དེ་རིང་ནི2025ལོའི་ཟླ05པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-09-22 07:42:10   |   587

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཟླ9པའི་ཚེས20ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་དུ་དབྱི་ཝུའི་གྲོང་ཁྱེར་གྱི་ལྟག་རྒྱབ་སྡོད་ཁང་སྲང་ལམ་གྱི་ལི་ཙུའུ་གྲོང་ཚོ་དང་དབྱི་ཝུའུ་རྒྱལ་སྤྱིའི་ཉོ་འཚོང་མཁར་དུ་སྔ་རྗེས་སུ་རྟོག་ཞིབ་གནང་བ་དང་། ས་གནས་དེ་གའི་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ་དང་། གྲོང་གསེབ་དར་སྤེལ་དང་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་།

    2.jpg

  • ཟླ9པའི་ཚེས20ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་ཧྲའོ་ཞིན་གྲོང་ཁྱེར་དུ་རྟོག་ཞིབ་གནང་། ཁོང་ཧྥེང་ཆའོ་ཉམས་མྱོང་བཤམས་སྟོན་ཁང་དུ་ཕེབས་ནས“ཧྥེང་ཆའོ་ཡི་ཉམས་མྱོང”བྱུང་བའི་ལོ་རྒྱུས་འཕེལ་རིམ་ཕྱིར་དྲན་གནང་ཞིང་། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”གསར་གཏོད་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། ཀྲེ་ཅང་གི་ཤར་རྒྱུད་མིས་བཟོས་གཙང་པོའི་རིག་གནས་གླིང་དུ་ཕེབས་ནས་གནའ་བོའི་མིས་བཟོས་གཙང་པོ་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་མིས་བཟོས་གཙང་པོ་ཆེན་པོ་སྲུང་སྐྱོང་དང་དེ་བཞིན་མིས་བཟོས་གཙང་པོ་ཆེན་པོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ9པའི་ཚེས22ནས23ཉིན་བར་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས19པའི་མགོ་རྩོམ་མཛད་སྒོར་ཞུགས་རྒྱུ་ཡིན་ཞིང་། ཀྲུང་གོར་མགོ་རྩོམ་མཛད་སྒོར་ཕེབས་པའི་ཕྱི་རྒྱལ་གྱི་མགོ་ཁྲིད་པར་དགའ་བསུ་ཞུ་བའི་གསོལ་སྟོན་དང་ཕྱོགས་གཉིས་པོའི་བྱེད་སྒོ་སྤེལ་རྒྱུ་རེད།

    3.jpg

  • ཚེས21ཉིན་ནི་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འཐུས་མི་ཚོགས་པ་རྒྱལ་ཁོངས་སུ་ཡོང་བ་ཆེས་མང་བའི་ཉིན་ཡིན། རྒྱལ་ཁབ་དང་ས་ཁུལ35ཡི་འཐུས་མི་ཚོགས་པའི་འགྲན་བསྡུར་མི་སྣ3200ལྷག་ཙམ་ཧང་ཀྲོའུ་ཞའོ་ཧྲན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར།

  • རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་སྔོན་དཔག་བྱས་ན། ད་ལོའི་སྟོན་འབྲུ་ཉོ་སྒྲུབ་བྱེད་ཚད་ཏུན་དུང་ཕྱུར2ཙམ་ཟིན་རྒྱུ་རེད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་དང་པོ་ནས་བརྒྱད་པའི་བར་རྒྱལ་ཡོངས་ཀྱི་གྲུ་ཁས་ཕྱི་ཕྱོགས་ཉོ་ཚོང་གི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར33.4ཟིན། དུས་མཚུངས་ལས9.7%འཕར་ཡོད།

  • ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་རང་རྒྱལ་གྱི་གྲུ་བཟོ་ལས་རིགས་ཀྱི་གྲུ་བཟོ་ཚད་དང་། མངགས་ཐོ་གསར་པ་ལེན་ཚད། ལག་ཏུ་མངགས་ཐོ་ཡོད་ཚད་བཅས་དམིགས་ཚད་ཆེན་པོ་གསུམ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུ་སོགས་སྡེ་ཚན་གྱིས་ཇུས་གཞི་དཔར་འགྲེམས་བྱས་ཏེ། རྒྱལ་ཁབ་རྩི་ཤིང་གླིང་གི་འོས་སྦྱོར་གླིང14འདེམས་སྒྲུག་བྱ་རྒྱུའི་གཏན་འབེབས།

