དེ་རིང་ནི2025ལོའི་ཟླ05པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་སྟེ་ཁུལ་དཔོན་ཐུག་འཕྲད་ཚོགས་འདུ་ཐེངས་ལྔ་པ་འཚོགས།

2023-09-22 09:43:32   |   456

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


སྲིད་གཞུང་གི་ལས་ཀའི་ལས་ཕྱོད་དང་ལས་ཀའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ་དང་ལས་ཀའི་སྤྱི་འདོམས་མཐུན་སྦྱོར་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་ཆེད། ཟླ9པའི་ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཐུག་འཕྲད་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་།

1.jpg

ཚོགས་འདུའི་ཐོག་ཉེ་དུས་ཀྱི་གཙོ་གནད་ལས་དོན་ཁག་ལ་སྐུལ་འདེད་གཏོང་ཚུལ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་པ་དང་། མཐུན་སྦྱོར་ཐག་གཅོད་བྱེད་དགོས་པའི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་ཤིང་། གོམ་སྟབས་རྗེས་མའི་ལས་ཀའི་གཙོ་གནད་དང་བྱེད་ཐབས་བཅས་བཀོད་སྒྲིག་བྱས། ཀྲང་ཧྲིང་ཡོན་གྱིས་བསྟན་དོན། དུས་ཚིགས་བཞི་པ་སླེབས་ལ་ཉེ་ཞིང་། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་འང་སླེབས་ལ་ཉེ། ལོ་ཧྲིལ་པོའི་ལས་དོན་གྱི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱེད་པའི་རྒྱལ་ཕམ་ཐག་གཅོད་ཀྱི་དུས་མཚམས་སུ་སླེབས་ཡོད། ཁུལ་དཔོན་གཞོན་པ་རྣམས་ཀྱིས་བརྗོད་དོན་སློབ་གསོ་ནུས་ཤུགས་ཡོད་རྒུས་ཡག་པོ་སྤེལ་བ་དང་ཆབས་ཅིག གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ཏེ་ལས་བགོས་དོ་དམ་ཁྱབ་ཁོངས་ཀྱི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། སློབ་སྦྱོང་ལས་དོན་གཉིས་ཀ་འཐུས་ཤོར་མི་ཡོང་བ་དང་གཉིས་ཀར་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།

