དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་དུ་ཆུ་ཚོད24ཡི་རིང་ལ་སྒོ་འབྱེད་པའི་དཔེ་ཁང3བཙུགས་ཡོད།

2023-09-26 15:06:49   |   2165

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་། 


ཉེ་ཆར། མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་དམངས་ཡོངས་དཔེ་ཀློག་གི་བྱ་བ་གཏིང་ཟབ་སྤེལ་བར་སྔར་ལས་སྐུལ་འདེད་དང་། གཏན་འཇགས་དཔེ་ཁང་གི་དཔེ་དེབ་གཡར་བའི་བརྒྱུད་རིམ་རྙོག་འཛིང་དང་སྒོ་འབྱེད་དུས་ཚོད་གཏན་འཁེལ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། མདའ་བཞི་རྫོང་གིས་ཁྱོན་མ་དངུལ་སྒོར་ཁྲི47བཏང་ནས་མདའ་བཞི་རྫོང་མཁར་ཟུར་གསུམ་གྲོང་རྡལ་གྱི་མི་རིགས་སློབ་འབྲིང་གི་ཁ་གཏད་དང་། ཝ་མགྱོགས་ཡུལ་ཚོ་མི་དམངས་སྲིད་གཞུང་དང་དཔལ་སྦྱིན་སོག་རིགས་ཡུལ་ཚོ་མི་དམངས་སྲིད་གཞུང་བཅས་ཀྱི་ར་སྐོར་ནང་དུ་ཆུ་ཚོད24རིང་ལ་སྒོ་འབྱེད་པའི་རང་རོགས་དཔེ་ཁང་ཆུང་ངུ(གྲོང་ཁྱེར་དཔེ་ཁང)3བཙུགས་ཡོད། ཆུ་ཚོད24རིང་ལ་སྒོ་འབྱེད་པའི་རང་རོགས་དཔེ་ཁང་ནིRFIDའདུས་གྲུབ་གློག་ལམ་གྱི་དཔེ་རྟགས་ལྡན་པའི་དཔེ་དེབ་དང་། རང་རོགས་གཡར་སྤྲོད་སྒྲིག་ཆས། རིག་ནུས་སྒོ་འབྱེད།  ལྟ་རྟོག་ཆས། དཔེ་སྒྲོམ། ཅོག་ཙེ་དང་རྐུབ་སྟེགས། དྲོད་སྙོམས་འཕྲུལ་ཆས། སྒོ་གསལ་གློག་འོད་སོགས་ལས་གྲུབ་ཡོད། དཔེ་ཁང་ནང་གི་སྒྲིག་བཀོད་འཐུས་ཚང་དང་ལག་རྩལ་སྔོན་ཐོན། མཛེས་བཟོ་སྟབས་བདེ་ཡིན་པ་དང་། དཔེ་ཀློག་གི་ཁོར་ཡུག་སྐྱིད་པོ་རུ་རིག་གནས་མཁའ་དབུགས་ཟབ་མོ་ཞིག་གིས་ཁེངས་ཡོད།  ཀློག་པ་པོས་ཐོབ་ཐང་ལག་ཁྱེར་བརྒྱུད་རང་འགུལ་ངང་སྒྲིག་ཆས་སྟེང་དུ་དཔེ་ཆ་ལྟ་ཀློག་དང་གཡར་སྤྲོད་བྱས་ཆོག་པས།  ལས་རེས་མི་དགོས་པ་དང་རིག་ནུས་གཡར་སྤྲོད་བྱེད་ཐུབ་པ།  ཆུ་ཚོད24ཡི་རིང་ལ་སྒོ་མི་རྒྱག་པའི་དཔེ་ཀློག་གི་ཉམས་ལེན་བྱེད་ཐུབ་པ་མངོན་འགྱུར་བྱུང་ཡོད། 



མཉམ་སྤྱོད།