དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-09-27 07:31:52   |   3491

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས་གསར་གཏོད་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་གྱི་གདོང་ལེན་པ་བྱེད་ཕོད་པ་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ཧུར་ཐག་བསྐྲུན་དགོས་པ་བསྟན།

  • ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་ནས། ཉེ་ཆར་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་དང་པོའི་སྐོར་གཟིགས་ཀྱི་ལྡོག་ལན་ལས་དོན་ཚང་མ་ལེགས་གྲུབ་བྱུང་ཡོད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས26ཉིན《ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་སྟེ། ཀྲུང་གོའི་གྲོས་མགོ་དང་བྱ་སྤྱོད》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས་པ་རེད།

  • ཚེས26ཉིན། ཀྲུང་གོའི་རུ་ཁག་ལ་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་སླར་ཡང་གསེར་གྱི་རྟགས་མ་14དང་། དངུལ་གྱི་རྟགས་མ8དང་། ཟངས་ཀྱི་རྟགས་མ4བཅས་ཐོབ་ནས་མུ་མཐུད་དུ་བྱ་དགའི་རྟགས་མའི་ཨང་དང་པོར་སླེབས་ཡོད།

1.png

  • ཚེས26ཉིན། རུ་འཁྱུར་དམག་མིའི་ལས་དོན་པུས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གཅིག་གྱུར་གྱི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་སྲུང་སྐྱོང་མཚོན་རྟགས་དང་མཚོན་རྟགས་བྱང་བུ་སྤྱོད་རྒྱུ་ཡིན་ཞེས་བཤད་པ་རེད།

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ8པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན8644ཞིབ་བཤེར་ཐག་གཅོད་བྱས་པ་དང་མི12258ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་ཡོད།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་སྙན་ཞུ་ཁྱབ་བསྒྲགས་བྱས་པར་གཞིགས་ན། མིག་སྔའི་བར། ཀྲུང་གོའི་སྤུས་ཚད་ཁས་ལེན་སྒྲིག་གཞིའི་དཔང་འདོན་ཆོག་འཐུས་འཛིན་ཐོབ་པའི་སྒྲིག་གཞི་ཁྲི100ལས་བརྒལ་ཡོད་པ་རེད།

  • རྒྱལ་ཁབ་རིག་དངོས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་བཅུའི་རིང་ཕྱིར་གྱར་བའི་རིག་དངོས་ཁག1800ལྷག་ཙམ་མེས་རྒྱལ་དུ་ཕྱིར་ལོག་བྱས་ཡོད་པ་རེད། 

  • ཚེས26ཉིན། ཕྱི་འབྲེལ་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར། རྒྱལ་ཁབ130ལྷག་ཙམ་གྱི་འཐུས་མིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་རྒྱུའི་གཏན་འཁེལ་བྱས་པ་རེད།

སྤྱི་ཚོགས།

  • རྒྱུན་མཐུད་ངང་ཆར་པ་བབས་པ་དང་མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་ནས་དེ་རིང་ནས་ཚེས29ཉིན་བར་ཤིས་ཨན་དང་། ལན་ཀྲོའུ། ཝུའུ་ལུའུ་མུའུ་ཆི་སོགས་ཀྱི་དྲོད་ཚད་མཐོ་ཤོས20℃དང་ཡང་ན་མན་ཡིན་པ་རེད།

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པོ་ནས8པའི་བར་རྒྱལ་ཡོངས་སུ་དུག་རྫས་ཉེས་གསོག་གྱོད་གཞི་ཁྲི2.6རྩད་ཆོད་པ་དང་དུག་རྫས་སྣ་ཚོགས་ཏུན16.5གཞུང་བཞེས་བཏང་ཡོད།

  • སྐྱེ་ཁམས་ཁོར་ཡུག་པུས་ད་ལོའི་ཟླ11པར་བཟོ་ལས་ཀྱི་འཛེར་སྒྲ(工业噪声)དེ་བཙོག་འབུད་ཆོག་འཐུས་དོ་དམ་ནང་འཇུག་རྒྱུ་ཡིན་ཞེས་བཤད་པ་རེད།

  • ཧོ་པེ་ཀྲང་ཅ་ཁོའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་པེ་ཅིང་གྲོང་ཁྱེར་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཡུས་ལུའུ་མིང་གིས་ལྐོག་རྔན་བླངས་པའི་གྱོད་གཞི་དེ་ཡོངས་བསྒྲགས་སུ་བཅད་ཁྲ་ཁྱབ་བསྒྲགས་བྱས། ཡུས་ལུའུ་མིང་ལ་དུས་བཀག་བཙོན་འཇུག་ལོ11བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།

  • ཧུའུ་པེ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་ཁྲེན་རུང་ཡོན་གྱིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་པ་རེད།

