ལོའི་ཟླ01པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི(རྒྱ་སྐྱེད)བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ཚོགས་མགོ་བརྩམས།

2023-09-21 09:05:41   |   328

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི(རྒྱ་སྐྱེད)བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ཚོགས་མགོ་བརྩམས།  ཤ་བོ་སྐྱབས་ཀྱིས་སྐུལ་སློང་གསུང་བཤད་གནང་། ཞའེ་ཅན་ཧྭ་མཛད་སྒོར་ཕེབས། ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་ཞིང་སྣེ་ཁྲིད་དེ་སློབ་སྦྱོང་བྱས།

༡.jpg

ཟླ9པའི་ཚེས19ཉིན། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས(རྒྱ་སྐྱེད)ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་མཚོ་བྱང་ཁུལ་གྲོས་ཚོགས་ལྟེ་གནས་སུ་ཚོགས་མགོ་བརྩམས། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཀྱིས་སྐུལ་སློང་གསུང་བཤད་གནང་སྟེ། ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་བསམ་བློར་གསོན་ཤུགས་བསྩལ་བ་དང་བསམ་བློར་རྒྱགས་ཕྱེ་གསབ་པ། བྱ་བར་ཤུགས་སྣོན་པ། འཕེལ་རྒྱས་ལ་ནུས་པ་སྦྱིན་པ་བཅས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་མཚོ་བྱང་གི་ས་གཞི་ཆེན་མོར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

༢.jpg

ཤ་བོ་སྐྱབས་ཀྱིས་སྐུལ་སློང་གསུང་བཤད་གནང་བཞིན་པ།

ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་པའི་ཚན་གཙོ་ཞའེ་ཅན་ཧྭ་དང་། ཚན་གཙོ་གཞོན་པ་ཝུའུ་ཡུག་ཀྲིན་གཉིས་ཚོགས་འདུར་ཕེབས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་སྣེ་ཁྲིད་དེ་སློབ་སྦྱོང་བྱས།

༣.jpg

ཞའེ་ཅན་ཧྭ་ཚོགས་འདུར་ཕེབས་པ།

ཤ་བོ་སྐྱབས་ཀྱིས་ཐེངས་འདིའི་བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་དང་རྩ་བའི་ལས་འགན། གཙོ་གནད་བྱ་ཐབས་བཅས་ཚང་མར་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་དགོས་པར་མ་ཟད་ཐོག་མཐའ་བར་གསུམ་ལ་ཁྱབ་ཏུ་འཇུག་དགོས་ཤིང་། སློབ་སྦྱོང་གི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་དང་གཅིག་སྡུད་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་བྱས་ནས་གཅིག་སྡུད་སློབ་སྦྱོང་དང་བསམ་གཞིག་གཏིང་ཟབ། བརྗེ་རེས་ཞིབ་བསྡུར་བརྒྱུད་དེ་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ། གོ་རྟོགས་སད་པ། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པ། གཏིང་ཟབ་པ་བཅས་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་གནས་བབ་དང་ཆོས་ཉིད་ཀྱི་ཁྱད་ཆོས། ཕུན་སུམ་ཚོགས་པའི་ནང་དོན། བདེན་དོན་གྱི་སྟོབས་ཤུགས། ལག་ལེན་གྱི་ཟིལ་ཤུགས་བཅས་ཆེ་རུ་བཏང་ནས་ཆབ་སྲིད་ཀྱི་ངོས་འཛིན་དང་བསམ་བློའི་ངོས་འཛིན། རིགས་པའི་གཞུང་ལུགས་ཀྱི་ངོས་འཛིན། མཛའ་བརྩེའི་ངོས་འཛིན་བཅས་ལ་གོ་བ་གཏིང་ཟབ་བླངས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་སེམས་ལ་ཟུག་པར་བྱེད་པ་དང་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་མགོ་ཁྲིད་ལས་བྱེད་པར་བརྗོད་དོན་སློབ་གསོ་སྤེལ་ནས་དཔེ་སྟོན་བྱེད་པ་དང་ཚད་གཞི་འཛུགས་པ། མིག་དཔེ་སྟོན་པ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་བརྗོད་དོན་སློབ་གསོ་ཏན་ཏིག་དང་གཏིང་ཟབ་ཏུ་སྤེལ་རྒྱུར་སྣེ་ཁྲིད་བྱེད་དགོས་པར་བསྟན།

