དེ་རིང་ནི2025ལོའི་ཟླ06པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-09-25 07:40:45   |   3878

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཚེས24ཉིན། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་མགོ་ཚུགས་རྗེས་ཀྱི་འགྲན་བསྡུར་ཉིན་མོ་དང་པོ་མཇུག་འགྲིལ་བ་དང་། ཀྲུང་གོའི་རུ་ཁག་ལ་ཁྱོན་སྡོམ་གསེར་གྱི་རྟགས་མ20དང་། དངུལ་གྱི་རྟགས་མ7དང་། ཟངས་ཀྱི་རྟགས་མ3བཅས་ཐོབ་ནས་བྱ་དགའི་རྟགས་མའི་མིང་ཐོའི་ཨང་དང་པོ་བཟུང་ཡོད། 

1.jpg

  • ཚེས25ཉིན། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་གསེར་གྱི་རྟགས་མ38ཐོན་རྒྱུ་རེད།

  • ཞིང་ལས་དང་གྲོང་གསེབ་པུས་སྔོན་དཔག་བྱས་པར་གཞིགས་ན། ད་ལོའི་སྟོན་འབྲུའི་རྒྱ་ཁྱོན་མུའུ་དུང་ཕྱུར13.1ཟིན་པ་དང་། དུས་མཚུངས་ལས་ཧ་ལམ་མུའུ་ཁྲི700ཙམ་འཕར་ཡོད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ཡིས་ཉེ་དུས་རྒྱལ་ཁབ་ཀྱིས་སྨན་རྫས་གཅིག་སྡུད་བསྡུ་ལེན་ལས་དོན་ཁག་དགུ་པ་སྤེལ། སྔོན་དཔག་བྱས་ན་སྨན་རིགས40ལྷག་ཙམ་ཉོ་སྒྲུབ་བྱེད་པའི་ནང་། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད་པ་རེད།

  • སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ1པོ་ནས8པའི་བར་རྒྱལ་ཡོངས་ཀྱི་ཆ་སྙོམས་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱིས83.22%བཟུང་ཡོད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གིས་ཉེ་ཆར་བརྡ་ཐོ་བཏང་ནས་རྒྱལ་ནང་གི་མེ་སྐྱོན་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ཚན་པ31གི་དག་ཐེར་ལས་དོན་ལ་གཙོ་གནད་ཐོག་ལྟ་སྐུལ་བྱས་ཡོད།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ9ཚེས13ནས23ཉིན་བར་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་མེ་འཁོར་སྤ་སེ་དུང་ཕྱུར2.17བཙོངས་ཡོད་པ་རེད།

2.jpg

  • ཚེས24ཉིན། རང་རྒྱལ་གྱི་མཚོ་ཐོག་གི་ཏུན་དུང་ཕྱུར་རིམ་པའི་སྣུམ་ཞིང་གསར་སྤེལ་རྣམ་གྲངས་ཏེ། ཁུན་ལིས6-1སྣུམ་ཞིང་གི་ཁྲོན་འབིགས་ལས་དོན་ཚང་མ་ལེགས་གྲུབ་བྱུང་ཡོད།

  • ཚེས24ཉིན། 2024ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཡིག་རྒྱུགས་ཀྱི་མིང་ཐོ་འགོད་མགོ་ཚུགས་པ་རེད།

སྤྱི་ཚོགས།

  • ཚེས27ནས29ཉིན། བར་མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཅུང་ཆེ་བའི་དབང་གིས་རང་རྒྱལ་གྱི་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་ཧྲེ་ཧྲི་ཏུའུ5ནས8བར་ཆག་རྒྱུ་རེད།

  • རྒྱལ་ཁབ་ཀྱི་མཐོང་དཀོན་པའི་ནད་ཐོ་འགོད་མ་ལག་གིས་མཐོང་དཀོན་པའི་ནད་ཀྱི་ནད་གཞི་ཁྲི78བསྡུ་རུབ་བྱས་ཡོད།

3.png

  • རང་རྒྱལ་གྱི་ཚན་ཞིབ་མི་སྣས་སྐྱེ་དངོས་འདྲ་བཟོ་བྱས་པའི་ཐཱན་ཉུང་གི་འཛུགས་སྐྲུན་རྒྱུ་ཆ་གསར་པ་ཞིབ་བཟོ་བྱས་པ་དང་། ཞིབ་འཇུག་གྲུབ་འབྲས་ཉེ་ཆར་རྒྱལ་སྤྱིའི་རིག་གཞུང་དུས་དེབ《དངོས་པོའི》བཀོད་ཡོད།

  • ཉེ་ཆར། འབྲི་ཆུའི་སྟོད་རྒྱུད་ཀྱི་རྩ་ཆེའི་ཉ་རིགས་ཁྲི85ལྷག་ཙམ་འབྲི་ཆུར་གློད་པ་རེད།

  • ཚེས24ཉིན། ཀུའེ་ཀྲོའུ་ཞིང་ཆེན་ཕན་ཀྲོའུ་གྲོང་ཁྱེར་ཕན་ཀོན་གྲོང་རྡལ་ཧྲན་ཅོ་ཧྲུའུ་རྡོ་སོལ་གཏེར་ཁར་ལས་འཛོལ་ཐོན་ནས་མི16རྐྱེན་ལམ་དུ་ཤོར་བ་རེད།