    4.jpg

  • ཚེས21ཉིན། ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་བར་སྣང་སློབ་ཁྲིད་བྱེད་སྒོ་ཐེངས་བཞི་པ་ལེགས་པར་གྲུབ།

  • ཚོང་དོན་པུས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡས་ཁ་བརྡ་དང་གྲོས་མོལ་ལ་བརྟེན་ནས་ཚོང་དོན་རྩོད་གཞི་ཐག་གཅོད་བྱ་རྒྱུའི་མོས་མཐུན་ཡོད་ཅེས་བསྟན།

  •   ཚེས21ཉིན། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་རྐང་རྩེད་སྤོ་ལོའི་ཚོགས་ཆུང་གི་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་གིས་བསྡུར་གྲངས4:0གིས་འབར་མའི་རུ་ཁག་ལས་རྣམ་པར་རྒྱལ་ཞིང་། སྟོབས་ཆེ16གི་ནང་དུ་ཚུད་ཐུབ་པ་བྱུང་།

    སྤྱི་ཚོགས།

  • ཚེས21ཉིན། ཆུ་བེད་པུས་ཅང་སུའུ་དང་། ཨན་ཧུའེ། ཧོ་ནན་བཅས་ཞིང་ཆེན་གསུམ་ལ་དམིགས་ནས་ཆུ་ལོག་འགོག་སྲུང་གི་རིམ་པⅣགྱི་འཕྲལ་སྡོམ་གྱི་མགོ་བརྩམས།

  • ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་རིང་རྒྱལ་ཡོངས་ཀྱི་རིན་བསྡུའི་གཞུང་ལམ་གྱིས་རྐུབ་སྟེགས་བདུན་དང་དེ་བཞིན་རྐུབ་སྟེགས་བདུན་མན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ལ་ཤར་བགྲོད་གྲོན་དངུལ་བསྡུ་རྒྱུ་མ་རེད།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་རིང་། མཚན་མོའི་མྱུར་བགྲོད་ལྕགས་ལམ200ཇེ་མང་དུ་གཏང་རྒྱུ་དང་མེ་འཁོར་སྤ་སེ་གཅིག་རྗེས་གཉིས་མཐུད་ངང་བཙོང་རྒྱུ་རེད།

  • 2023ལོའི་འཛམ་གླིང་དྲ་རྒྱའི་ཚོགས་ཆེན་གྱི་ཝུའུ་ཀྲེན་དབུ་ཚོགས་དེ་ཟླ11པའི་ཚེས8ནས10ཉིན་བར་ཝུའུ་ཀྲེན་དུ་འཚོག་རྒྱུ་རེད།

  •   ཚེས21ཉིན། སི་ཁྲོན་ཏེ་དབྱང་འབྲིམ་རིམ་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཡོངས་བསྒྲགས་ཁྲིམས་ར་འཚོགས་ཏེ། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུའི་དེ་སྔའི་ཏང་ཙུའི་ཧྲུའུ་ཅིའམ་ཅུ་ཀྲང་ཝུའུ་ཧྥུང་གིས་ལྐོག་རྔན་བླངས་པའི་གྱོད་གཞི་དེར་ཞིབ་གཅོད་བྱས།

  • དེ་རིང་ནས་བཟུང་རྒྱུགས་སྤྲོད་སློབ་མས2023ལོའི་ཁྲིམས་རྒྱུགས་ཀྱི་སྦྱངས་འབྲས་འདྲི་རྩད་བྱེད་ཆོག

