དེ་རིང་ནི2025ལོའི་ཟླ05པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཡོངས་བོད་ལུགས་གསོ་རིག་གྲུབ་པ་ལུས་ཀྱི་ལག་ལེན་དམར་ཁྲིད་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དུ་འཚོགས་པ།

2023-09-25 10:04:45   |   2110

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ལུགས་གསོ་རིག་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་དོན་འཁྱོལ་བྱས་ཏེ། སྙིང་བཅུད་རྒྱུན་འཛིན་དང་དྲང་སྲུང་གསར་གཏོད་ཀྱིས་རྒྱལ་ཁབ་རིམ་པའི་བོད་ལུགས་གསོ་རིག་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས་ཀྱི་ནང་དོན་འཛུགས་སྐྲུན་ལ་ཤུགས་སྣོན་དང་། བོད་ལུགས་གསོ་རིག་མཚོ་སྔོན་ཞིང་ཆེན་གྱི“རྒྱལ་ནང་རྩེ་གྲའི”རིག་ཚན་དང་བོད་ལུགས་གསོ་རིག་རྒྱལ་ཁབ་རིམ་པའི་རྩེ་གྲའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད།  ཟླ9པའི་ཚེས23ཉིན། རྒྱལ་ཡོངས་བོད་ལུགས་གསོ་རིག་གྲུབ་པ་ལུས་ཀྱི་ལག་ལེན་དམར་ཁྲིད་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དུ་འཚོགས། 

3.jpg

4.jpg

མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དང་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། རྒྱལ་ཁབ་རིམ་པའི་བོད་ལུགས་གསོ་རིག་ཆེད་ལས་ཀྱི་ལྟར་སྣང་སློབ་དཔྱོད་ཁང་དང་། རྒྱལ་ཁབ་རིམ་པའི་བོད་ལུགས་གསོ་རིག་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས། བོད་ལུགས་གསོ་རིག་རྒྱལ་སྤྱིའི་མཉམ་ལས་རྟེན་གཞི། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་ཚོགས་ཀྱི་གསོ་རིག་སློབ་གསོ་དང་སློབ་ཁྲིད་ཆེད་ལས་ཨུ་ཡོན་ཚོགས་པ་བཅས་ཀྱིས་འགན་སྒྲུབ་བྱས།    

མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་མ་ཅུན་གྱིས་ཚོགས་འདུར་ཤིས་ཚིག་ཕུལ་ཞིང་། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་གླིང་གཙོ་བྱ་མདོ་ཀླུ་བྱམས་རྒྱལ་གྱིས་ཚོགས་ཞུགས་མི་སྣ་ཡོངས་ལ་གྲུབ་པ་ལུས་དམར་ཁྲིད་ཁང་འཛུགས་སྐྲུན་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཁོས་མི་ལུས་དམར་དཔེ་ཞལ་འདེབས་འབུལ་མཁན་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་སྨན་ཁང་གི་ཡོན་ཀྲང་ཟུར་པ་ཀྲང་ཅན་ཆིང་ལ་ཞལ་འདེབས་གཟེངས་རྟགས་ཕུལ་ཞིང་། བོད་ལུགས་གསོ་རིག་གྲུབ་པ་ལུས་ཀྱི་ལག་ལེན་དམར་ཁྲིད་ཁང་སྒོ་འབྱེད་མཛད་སྒོ་སྤེལ་བ་དང་། དེ་ནས་གྲུབ་པ་ལུས་དམར་ཁྲིད་ཁང་ངོ་སྤྲོད་བརྙན་ཟློས་ལ་བལྟས། མཛད་སྒོ་མཇུག་བསྒྲིལ་རྗེས་ཚང་མ་གྲུབ་པ་ལུས་དམར་ཁྲིད་ཁང་སོགས་སུ་ཕྱིན་ཏེ་ལྟ་གཟིགས་བརྗེ་རེས་བྱས་ཤིང་། དེ་རྗེས“བོད་ལུགས་གསོ་རིག་གྲུབ་པ་ལུས་ཀྱི་གཞུང་ལུགས་དང་ལག་ལེན་སློབ་ཁྲིད”བརྗོད་དོན་ཡིན་པའི་རིག་གཞུང་བགྲོ་གླེང་བྱས།

ཐེངས་འདིའི་ཚོགས་འདུར་མཚོ་སྔོན་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་ལི་ལི་རོང་དང་མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་མ་ཅུན། མཚོ་སྔོན་ཞིང་ཆེན་ཀྲུང་བོད་གསོ་རིག་དོ་དམ་ཅུའུ་ཡི་རིམ་བཞི་བརྟག་ཞིབ་པ་དཔལ་ལྡན་ནོར་བཟང་། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་ཡོན་ཀྲང་ཟུར་པ་ཀྲང་ཅན་ཆིང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅུ་དབང་ཆེན་ཚེ་བརྟན། མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཧོང་མིང་ཡུས། མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་དྲུང་ཡིག་གཞོན་པ་སྟག་འབུམ་རྒྱལ་བཅས་ཞུགས་ཡོད་པ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་པེ་ཅིན་བོད་སྨན་ཁང་དང་བོད་ལྗོངས་གསོ་རིག་སློབ་ཆེན། ཀན་སུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན། ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་གླིང་། ཨ་རུ་བོད་སྨན་མ་རྐང་ཚད་ཡོད་ཀུང་སི། མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་། བོད་ལྗོངས་སྨན་རྩིས་ཁང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བོད་སྨན་ཁང་། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་སོགས་འབྲེལ་ཡོད་ལས་ཁུངས25ནས་ཕེབས་པའི་ཁེ་ལས་འགན་འཁུར་པ་དང་གསོ་རིག་ཆེད་མཁས་པ་སོགས་མི་སྣ100ལྷག་ཞུགས་ཡོད་དང་།  མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་གླིང་གཙོ་གཞོན་པ་དཔལ་ཆེན་གསང་བདག་གིས་ཚོགས་འདུར་མགོ་འཛིན་བྱས་པ་རེད། །

5.jpg

6.jpg

7.jpg

9.jpg

10.jpg

11.jpg

21.jpg


མཉམ་སྤྱོད།