དེ་རིང་ནི2025ལོའི་ཟླ05པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྨོན་ལམ་མཐོན་པོ་བརྗོད་གཞིའི་རྩོམ་ཡིག་ལ་བྱ་དགའ་ཐོབ་པའི་མིང་ཐོ།

2023-09-25 11:00:05   |   2082

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་། 


2023ལོའི“སྨོན་ལམ་མཐོན་པོའི་རྩོམ་ཡིག”ལ་བྱ་དགའ་ཐོབ་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ།

མཚོ་བྱང་ཁུལ་གྱི་སྨོན་ལམ་མཐོན་པོར་སྣ་མང་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་དང་རང་བྱུང་ཐོན་ཁུངས་ཡོད་ཅིང་། ད་ལོ་ནས་བཟུང་ཡུལ་སྐོར་བ་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད། སྔར་ལས་ལྷག་པའི་སྒོ་ནས་སྨོན་ལམ་མཐོན་པོའི་སྙན་པ་ཆེ་རུ་གཏོང་ཆེད།  ངེད་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་ཚགས་པར་ཁང་གིས་བྱ་དགའ་ཡོད་པའི་སྨོན་ལམ་མཐོན་པོའི་རྩོམ་ཡིག་བསྡུས་ཏེ། 2023ལོའི་ཟླ2པའི་ཚེས13ཉིན་ནས་བཟུང་ངེད་མཚོ་བྱང་ཁུལ་མདོ་ལ་ཚགས་པར་ཁང་གི“མཚོ་བྱང་མདོ་ལ་ཚགས་པར”དང“མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར”བོད་རྒྱ་སྐད་གཉིས་ཀྱི་སྤྱི་སྟེགས་སྟེང་སོ་སོར《རྩོམ་ཡིག་བསྡུ་བའི་གསལ་བརྡ》བཏང་།  

རྩོམ་ཡིག་བསྡུ་བའི་གསལ་བརྡ་བཏང་རྗེས། སྤྱི་ཚོགས་ལས་རིགས་སོ་སོས་དོ་སྣང་ཆེན་པོ་བྱས་ཤིང་། སྔ་རྗེས་སུ་ཞིང་ཆེན་ཕྱི་ནང་གི་རྩོམ་པ་པོ་དང་རྩོམ་རིག་ལ་དགའ་མཁན་སོགས་ཀྱི་རྩོམ་ཡིག80(བོད་རྒྱ་སྐད་གཉིས)ཙམ་འབྱོར་པ་དང་། ངེད་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་ཚགས་པར་ཁང་གི་རྩོམ་སྒྲིག་པས་ལེགས་འདེམས་དང་དག་བཅོས་ནན་ཏན་བྱས་རྗེས2023ལོའི་ཟླ2པའི་ཟླ་དཀྱིལ་ནས་ཟླ6པའི་ཟླ་མཇུག་བར“མཚོ་བྱང་མདོ་ལ་ཚགས་པར”སྐད་འཕྲིན་སྤྱི་སྟེགས་ཐོག་རྩོམ་ཡིག23བཀོད་པ་དང“མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར”བོད་ཡིག་སྐད་འཕྲིན་སྤྱི་སྟེགས་ཐོག་གསར་རྩོམ་བྱས་པའི་བོད་ཡིག་རྩོམ་ཡིག10བཀོད་ལ། རྩོམ་ཡིག་དེ་དག་གི་ནང་དོན་གཏིང་ཟབ་པ་དང་ཚིག་སྦྱོར་སྙན་ཞིང་འཇེབས་པས་སྤྱི་སྟེགས་སུ་བཀོད་རྗེས་རྒྱ་ཆེའི་ཀློག་པ་པོས་རྒྱ་ཁྱབ་ངང་ལྟ་ཀློག་དང་བསྟོད་བསྔགས། དཔྱད་བརྗོད། བརྒྱུད་སྤེལ་བཅས་བྱས་ནས་སྨོན་ལམ་མཐོན་པོའི་སྣ་མང་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་ཐོན་ཁུངས་སྔོག་འདོན་བྱ་ཆེད་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་པར་མ་ཟད། གསར་སྤེལ་དང་འཛུགས་སྐྲུན་བྱེད་པར་ཡང་རྨང་གཞི་བརྟན་པོ་བཏིངས་ཡོད།