5.jpg

  •  རྒྱལ་ཁབ་ཀྱི་རླུང་གློག་དང་འོད་ཤུགས་རྟེན་གཞི་ཆེ་གྲས་ཀྱི་རྣམ་གྲངས་ཁག་དང་པོ་སྟེ། ཉག་ཆུའི་ལ་པཱ་རི་བོའི་རླུང་གློག་རྣམ་གྲངས་ཀྱིས་གློག་གཏོང་མགོ་ཚུགས་པ་དང་། ལོའི་ཆ་སྙོམས་གློག་གཏོང་ཚད་དུས་ཚོད་རེར་སྟོང་ཝ་དུང་ཕྱུར6.8ཙམ་ཟིན་ཡོད།

    6.jpg

  • ཨན་ཧུའེ་ལིའུ་ཨན་གྱི་བུ་མོ་ཞིག་ཆུ་ནང་དུ་ལྷུང་བ་ན། ལམ་བར་དུ་ཡོད་པའི་ཝང་ཅིང་ཧའེ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མཐོ་ཚད་སྨི་བཅུ་གྲངས་ཡོད་པའི་ཟམ་ཆེན་ནས་མཆོངས་ཏེ་ཟམ་པའི་ཐོག་གི་མང་ཚོགས་དང་མཉམ་དུ་བུ་མོ་སྐྱོབ་ཐུབ་བྱས།

    སྲིད་ཇུས།

  • ཁྲུང་ཆིང་གིས་བྱེད་ཐབས་བཏོན་པ་སྟེ། ཁྲུང་ཆིང་དུ་གཞིས་ཆགས་པའམ་ཡང་ན་སྤྱི་ཁྱབ་པུ་བཙུགས་པའི་དམངས་གཉེར་སྟོབས་ཆེན500དང་། ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས། དེ་བཞིན་མངའ་ཁོངས་ཕྱི་ནང་གི་དངུལ་རྩའི་སྒྲིག་གཞིར་བྱ་དགའ་མཐོ་ཤོས་སྒོར་ཁྲི1000སྤྲོད་རྒྱུ་རེད།

  •    ཧྥུ་ཅན་གྱིས་བྱེད་ཐབས་བཏོན་པ་སྟེ། ལོ་ལྟར་རྒན་གསོ་ནད་གཡོག་པ་ཁྲི་གཅིག་གི་ཡན་གསོ་སྐྱོང་དང་གསོ་སྦྱོང་བྱེད་པ་དང་། ཆེད་ལས་ཅན་དང་ལས་ཞོར་སྤྱི་ཚོགས་རྒན་གསོ་ལས་དོན་པ500ཡན་གསོ་སྐྱོང་དང་གསོ་སྦྱོང་བྱེད་དགོས་ཞེས་བཏོན་ཡོད།

  • ཀོང་ཀྲོའུ་ཡིས་བརྡ་ཐོ་བཏང་བ་སྟེ། གྲོང་ཁྱེར་དེ་གའི་ཐེམ་ཐོ་མིན་པའི་གྲོང་མིའི་ཁྱིམ་ཚང་གིས་ཁང་པ་མ་ཉོས་པའི་གོང་གི་ལོ་གཉིས་རིང་གི་གྲོང་ཁྱེར་དེ་གར་མི་སྒེར་གྱི་ཐོབ་ཁྲལ་འཇལ་བའི་དཔང་ཡིག་གམ་ཡང་ན་སྤྱི་ཚོགས་འགན་བཅོལ་བསྟུད་མར་འཇལ་བའི་དཔང་ཡིག་མཁོ་འདོན་བྱེད་ཐུབ་ཚེ། སྡོད་ཁང་གཅིག་ཉོ་ཆོག་ཅེས་བསྟན།

    དེ་རིང་གི་གནམ་གཤིས།

7.jpg

  • ནང་སོག་དབུས་རྒྱུད་ཀྱི་ཤར་རྒྱུད་ས་ཁུལ་དང་། ལེའོ་ཉིང་གི་དབུས་ཤར་རྒྱུད།  ཅི་ལིན་གྱི་ཤར་ལྷོའི་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། སི་ཁྲོན་གྱི་ལྷོ་རྒྱུད། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་གཙང་པོའི་རྒྱུད། ཀུའེ་ཀྲོའུ་ཡི་བྱང་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཆར་པ་འབྲིང་བ་འབབ་རྒྱུ་ཡིན་པ་དང་། ས་ཆ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།