  • སི་ཁྲོན་ཕན་ཀྲི་ཧྭ་ཉེན་རྟོག་ཕྱོགས་ཀྱིས“མུའུ་མཱ་གོ་རིམ་གྱིས(木马程序)རྒན་རྒོན་གྱི་ལག་ཁྱེར་ཁ་པར་ཚོད་འཛིན་བྱེད་པའི”གྱོད་གཞི་ཞིག་རྩད་ཆོད་ནས་ཉེས་གསོག་དོགས་ཅན29འཛིན་བཟུང་བྱས་པ་རེད།

  • ཉེ་ཆར། ཧའེ་ནན་སན་ཡ་ཡིས་སྤྱི་ཚོགས་ལ་གནས་སྐོར་དང་འབྲེལ་བའི་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི7ཡོངས་བསྒྲགས་བྱས་ཡོད།

  • ཧོ་པེ་ཧེང་ཧྲུའེ(衡水)རུ་སུང་རྒྱལ་རབས་ཀྱི་ཏའོ་ཀོན་གནའ་ཤུལ་ཞིག་རྙེད་པ་རེད།

  • ལེན་ཡུན་གྲུ་ཁའི(连云港)མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་པ་དང་། ཚེས23ཉིན་གྱི་ཆུ་ཚོད5པ་ནས་ཚེས30ཉིན་གྱི་ཆུ་ཚོད19པའི་བར་ཧོང་ཧའེ་ལྷོ་རྒྱུད་ཀྱི་ས་ཁོངས་ཁག་གཅིག་ཏུ་མཚོ་ཐོག་མེ་མདའ་རྒྱག་པའི་ཚོད་ལྟ་བྱས་ནས་མཚོ་འགྲུལ་བྱེད་མི་ཆོག

སྲིད་ཇུས།

  • པེ་ཅིང་གིས་གནས་གཏན་འཁེལ་གྱི་ལས་གཏོད་གསོ་སྦྱོང་སྒྲིག་གཞིས་སློབ་མ་སྒྲིག་འཛུགས་བྱས་ནས་ལས་གཏོད་གསོ་སྦྱོང་བྱས་པ་མ་ཟད། དེ་མཚུངས་ཀྱི་ལས་གཏོད་གསོ་སྦྱོང་ཚད་ལོན་ལག་ཁྱེར་ཐོབ་རྗེས་ལས་གཏོད་གསོ་སྦྱོང་གི་ཁ་གསབ་ལོངས་སུ་སྤྱོད་ཆོག་པ་ཁ་གསལ་བཏོན་ཡོད།

  • ནང་སོག་གིས་ས་གནས་ཀྱི་ཁྱད་ལྡན་འོ་མའི་ཐོན་ལས་ཀྱི་རིམ་པ་མཐོ་རུ་གཏོང་རྒྱུར་སྐུལ་ལྕག་བྱས།  ཐོན་སྐྱེད་བཟོ་ཁང་ཆུང་གྲས་དེ་འོ་མའི་ཐོན་རྫས་ལས་སྣོན་ཁེ་ལས་སུ་རིམ་སྤོར་བྱས་པར་ཐེངས་གཅིག་ལ་བྱ་དགའ་སྒོར་ཁྲི50སྤྲོད་རྒྱུ་རེད།

  • ཀོང་ཤིས་ཀྱིས་ཡིག་ཆ་བཀྲམ་ནས་ཁེ་ལས་ཀྱིས2023ལོར་སློབ་མཐར་ཕྱིན་པའི་སློབ་མ་དང་སློབ་གྲྭ་ནས་ཁ་བྲལ་ནས་ལོ་གཉིས་ནང་ལས་ཞུགས་མ་ཐུབ་པའི་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་བསྡུ་སྤྱོད་བྱས་པ་དང་། ཆ་རྐྱེན་དང་མཐུན་རིགས་ལ་མི་རེར་སྒོར1500ཡི་ཐེངས་གཅིག་གི་ལས་གནས་རྒྱ་སྐྱེད་ཁ་གསབ་སྤྲོད་ཆོག་པ་རེད།

དེ་རིང་གི་གནམ་གཤིས།

4.jpg

  • ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་། ལེའོ་ཉིང་གི་དབུས་རྒྱུད། ཧྲན་ཏུང་ཕྱེད་གླིང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། མཚོ་སྔོན་གྱི་ཤར་ལྷོའི་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། ཧྲའན་ཞིའི་ལྷོ་ནུབ་རྒྱུད། སི་ཁྲོན་གྱི་བྱང་ཤར་རྒྱུད། ཁྲུང་ཆིང་གི་ས་ཆ་མང་ཆེ་བ། ཧུའུ་པེའི་ནུབ་རྒྱུད། ཡུན་ནན་གྱི་ལྷོ་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད། དེའི་ནང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་ཀྱི་རེད།


མཉམ་སྤྱོད།