༤.jpg

ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་བཞིན་པ།

ཤ་བོ་སྐྱབས་ཀྱིས་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་སློབ་སྦྱོང་གི་ཐབས་ལམ་དང་བྱེད་ཐབས་ཁོང་དུ་ཆུད་པར་བྱེད་པ་དང་། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས་ཏེ་ནང་དོན་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ་དང་། “གང་ཞིག་སྒྲུབ་ན་དེ་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་བྱེད་པ་དང་གང་ཞིག་ཆད་ན་དེ་གཙོ་གནད་དུ་བཟུང་ནས་ཁ་གསབ་བྱེད་པའི”རྩ་དོན་རྒྱུན་འཁྱོངས་བྱས་ནས། ཕྱོགས་ཡོངས་ནས་སློབ་སྦྱོང་དང་གཙོ་གནད་དུ་སློབ་སྦྱོང་བྱེད་པ་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་གི་དམིགས་སའི་རང་བཞིན་ཆེ་རུ་བཏང་ནས་སློབ་སྦྱོང་གི་ཕན་འབྲས་ཧུར་ཐག་སྒོས་ཆེ་རུ་གཏོང་དགོས། དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་ངེས་པར་ཀློག་དགོས་པའི་དཀར་ཆག་དང་དཔེ་དེབ་འདེམས་ཀློག དེ་བཞིན་དུས་རབས་གསར་བའི་ལོ་བཅུའི་ཏང་དང་རྒྱལ་ཁབ། མཚོ་བྱང་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་འཕོ་འགྱུར་དང་ཟུང་འབྲེལ་བྱས་ནས་སྣེ་ཁྲིད་དེ་ཇི་མ་ཇི་བཞིན་སྦྱོང་བ་དང་རང་དཔེ་གཞན་སྟོན་གྱིས་ཡིག་འབྲུ་རེ་རེ་བཞིན་སློབ་སྦྱོང་བྱས་ནས་བློ་དཀར་སེམས་དཀར་གྱི་དད་སེམས་སྦྱོང་བ། རང་རྟོན་དང་རང་སྟོབས་འཕེལ་ཐུབ་པ། ལས་འགན་དང་འགན་འཁྲི་ཁུར་ཐུབ་པ། འཇོན་ཐང་དང་བྱང་ཚད་མངོན་ཐུབ་པ། སློབ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་མཐོ་རུ་གཏོང་ཐུབ་པ།   “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་ལེན་ཐུབ་པ།  “སྲུང་སྐྱོབ་གཉིས”སྔར་བས་བློ་ཐག་ཆོད་པོས་སྒྲུབ་ཐུབ་པ་བཅས་བྱས་ནས་ཆབ་སྲིད་ལ་ཤུགས་སྣོན་དང་བསམ་ཕྱོགས་གསལ་བ། བྱ་བ་ཏན་ཏིག་སྒྲུབ་པ། སྒྲིག་ཁྲིམས་ནན་སྲུང་། སྤྱོད་ཚུལ་ལེགས་བསྒྱུར་བཅས་བྱེད་དགོས། རང་འགུལ་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་དཔེ་བསྡུར་བྱེད་པ། བརྗོད་དོན་སློབ་གསོའི་འབྲེལ་ཡོད་བླང་བྱར་བསྡུར་བ་བྱེད་པ། རང་ཉིད་དེའི་ནང་ཞུགས་པ་དང་བྱ་བ་དེའི་ནང་འཇོག་པ། འགན་ཁུར་དེའི་ནང་ཁུར་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ལག་ལེན་གྱི་གཞི་རྟེན་ལ་དམིགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས“མཚོ་བྱང་ལྔ”འཛུགས་སྐྲུན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས་པ་བརྒྱུད་གནད་དོན་ཤེས་རྟོགས་དང་གནད་དོན་དབྱེ་ཞིབ། གནད་དོན་ཞིབ་འཇུག གནད་དོན་ཐག་གཅོད་བྱེད་པ་བཅས་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།   གྲུབ་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་མཚོ་བྱང་གི་སྤུས་ལེགས་ཐོན་ཁུངས་ལ་གཞི་ཚུགས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་སྙིང་སྟོབས་ཀྱི་བཙན་ས་གཏོད་དགོས། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམིགས་ནས་བརྗོད་དོན་སློབ་གསོ་ལས་མངོན་པའི་ཆབ་སྲིད་ཀྱི་སྤྲོ་སེམས་དེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་བ་དང་།  དཔེ་ཀློག་སློབ་སྦྱོང་གི་གྲུབ་འབྲས་དེ་འཕེལ་རྒྱས་ཇུས་འགོད་བྱེད་པའི་བསམ་ཕྱོགས་དང་བྱ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས། མགོ་ཁྲིད་ཀྱི་བྱ་བའི་འཇོན་ཐང་བཅས་སུ་བསྒྱུར་དགོས་ཤིང་། སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ།  དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་གཏོང་བ། གསར་བརྗེའི་ཉམས་ཞིབ་རྟེན་གཞི་འཛུགས་སྐྲུན་བྱེད་པའི་ཐད་འབད་བརྩོན་དང་། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱེད་པའི་ཐད་འབད་བརྩོན་བྱས་ནས་འགན་འཁྲི་ཁུར་བ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ“མཚོ་བྱང་ལྔ”འཛུགས་སྐྲུན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

༥.jpg

ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་སྐབས། གོ་སྐབས་ལ་གཅེས་སྤྲས་དང་སེམས་རྣལ་དུ་ཕབ་སྟེ་བསམ་པའི་ཉམས་འགྱུར་ཟབ་མོ་ལྡན་པའི་ཐོག་ནས་དཔེ་ཀློག་འཛིན་གྲྭའི་སློབ་སྦྱོང་གི་ལས་འགན་སོ་སོའི་ནང་ཞུགས་ཏེ་ཇི་མ་ཇི་བཞིན་མ་རྩོམ་ཀློག་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་བསམ་གཞིག་ལ་ཞིབ་འཇུག་བྱེད་པ། བགྲོ་གླེང་དང་བརྗེ་རེས་ནང་ཧུར་ཐག་སྒོས་ཞུགས་པ། སྦྱོང་སྤྱོད་ཁྱབ་གདལ་དུ་གཏོང་བ། ཤེས་སྤྱོད་གཅིག་གྱུར་ཡོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱ་རྒྱུ་དེ་ཀྲུང་དབྱང་གི་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་སོ་སོ་དོན་འཁྱོལ་བྱ་རྒྱུ་དང་དངོས་སུ་ཟུང་འབྲེལ་བྱེད་པ་དང་། “མཚོ་བྱང་ལྔ”འཛུགས་སྐྲུན་ནང་ཞུགས་པ་དང་། ཐོན་ལས་ཀྱི“གནས་བཞི”ནུས་ཤུགས་ཡོད་རྒུས་གཏོད་པ། ཞིང་ཆེན་ཡོངས་ཀྱི་བསམ་པའི་བཙན་ས་གཏོད་པ་སོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་སྦྲེལ་མཐུད་བྱས་ནས་དངོས་སྒྲུབ་ཀྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། གནད་དོན་གྱི་ཁྲིད་ཕྱོགས་བཅས་སྟངས་འཛིན་བྱས་ཏེ་བསམ་བློ་གཅིག་གྱུར་དང་སྦྱངས་པ་གོ་ཆོད། གོ་དོན་མཐིལ་རྟོགས་བཅས་ཀྱི་ཐད་ཤུགས་བསྣན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ། དཀའ་གནད་སེལ་བ་བཅས་ཀྱི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་ལྡན་པ། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གྲུབ་འབྲས་དངོས་ཐོན་པར་བྱེད་པ་དང་། བསམ་བློའི་ཐད་སློབ་གསོ་ཐེབས་པ་དང་འཇོན་ཐང་ཐད་ཆེ་རུ་འགྲོ་བ། བྱ་བའི་ཐད་གྲུབ་འབྲས་དངོས་ཐོན་པ་བཅས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚོ་བྱང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱེད་དགོས་པར་བསྟན།

༦.jpg

ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་པའི་ཁོངས་མི་དང་། ཁུལ་དུ་བསྡད་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་སོ་སོ། ཁུལ་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི། ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། དེ་བཞིན་རྫོང་རིམ་པ་གཞོན་པ་ཡན་གྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་བཅས་ཚོགས་འདུར་ཞུགས། 


མཉམ་སྤྱོད།