དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་སྲིད་གཞུང་གི་ཏང་ཙུའི་ཚོགས་འདུ་འཚོགས། ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་།

2023-09-27 10:11:55   |   3541

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ9པའི་ཚེས25ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅིའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་སྲིད་གཞུང་གི་ཏང་ཙུའི་ཚོགས་འདུ་ཐེངས44པ་གཙོ་སྐྱོང་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་། ཁུལ་ཨུའི་ལས་ཀའི་བླང་བྱ་དོན་འཁྱོལ། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བཅས་བྱས།

1.jpg

     ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།《ཏང་གི་རང་ངོས་གསར་བརྗེའི་སྐོར་གླེང་བ》ཞེས་པ་ལས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱེད་པའི་སྐོར་དང་།《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེད་དོན་བཤུས་སྒྲིག》ཅེས་པ་ལས་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་བྱེད་མཁན་ཤེས་ལྡན་མི་སྣའི་འདེགས་སྐྱོར་ཤུགས་ཆེན་གཏོང་བ་སོགས་ཀྱི་དགོངས་དོན་དང་། ཁུལ་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི《<བརྗོད་དོན་སློབ་གསོའི་སྐབས་སུ“འདྲི་སྐྱོད་ཆེན་མོ་དང་། ཞིབ་འཇུག་བརྟག་དཔྱད་ཆེན་མོ། གྲལ་བཤེར་ཆེན་མོ། ཁྲེག་རྒོལ་ཆེན་མོ་བཅས་བྱེད་པའི”བྱ་འགུལ་ལག་བསྟར་གྱི་ཇུས་གཞི>དཔར་འགྲེམ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཡི་དགོངས་དོན་བཅས་སློབ་སྦྱོང་བྱས།

2.jpg

གྲོས་ཚོགས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། རང་རེའི་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ། དངོས་སྒྲུབ་གོ་ཆོད་ཀྱི་ལས་ཀར་བརྟེན་ནས་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་དང་། རྨོ་ཞིང་འབྲུ་རིགས་སྲུང་སྐྱོང་། གནས་སྐོར་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་མུ་མཐུད་དུ་ཤུགས་སྣོན་དགོས། སྲོག་ཤིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་དུ་གཏོང་བ། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་སོགས་ལྷུ་ཚིགས་གལ་ཆེན་ལ་དམ་པོར་དམིགས་པ། ལས་བགོས་འགན་གཉེར་ཁྱབ་ཁོངས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཆེན་རིང་སྤྱོད་གཙང་གཞུང་དྲང་ཡོང་བའི་འགན་ལེན་བྱེད་དགོས། ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པར་ཤུགས་སྣོན་པ་དང་། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་པ། སློབ་གསོའི་གྲོན་དངུལ་གཏོང་སྒོའི་གྲུབ་ཚུལ་ལེགས་སུ་གཏོང་བ། སློབ་གསོའི་རྣམ་གྲངས་ལ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ། སློབ་གསོ་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བཅས་བྱས་ཏེ་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་དགོས་པ་སོགས་ཀྱི་བླང་བྱ་བཏོན།