ཀྲང་ཧྲིང་ཡོན་གྱིས་བསྟན་དོན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲིས་ཧྲན་ཏུང་འཐུས་མི་ཚོགས་པ་མཚོ་བྱང་དུ་རྟོག་ཞིབ་བྱེད་པར་ཡོང་རྒྱུ་ཁས་ལེན་བྱས་པའི་ལས་དོན་ལ་འབྲེལ་མཐུད་དོན་འཁྱོལ་ཡག་པོ་བྱེད་པ་དང་ཆབས་ཅིག ཚོང་འགུགས་མ་འདྲེན་གྱི་ལས་དོན་དམ་འཛིན་བྱས་ཏེ་ཧྲན་ཏུང་དང་ཀྲུང་དབྱང་ཁེ་ལས་ཀྱི་འབྲེལ་ཡོད་རྣམ་གྲངས་གང་མགྱོགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། མི་སྤྱི་སྡེ་ཚན་གྱིས་ལས་ཤོར་འགན་བཅོལ་ཐེབས་རྩའི་དོ་དམ་གནད་དོན་གྱི་ཆེད་དོན་བཅོས་སྒྲིག་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་དང་གདེང་འཇོག་གི་ཆེད་དོན་བཅོས་སྒྲིག མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་ལྟ་སྐུལ་སྐུལ་འདེད་གཏོང་དགོས། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་གཞོན་པ་ཨ་ཁྱུང་གིས་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་ནས་ཁུལ་ཨུའི་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་དང་། ཁུལ་ཡོངས་ཀྱི་དུས་ཚིགས་གསུམ་པའི་དཔལ་འབྱོར་གནས་བབ་དབྱེ་ཞིབ་ཚོགས་འདུ་དང་། ཁུལ་ཡོངས་ཀྱི་འབྲུ་རིགས་ལས་དོན་ཚོགས་འདུ་འཚོག་རྒྱུའི་གྲ་སྒྲིག་བྱེད་དགོས་ཤིང་། ཁུལ་སྲིད་གཞུང་གི《ཞིང་ཆེན་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་འགན་འཁྲི་འཁུར་ཕོད་པ་དང་། དངོས་སྒྲུབ་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་འགའ》ཞེས་པའི་ཕྱོགས་དྲུག་གི་ཞིབ་ཕྲའི་བྱེད་ཐབས་ཁག17དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གང་མགྱོགས་བཏང་སྟེ། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལས་འགལ་ཏེ་ཆེ་སྒྲུབ་མགྱོགས་སྒྲུབ་བྱེད་པ་དང་། བུ་ལོན་གཡར་ནས“ལས་གྲྭ་ལས་འཕྲོ་ཅན”དང“ཕྱི་ཚུལ་ལས་གྲྭ”“ངོ་སོ་ལས་གྲྭ”སྒྲུབ་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་དགོས། ཐོན་ནུས་སླར་གསོ་བྱ་རྒྱུར་སྣང་ཆེན་བྱས་ཏེ། ཆ་རྐྱེན་འཛོམས་པའི་རྡོ་སོལ་གཏེར་ཁ་སྤྱི་ཡོངས་ནས་ཚབ་གཉེར་དང་བདེ་འཇགས་ངང་ཐོན་སྐྱེད་བསྐྱར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྲིད་དོན་ཞབས་ཞུའི་ལྟ་སྐུལ་དོ་དམ་ཚད་ལྡན་དུ་བཏང་ནས་རེས་སྐོར་གསར་པའི་ཞིང་ཆེན་ཡོངས་ཀྱི་དཔེ་སྟོན་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཧུར་ཐག་གཏོད་དགོས། ཁུལ་དཔོན་གཞོན་པ་ལི་ཞང་ཏུང་གིས་དུས་བདེའི་མཚོ་བྱང་འཛུགས་སྐྲུན་གྱི་ལས་དོན་ཁག་མུ་མཐུད་དུ་ཡག་པོ་བསྒྲུབས་ཏེ། ཁུལ་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་གཅིག་སྡུད་བཅོས་སྒྲིག་དང་སྔོན་འགོག་ཚོད་འཛིན་བྱེད་པ་སྟེ། “ཉིན་བརྒྱའི་བྱེད་སྒོ”ཡི་ཆེད་དོན་བཅོས་སྒྲིག་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་གྱིས་ཁུལ་དང་ཁུལ་གྱིས་རྫོང་ལ“ཟླ་གཉིས”ལ་བཀོད་གཏོང་བྱེད་པ་དམ་འཛིན་ཡག་པོ་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་ཐད་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱས་ཏེ། ཞིང་ཆེན་རིམ་པའི་དུས་ཚིགས་དཔྱད་ཞིབ་ལ་ཕྱོགས་ཡོངས་ནས་གྲ་སྒྲིག་བྱེད་དགོས། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་རྫོང་ཁག་གི་ནོར་ལུག་བཤས་གཏོང་གི་མྱུར་ཚད་དང་སྟོན་བསྡུའི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ། སྐྱེ་ཁམས་ཞིང་འབྲོག་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་ལས་གྲྭ་དང་། གསང་སྤྱོད་གསར