2.jpg

  • ཚེས26ཉིན། རང་རྒྱལ་གྱི་དཔྱང་འགེལ(空中悬挂)རྣམ་པའི་མེ་འཁོར་དང་པོ་སྟེ། ཀོང་ཀུའུ་མཁའ་དབྱིངས་ལྕགས་ལམ་གྱི་གནས་སྐོར་ལམ་ཐིག་ཧུའུ་པེའི་ཝུའུ་ཧན་དུ་དངོས་སུ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱས་པ་རེད།

  • ཧྲན་ཤིས་ཏ་ཐུང་གིས་ཏ་ཁྲེང་སྐད་གཉིས་སློབ་གྲྭའི་ན་སོ་དར་ལ་མ་བབས་པའི་མིར་བརྙས་བཅོས་བྱེད་པའི་དོན་རྐྱེན་བརྟག་དཔྱད་དང་ཐག་གཅོད་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད།

3.jpg

  • ཡུན་ནན་གྱི་ཏཱ་པོ་རི་བོ་ཟིན་ཐོ་ནང་དུ་འདབ་ཆགས་རྩ་ཆེན་རིགས་གཉིས་གསར་དུ་བཀོད་ཡོད་པ་སྟེ། བྱ་གླག་དང་སྐྱ་ཁྲ་ཡིན།

4.jpg

  • ཅང་སུའུ་སུའུ་ཀྲོའུ་ཡི་སྐྱེས་པ་ཞིག་གཞོགས་སུ་ལོག་པའི་རླངས་འཁོར་འོག་ཏུ་ལུས་པ་དང་། ལམ་བར་དུ་ཡོད་པའི་ཧུའུ་ཨན་ཀུའེ་སོགས་ལམ་འགྲོ་བ་དྲུག་གིས་ཐོས་རྗེས་མཉམ་དུ་རླངས་འཁོར་བཀྱགས་ནས་རྨས་མ་བདེ་འཇགས་ངང་བསྐྱབས་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་འབྲིང་རྒྱུགས་སྒྱུར་བཅོས་ཇུས་གཞི་ཁྱབ་བསྒྲགས་བྱས་པ་དང་། དམའ་རིམ་སློབ་འབྲིང་གི་ཡོན་ཚད་རྒྱུགས་ལེན་སློབ་ཚན་ལ་རྒྱུགས་ལེན་དང་། ཞིབ་བཤེར། དཔྱད་ཞིབ་བཅས་རིགས་གསུམ་དུ་དབྱེ་ཡོད།

  • ཧྲང་ཧའེ་ཡིས་གཞི་རིམ་སྨན་བཅོས་སྒྲིག་གཞིའི་འཕྲལ་བཅོས་འགྲོ་སོང་རྩིས་ཞུའི་བསྡུར་ཚད་མཐོ་རུ་བཏང་ནས་ལས་ཐོག་ལས་བཟོའི་སྡེ་ཁུལ་གྱི་འཕྲལ་བཅོས་འགྲོ་སོང་རྩིས་ཞུའི་བསྡུར་ཚད80%བར་མཐོ་རུ་བཏང་བ་དང་། ལས་འཁྱུར་ངལ་གསོ་རྒྱག་མཁན་ཁག་གཅིག85%ཡན་དུ་མཐོ་རུ་བཏང་ཡོད།

  • སི་ཁྲོན་ཁྲེང་ཏུའུ་ཡིས་མི་སྒེར་གྱིས་སྡོད་ཁང་ནང་བཤུག་བཏང་བའི་གནས་ཐང་འཕར་ཁྲལ་གྱི་དཔྱ་ཁྲལ་རྩ་ཆག་གཏོང་བའི་ལོ་ཚད་གཅིག་གྱུར་ཐོག་ལོ2བར་ལེགས་སྒྲིག་བྱས་འདུག

དེ་རིང་གི་གནམ་གཤིས།

5.jpg

  • ཞིན་ཅང་བྱང་རྒྱུད་ཀྱི་ཤར་རྒྱུད་དང་། ནང་སོག་གི་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་དབུས་བྱང་རྒྱུད། མཚོ་སྔོན་གྱི་ཤར་ལྷོའི་རྒྱུད། ཀན་སུའུ་ཡི་དབུས་རྒྱུད། ཧྲའན་ཞིའི་ལྷོ་ནུབ་རྒྱུད། སི་ཁྲོན་གྱི་བྱང་ཤར་རྒྱུད། ཁྲུང་ཆིང་གི་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་བྱང་རྒྱུད། ཡུན་ནན་གྱི་ཤར་ལྷོའི་རྒྱུད། ཀོང་ཞི་ལྷོ་རྒྱུད་ཀྱི་མཚོ་རྒྱུད་ས་ཁུལ། ཀོང་ཏུང་གི་ལེ་ཀྲོའུ་ཕྱེད་གླིང་། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད།  དེའི་ནང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་། ཀོང་ཏུང་གི་ལེ་ཀྲོའུ་ཕྱེད་གླིང་། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ས་ཤས་སུ་དྲག་ཆར་འབབ་ཀྱི་རེད།


མཉམ་སྤྱོད།