3.jpg

ཚོགས་འདུའི་ཐོག 《ཀྲུང་གུང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡིས་བརྗོད་དོན་སློབ་གསོའི་རིང་བརྟག་དཔྱད་ཞིབ་འཇུག་ལས་དོན་སྤེལ་རྒྱུའི་སྐོར་གྱི་འཆར་གཞི》དང་། 《ཀྲུང་གུང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སློབ་སྦྱོང་འཆར་གཞི》དང་། 《ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་བརྗོད་དོན་སློབ་གསོའི་གནད་དོན་གསལ་ཐོ》དང་《གཞི་རིམ་དུ་མངོན་ཞིང་རྩ་བ་གོང་རིམ་དུ་ཡོད་པ་མ་ཟད་གཞི་རིམ་ཁོ་ནར་བརྟེན་ནས་ཐག་གཅོད་བྱེད་མི་ཐུབ་པའི་གནད་དོན་གསལ་ཐོ》བཅས་ལ་ཞིབ་འཇུག་གནང་། ཚོགས་འདུའི་ཐོག བརྗོད་དོན་སློབ་གསོ་སྤེལ་བའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་སྲིད་གཞུང་གི་ཏང་ཙུའུ་ཡིས་གཏན་འབེབས་བྱས་པའི་བརྗོད་དོན་སློབ་གསོའི་སློབ་སྦྱོང་འཆར་གཞི་གཞིར་བཟུང་ནས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ། དམིགས་ཚད་ཀྱི་ཁྲིད་ཕྱོགས་དང་། གནད་དོན་གྱི་ཁྲིད་ཕྱོགས། འབྲས་བུའི་ཁྲིད་ཕྱོགས་བཅས་མཐའ་འཁྱོངས་བྱེད་པ་བཅས་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་དེ་བྱེ་བྲག་གི་ལག་ལེན་ཁྲོད་བཀོལ་སྤྱོད་ཐུབ་པ་བྱེད་དགོས་ཤིང་། བརྟག་དཔྱད་ཞིབ་འཇུག་དང་ཁྲེག་རྒོལ་གཅིག་གྱུར་ཡོང་བ་བྱེད་པ་དང་། “རྩད་གཅོད་པ་དང་། ལེགས་བཅོས་བྱེད་པ། གནད་དོན་སེལ་བ། གསར་བ་འཛུགས་པ”བཅས་བྱ་འགུལ་གྱི་ཕྱོགས་ཡོངས་ལ་ཁྱབ་པར་བྱེད་དགོས་པ་དང་། སྲིད་གཞུང་གི་འགན་འཁུར་གཙོ་བོ་དང་། འགན་བབ་ལས་དོན་ཁག་ལ་བརྟག་དཔྱད་ཞིབ་འཇུག་བརྒྱུད་འབྲས་བུ་ཡོད་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་གནད་དོན་དག་ཐག་གཅོད་ཡག་པོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན།

ཚོགས་འདུའི་ཐོག་དུས་ཚིགས་གསུམ་པའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུ་དང་མཚོ་སྔོན་པོའི་ཙོང་ཉའི་ཐོན་ཁུངས་སྲུང་སྐྱོང་བྱ་འགུལ་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས། ལོ་འཁོར་གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་ཧེ་བག་འཚོལ་བ། ཞན་ཆ་གསབ་པ་བཅས་བྱས་ཏེ་ཏན་ཏིག་དང་དམིགས་ས་ཡོད་པའི་བྱེད་ཐབས་སྤྱད་དེ་ཐོན་ལས་གཉིས་པ་དང་གསུམ་པའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། དཔལ་འབྱོར་འཕར་གཞི་གསར་པ་སྔོག་འདོན་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་གྱི་སྤྱི་འབོར་འཕར་རྒྱུར་རམ་འདེགས་བྱེད་པ། དུས་ཚིགས་གསུམ་པའི་དཔལ་འབྱོར་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་ཆེད་རྨང་གཞི་ཡག་པོ་འདིང་དགོས་པའི་བླང་བྱ་བཏོན་ལ། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་གཞིར་བཟུང་ཉ་ལས་ཁྲིམས་འཛིན་ནུས་པའི་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་པ་དང་། “འགོག་སྲུང”གི་བྱེད་ཐབས་ཕུན་སུམ་ཚོགས་སུ་གཏོང་བ། རྨ་ཆུ་རྒྱུག་ཁུལ་དང་མཚོ་སྔོན་པོའི་བྱང་ངོགས་ཀྱི་ཉ་དང་འབྲེལ་བའི་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས་མཚོ་སྔོན་པོའི་སྐྱེ་ཁམས་སྦྲེལ་ཐག་གི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས། བསམ་བློའི་ངོས་འཛིན་མཐོ་རུ་ཏན་ཏིག་བཏང་ནས་ལས་རེས་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གཉིས་རིང་གི་ལས་དོན་ཁག་ལ་དམ་པོར་དམིགས་ནས་ནུས་ཤུགས་ཡོད་རྒུས་མང་ཚོགས་བློ་བདེའི་ངང་དུས་ཆེན་གཏོང་རྒྱུའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན།


མཉམ་སྤྱོད།