་བརྗེར་གང་མགྱོགས་སྐུལ་འདེད་གཏོང་དགོས་པ་དང་། གཙང་པོ་དང་མཚེའུ་དཔོན་ལམ་ལུགས་ཀྱི་ལས་འགན་ཁག་ལ་ལྟ་སྐུལ་མཛུབ་ཁྲིད་དང་དོན་འཁྱོལ་བྱས་ཏེ། ཆུ་ཤུགས་གློག་ཁང་ཆུང་གྲས་གཙང་བཤེར་བཅོས་སྒྲིག་བྱེད་པ་དང་། ཙོང་ཆུ་བཞུར་ཁུལ་གྱི་ཆུའི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་དང་ལྷག་པར་དུ་ཤྭ་ཐང་ཆུ་མཛོད་ཀྱི་རྣམ་གྲངས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ། ལོ་འཁོར་གྱི་ཆུའི་ཐོན་ཁུངས་སྲུང་སྐྱོང་གི་འབྲེལ་ཡོད་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། ལོ་འཁོར་གྱི་གྲོང་གསེབ་དར་སྤེལ་གྱི་ཀྲུང་དབྱང་གིས་མ་དངུལ་གཏོང་སྒོ་དང་ལས་གྲྭའི་མྱུར་ཚད་སྦྲེལ་མཐུད་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་གནད་དོན་བཅོས་སྒྲིག་མུ་མཐུད་ཡག་པོ་བྱེད་པ་དང་། དབུལ་སྐྱོར་རྣམ་གྲངས་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་འབབ་འཕར་གྱི“མཐོ་བ་གསུམ”དོན་འཁྱོལ་ཡག་པོ་བྱེད་དགོས། ཞིང་ཕྱུགས་ཐོན་རྫས་ཀྱི་བྲིན་ཚོང་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་བྱེད་པ་དང་ཆབས་ཅིག་མཁོ་སྤྲོད་ཀྱི་ལས་ཕྱོད་སྔར་བས་མཐོ་རུ་གཏོང་དགོས། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་དང་དངུལ་རྩའི་ཉེན་ཁར་དོགས་ཟོན་དང་དེ་དག་སེལ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། གཏོང་ཡོང་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་འབབ་འཕར་གྱི་བར་མཐོངས་རྒྱ་ཆེར་བཏང་ནས་བསྡུ་དགོས་རིགས་ཚང་མ་བསྡུ་རྒྱུའི་འགན་ལེན་བྱེད་དགོས་པ་དང་། བཟོ་ལས་དཔལ་འབྱོར་འཁོར་སྐྱོད་ཀྱི་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་ནས་གཙོ་གནད་བཟོ་ལས་ཁེ་ལས་ཀྱི་ཐོན་སྐྱེད་འགུལ་རྣམ་དང་། ཐོན་རྫས་བསྡུ་ཉར་གཙང་སེལ། རྒྱུ་རྐྱེན་གཙོ་བོ་འགན་ལེན་སོགས་ཀྱི་གནས་ཚུལ་ལ་དམ་པོར་དམིགས་ནས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། གཞི་ཁྱོན་ལྡན་པའི་བཟོ་ལས་ཁེ་ལས་དང་ཚོང་དོན་ཁེ་ལས་ཀྱི་ལོ་འཁོར་གྱི་སྐྱེད་སྲིང་ལས་འགན་ལེགས་སྒྲུབ་བྱེད་དགོས། གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་ཀྱི་ལྟ་སྐུལ་དོ་དམ་ལ་དམ་འཛིན་ཡག་པོ་བྱས་ཏེ། ཁུལ་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ལས་དོན་མི་སྣ་གསབ་སྣོན་དང་སྲིད་འཛིན་བྱ་གཞག་ཚན་པའི་མི་སྣ་ཁུལ་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་སུ་གནས་སྦྱར་སྦྱོང་བརྡར་བྱེད་པར་མངགས་གཏོང་བྱེད་པ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། རྒྱལ་སྟོན་དུས་ཆེན་དང་། ཟླ་མཆོད་དུས་ཆེན། དེ་བཞིན“ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་དང་བཅུ་གཉིས་པའི་ཚེས་བཅུ་གཉིས”སོགས་ཀྱི་མཚམས་ཚིགས་སྤྱད་དེ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཁག་ཅིག་འཆར་འགོད་བྱས་ནས་སྤེལ་དགོས་པ་དང་། འཛད་སྤྱོད་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་དགོས། རིགས་སོ་སོའི་གན་རྒྱ་བཞག་པའི་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་མཛོད་འཛུགས་སྐྲུན་དང་རྣམ་གྲངས་ཐུམ་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཐུབ་པའི་བརྩོན་ལེན་བྱེད་དགོས། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་གིས་དུས་བཀག་ལྟར5Aརིམ་པའི་རྡུལ་ཕྲན་མཁར་མཛེས་ལྗོངས་ཁུལ་གཏོད་པའི་ལས་དོན་སྙན་སེང་ཞུས་ཏེ་ལྟ་སྐུལ་དོ་དམ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྒྱལ་སྟོན་གུང་གསེང་བེད་སྤྱོད་ཡག་པོ་བྱས་ནས་གནས་སྐོར་ཐོན་ལས་འཕེལ་རྒྱས་རྒྱུན་མཐུད་ངང་ཡག་པོ་གཏོང་བ་དང་། ལྷག་པར་དུ་སྟོན་དགུན་དུས་གྱི་གནས་སྐོར་འཆར་འགོད་ཡག་པོ་བྱེད་དགོས་པ་མ་ཟད། མཐོན་པོ་སྒང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་མཁའ་དམག་བདེ་སྲུང་དཔུང་སྡེའི་སྒྲིག་བཀོད་གནའ་ཤུལ་དང་། རུ་འཁྱུར་དམག་མིའི་ཆེད་དོན་བཅར་འདྲི། མི་སྣའི་གཏམ་རྒྱུད་སྔོག་འདོན། རིག་གནས་གསར་གཏོད་ཐོན་རྫས་ཀྱི་ཞིབ་འཇུག་གསར་སྤེལ། དེ་བཞིན་མཚོ་སྐོར་བྱང་ངོགས་ཀྱི་དམིགས་བསལ་གཉེར་སྐྱོང་ས་ཚིགས6གི་འཛུགས་སྐྲུན་གནས་ཚུལ་སོགས་ལ་མུ་མཐུད་དུ་གཙིགས་ཆེན་བྱས་ཏེ། གཏེར་ལས་དབང་ཆ་ཕྱིར་འཐེན་གྱི་འབྲེལ་ཡོད་ལས་དོན་སྔར་བས་སྦྲེལ་མཐུད་ཡག་པོ་བྱས་ནས་ལྗང་མདོག་གཏེར་རི་འཛུགས་སྐྲུན་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས། གནས་སྐོར་འཕེལ་རྒྱས་ཚོགས་ཆེན་དང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལས་དོན་ཚོགས་ཆེན་དང་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་གྲ་སྒྲིག་ཡག་པོ་བྱེད་དགོས། ཁུལ་དཔོན་གཞོན་པ་ཧ་ཝུན་ཞིག་གིས་རྫོང་ཁོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་དུ་གཏོང་བའི་ཀུན་ཕན་ལས་དོན་ལ་མུ་མཐུད་དོ་ཁུར་བྱས་ཏེ། རྐང་ཚ་རྫོང་གི་སློབ་ཞུགས་གོང་གི་སློབ་གསོའི་རྒྱལ་ཁབ་ཀྱི་དཔྱད་དཔོག་དང་ཞིབ་བཤེར་རྩིས་ལེན་ལས་དོན་སྦྲེལ་མཐུད་ཡག་པོ་བྱེད་དགོས་པ་དང་། ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ལས་དོན་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་རིམ་གསུམ་སྨན་ཁང་གཏོད་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། མཚོ་བྱང་ཁུལ་གྱི་རྒན་གསོ་ཞབས་ཞུའི་མ་ལག་ཕྱོགས་ཡོངས་ནས་སྦྲེལ་མཐུད་ཡག་པོ་བྱས་ཏེ། རྒྱལ་ཁབ་ཀྱི་གཟེངས་བསྟོད་སྐུལ་སློང་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ལས་དོན་ནང་འཇུག་དགོས། ཁུལ་དཔོན་གཞོན་པ་ཧན་ཧྲི་ཡིས་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཡང་བསྐྱར་གསེད་བཀྲོལ་དང་གྲལ་བཤེར་བྱས་ཏེ། རིམ་པ་ཁག་དང་རིགས་ཁག་གི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་གྱི་ཚུར་སྣང་གནད་དོན་བཅོས་སྒྲིག་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་བཏང་སྟེ། ཀྲུང་དབྱང་གི་རེས་སྐོར་གསུམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་གྲ་སྒྲིག་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབ་དགོས་པ་དང་། འགྲིམ་འགྲུལ་དང་སྡོད་ཁང་འཛུགས་སྐྲུན་རྣམ་གྲངས་ཀྱི་དོན་འཁྱོལ་ལ་མུ་མཐུད་སྐུལ་འདེད་བཏང་ནས་གྲོང་ཁྱེར་དོ་དམ་གྱི་ཕན་འབྲས་སྔར་བས་སྲ་བརྟན་དང་མཐོ་རུ་གཏོང་དགོས། ཁུལ་སྲིད་གཞུང་གཞུང་ལས་ཁང་གིས་ནུས་མཐོའི་འཁོར་རྒྱུག་དང་ཞབས་ཞུའི་མཐུན་སྦྱོར་ཐད་དུ་ད་དུང་ཤུགས་བསྣན་ཏེ། སྲིད་གཞུང་གི་ལྟ་སྐུལ་ཞིབ་བཤེར་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཐབས་ཇུས་དོན་ཚན་ཁག་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། དྲུང་ཆེ་གཞོན་པ་རྣམས་ཀྱིས་འགན་འཁྲི་ཏན་ཏིག་འཁུར་ནས་ལས་འགན་ཡག་པོ་སྒྲུབ་པ་དང་། འགན་འཁྲི་ཡག་པོ་བསྒྲུབས་ཏེ་ཡིག་ཆའི་སྤུས་ཚད་ཀྱི་འགག་སྒོ་ཡག་པོ་བསྲུངས་ནས་ཁུལ་དཔོན་གཞོན་པ་ཁག་ལ་དོན་ཆེན་སྒྲུབ་པ་དང་དོན་ཆེན་དམ་འཛིན་བྱེད་པའི་སེམས་ཤུགས་དེ་བས་མང་བ་ཡོད་པ་བྱེད་དགོས།