རྩོམ་ཡིག་བསྡུ་བའི་བྱེད་སྒོ་མཇུག་སྒྲིལ་རྗེས། ཞིང་ཆེན་གསར་འགྱུར་ལས་ཁུངས་ཀྱི་ཆེད་མཁས་པས་སྤྱི་སྟེགས་སུ་བཀོད་པའི་རྩོམ་ཡིག་ལ་ཞིབ་དཔྱད་བྱས་ཏེ་བྱ་དགའི་ཨང་རིམ་གཏན་འབེབས་བྱས་ལ།  ད་ལྟ་སྤྱི་བསྒྲགས་བྱས་པ་གཤམ་ལྟར།

འདི་ནས་སྤྱི་ཚོགས་ལས་རིགས་ཁག་སོ་སོས་སྨོན་ལམ་མཐོན་པོའི་རྩོམ་ཡིག་བསྡུ་བར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཡང་བསྐྱར་ཐུགས་རྗེ་ཆེ་ཞུས་པ་ཡིན།

ཟུར་བཀད། “སྨོན་ལམ་མཐོན་པོའི་རྩོམ་ཡིག”ལ་བྱ་དགའ་ཐོབ་པའི་མིང་ཐོ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་ཚགས་པར་ཁང་།

2023ལོའི་ཟླ9པའི་ཚེས25ཉིན།

གསལ་བཤད། བྱ་དགའ་ཐོབ་མཁན་གྱིས་སྤྱི་བསྒྲགས་འདི་སྤེལ་རྗེས་ཀྱི་གཟའ་འཁོར་གཅིག་གི་ནང་ཚུན་དུ་མི་སྒེར་གྱི་དངུལ་བྱང་ཨང་གྲངས་དང་དངུལ་བྱང་དངུལ་ཁང་གང་གི་ཡིན་པ། རུས་མིང་སོགས་ངེད་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་ཚགས་པར་ཁང་གི་ཡིག་ཟམ་དུ་བསྐུར་དགོས་པར་མ་ཟད།    “སྨོན་ལམ་མཐོན་པོའི་རྩོམ་ཡིག་བསྡུ་བའི་རྩོམ་པ་པོ”ཞེས་པའི་ཡི་གེ་ཡང་འབྲི་དགོས།    

ཡིག་ཟམ་ཨང་གྲངས། 309631299@qq.com

འབྲེལ་གཏུག་ཁ་པར་ཨང་གྲངས། 18697235677

2023ལོའི་སྨོན་ལམ་མཐོན་པོ་བརྗོད་དོན་གྱི་རྩོམ་ཡིག(བོད་ཡིག)ལ་བྱ་དགའ་ཐོབ་པའི་མིང་ཐོ།

མཐོན་པོ་སྒང་གི་འདབས་རོལ།

སངས་རྒྱས་ཚེ་རིང་།

ཨང་དང་པོ།

ཁྱུང་ཆེན་གཤོག་འོག་གི་མཐོན་པོ་སྒང་།

རྡོ་རྗེ་ཚེ་རིང་།

ཨང་གཉིས་པ།

གནས་རི་སྨོན་ལམ་མཐོན་པོ་དང་ལ་བཙས་སྟོབས་ལྡན་བཀྲ་ཤིས་དཔལ་གཏེར་གྱི་བཤད་རྒྱུན་མདོར་བསྡུས།

རིན་ཆེན་ཚེ་རིང་།

སྨོན་ལམ་མཐོན་པོ། ངའི་སེམས་ནང་གི་རྒྱབ་རི་སྨུག་པོ།

ཕག་མོ་ཚེ་བརྟན།

ཨང་གསུམ་པ།

སྨོན་ལམ་མཐོན་པོའི་གཟི་དཔལ།

ལྕགས་ཐར་འབུམ།

སྲིད་ན་མཐོ་བའི་ས་འཛིན་སྨོན་ལམ་མཐོན་པོ།

ཀླུ་མགོན་རྒྱལ།

དུས་བཞིའི་མཛེས་སྡུག་ཁུར་བའི་སྨོན་ལམ་མཐོན་པོ།

བྱང་སྨྱུག་འཛིན།

མཐོན་པོ་སྒང་། ཁྱེད་ནི་ཉི་འོད་ཀྱིས་བཞེངས་པའི་གསེར་གྱི་མཆོད་རྟེན་ཞིག

ཕུན་ཚོགས་བཀྲ་ཤིས།

ཕུལ་བྱུང་།

ངའི་མཐོང་སྣང་གི་སྨོན་ལམ་མཐོན་པོ།

དབང་ཆེན་དོན་འགྲུབ།

མཐོན་པོ་སྒང་ནས་དམའ་མོ་གཞུང་ལ་བལྟས་ན།

ལྷ་མཆོག་ཚེ་རིང་།


མཉམ་སྤྱོད།