2.png

ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། དུས་ཚིགས་བཞི་པ་ནི་ལོ་ཧྲིལ་པོའི་ལས་དོན་མཇུག་འགྲིལ་བའི་དུས་མཚམས་ཤིག་དང་ལོ་འཁོར་གྱི་མཐའ་མའི་དམིགས་ཚད་ལ་གདོང་མཆོང་བྱེད་པའི་དུས་སྐབས་ཡག་ཤོས་ཤིག་རེད། ཁུལ་དཔོན་གཞོན་པ་རྣམས་ཀྱིས་སྣེ་ཁྲིད་དེ་གཙོ་གནད་ལས་དོན་ཁག་སེམས་ལ་འཇོག་པ་དང་ཕྲག་ཏུ་འཁུར་དགོས་པ་དང་། ལོ་མགོར་གཏན་འཁེལ་བྱས་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་དང་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐོག་ཐག་བཅད་པའི་གཙོ་གནད་ལས་དོན་ལ་དམིགས་དགོས་པ་དང་། གནད་དོན་གྱི་ཕྱོགས་སྟོན་དང་། དམིགས་ཚད་ཀྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་བཅས་མཐའ་འཁྱོངས་བྱས་ཏེ། ལས་བགོས་འགན་བབས་སྡེ་ཚན་ལ་ལྟ་སྐུལ་དང་། ས་ཁུལ་ལ་འབྲེལ་གཏུག་བྱས་ཏེ། ལས་འགན་ལྟར་རེ་རེ་བཞིན་ཞིབ་ཕྲ་དོན་འཁྱོལ་བྱེད་དགོས། ཞིང་ཆེན་དང་ཁུལ་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་ནས“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་ཏན་བྱེད་པ་དང་། ལས་བགོས་འགན་གཉེར་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་སྡེ་ཚན་ཁག་གི་དོན་གནད་གལ་ཆེན་དུས་ཐོག་ཏུ་དགོངས་སྐོར་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན། ལས་བགོས་འགན་གཉེར་ཁྱབ་ཁོངས་ཀྱི་རྣམ་གྲངས་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྷག་པར་དུ་རྣམ་གྲངས་ཀྱི་མ་དངུལ་མང་བ་དང་། ཨར་ལས་དུས་འཁོར་རིང་བ། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚད་མཐོའི་དོ་ཁུར་བྱེད་པའི་རྣམ་གྲངས་གལ་ཆེན་སོགས་ལ་ལྟ་སྐུལ་ཤུགས་ཆེན་བྱེད་དགོས་པ་དང་། རྣམ་གྲངས་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་ལག་བསྟར་དང་། མ་དངུལ་བདེ་འཇགས། སྤུས་ཚད་བློས་འགེལ་ཆོག་པ། གོ་རིམ་སྒྲིག་མཐུན། ཕན་འབྲས་བཟང་པོ་བཅས་ཡོང་བའི་འགན་ལེན་བྱེད་དགོས། “བདེ་འཇགས་ཆེན་པོའི་”འདུ་ཤེས་བརྟན་པོར་བཅངས་ནས་མེ་ཟོན་དང་། སོལ་རླངས། འཛུགས་སྐྲུན་ཨར་ལས། ཉེན་ཆེའི་རྫས་འགྱུར་དངོས་རྫས། བཟའ་བཅའ་དང་སྨན་རྫས་སོགས་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་བདེ་འཇགས་ཀྱི་བྱུར་རྐྱེན་སྣ་ཚོགས་གྲལ་བཤེར་དང་དག་ཐེར་གཏིང་ཟབ་བྱས་ཏེ། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་རིང་གི་བདེ་འཇགས་བརྟན་ལྷིང་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ལས་འཛོལ་ཚབས་ཆེན་དང་ཚབས་ཆེན་ཐོན་རྒྱུར་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། 

ཁུལ་སྲིད་གཞུང་གི་དྲུང་ཆེ་ཀྲུའུ་ལིན་ཚོགས་འདུར་ཞུགས་པ་དང་དྲུང་ཆེ་གཞོན་པ་རྣམས་དང་ལྟ་སྐུལ་ཞིབ་བཤེར་ཁང་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་།


མཉམ་སྤྱོད།