དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གི་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་སྒོ་ཕྱེ།

2023-09-27 12:56:20   |   4661

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ9ཚེས26ཉིན། མདོ་ལ་རྫོང་གི་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་སྒོ་ཕྱེ་བའི་མཛད་སྒོ་གཟབ་རྒྱས་ངང་འཚོགས།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་སྒོ་ཕྱེ་རྒྱུ་ཁྱབ་བསྒྲགས་བྱས་ཏེ། མདོ་ལ་རྫོང་གི་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་སྒོ་བྱང་བཀལ།  ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཆེ་ཝང་ཡུང་ཁྲང་དང་། རྫོང་ཨུའི་ཧྲུའུ་ཅི་ཧོ་པིན། རྫོང་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་མཱ་ཁྲང་ཧྲེང་། རྫོང་སྲིད་གྲོས་ཀྲུའུ་ཞི་ཨན་ཧྲེན་ཧུའེ་བཅས་སྒོ་ཕྱེའི་མཛད་སྒོར་ཞུགས།  

1.jpg

3.jpg

ཧོ་པིན་གྱིས་ཤིས་ཚིག་ཕུལ་ཞིང་།  རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཧོ་ཧྲེང་ཅེ་ཡིས་སྒོ་ཕྱེའི་མཛད་སྒོར་གཙོ་སྐྱོང་གནང་།  སྒོ་ཕྱེའི་མཛད་སྒོ་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་བརྩམས་པ་རེད། 

2.jpg

5.jpg

6.jpg

7.jpg

ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ནན་ཏན་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་སྤེལ་ཞིང་། རྒྱལ་ཁབ་བཙུགས་ནས་ལོ74འཁོར་བར་བསུ་མ་དང་མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་དུས་བཟང་འདིར། མདོ་ལ་རྫོང་གི་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་ཡོངས་སུ་ལེགས་འགྲུབ་བྱུང་བ་འདིས། མདོ་ལ་རྫོང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ཡང་བསྐྱར་ས་རྟགས་གསར་བ་བསྣན་པ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་པར་གཡུལ་ས་གསར་བ་བཏོད་པ་མཚོན་ཡོད།  ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་དང་། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ཡག་པོ་གཏོང་བ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱེད་པ”སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་རྒྱུན་འཛིན་བྱ་རྒྱུའི་སྐོར་གྱི་བཀོད་སྒྲིག་ལྟར། རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་དེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་དུ་བཅུག་ཡོད།  བྱ་བའི་ཆེད་ཚན་བཙུགས་པ་དང་། གསར་བརྗེའི་ལམ་ཕྱོགས་ལ་ཡང་བསྐྱར་སྐྱོད་པ། ཕྱོགས་མང་པོ་ནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་འཚོལ་བསྡུ་བཅས་བྱས་པ་བརྒྱུད“ས་ཁུལ་གཅིག དཔེ་དེབ་གཅིག འཁྲབ་གཞུང་གཅིག སློབ་ཁྲིད་གཅིག མནའ་འབྲེལ་གཅིག”བཅས་ནང་དོན་གཙོ་བོར་བྱས་པའི་མདོ་ལའི་པར་གཞིའི་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་གནས་གཞི་བཏོད་དེ། གསར་བརྗེའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པར་སྒུལ་ནུས་གསར་བ་བསྣན་ཞིང་། ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་བློ་ལ་བཅངས་ནས་ལག་ཏུ་བསྟར་བར་སྔར་ལས་སྐུལ་མ་གཏོང་བཞིན་ལས་སྟེགས་གསར་བ་བཏོད་ནས་བསམ་པའི་བཙན་ས་གསར་བ་བཏོད།  གསར་བརྗེ་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་དེ་མདོ་ལའི་མི་རིགས་ཁག་གི་བུ་ཕྲུག་དག་ལམ་བུ་གསར་བ་དང་དུས་རབས་གསར་བར་སྐྱོད་པའི་ཁྲོད་གསར་བརྗེའི་མེ་ཁྱེར་གྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས། ཏང་ཡོན་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་ལེགས་སྐྱེས་འབུལ་ཕོད་པར་སྐུལ་མ་གཏོང་བཞིན། དངོས་སྒྲུབ་འབད་འབུངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་སྐྱོད་རྟགས་སུ་བསྒྱུར་དགོས།  

8.jpg

9.jpg

10.jpg

ཧོ་པིན་གྱིས་ཤིས་ཚིག་ཕུལ་སྐབས། མདོ་ལ་རྫོང་གིས་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་དེ་ཕུགས་བསམ་དད་སེམས་ཀྱི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་བཅས་ཀྱི་སྐར་ཁུང་གལ་ཆེན་ཞིག་ཏུ་བསྐྲུན་པར་གཞོལ་ནས། དུས་རབས་གསར་བའི“བསམ་གཞིག་ཆེ་མོའི་སློབ་ཁྲིད”རྒྱུན་མཐུད་ངང་ཡག་པོ་ཤོད་པ་དང་། སྤྱི་ཚོགས་ཀྱིས་མི་གཞི་སྐྱོང་བའི“ནུས་ཚད་ཆེན་པོ”གཅིག་ཏུ་འགྲིལ་དགོས། “གསར་བརྗེའི་དད་སེམས+ལྗང་མདོག་འཕེལ་རྒྱས+སྔོན་པོའི་བཅོས་སྐྱོང”བཅས་ལྟེ་བར་བྱས་ནས“མདོག་གསུམ”སློབ་གསོའི་སྤུས་རྟགས་འཚོལ་ཞིབ་བྱས་ཏེ། “མདོག་གསུམ”ཞིབ་འཇུག་སློབ་སྦྱོང་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མཉམ་སྐྲུན་མཉམ་སྤྱོད་འདུ་ཤེས་སུ་བྱས་ཏེ། གསར་བརྗེའི་གནས་སྐོར་དེ་རྨ་ནུབ་དོག་ལམ་དང་། ཀན་སུའུ་དང་མཚོ་སྔོན་གྱི་གནས་སྐོར་ལམ་ཐིག་ཆེན་པོའི་ནང་འདྲེས་པར་བྱེད་པ་དང་། གནས་སྐོར་ལས་རིགས་ཀྱི་ཐོན་ལས་འབྲེལ་ཐག་རིང་དུ་བཏང་སྟེ། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་གྱི་དམིགས་ས་བསྐྲུན་པར་སྟོབས་ཤུགས་གསར་བ་གཅིག་སྒྲིལ་བྱས་ནས། གསར་བརྗེའི་ཐོན་ཁུངས་དེ་དུས་རབས་གསར་བའི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་བའི་ཁྲོད་དུ་སྐྱེ་སྟོབས་གསར་བ་རྒྱས་པར་འབད་བརྩོན་བྱ་དགོས་ཞེས་བསྟན། 

11.jpg

12.jpg

13.jpg

14.jpg

15.jpg

ཁྱོན་མ་དངུལ་སྒོར་ཁྲི470ལྷག་ཙམ་བཏང་བའི་གསར་བརྗེའི་རིག་གནས་ཞིབ་འཇུག་སློབ་སྦྱོང་སློབ་གསོའི་རྟེན་གཞིའི་ནང་། གསར་བརྗེའི་དྲན་འཆར་ཡོད་པའི་དངོས་པོ200ལྷག་ཙམ་ཡོད་པ་དང་འགྲེམས་རྫས་རྙིང་བའི་རྒྱབ་ཏུ་མི་སེམས་འགུལ་བའི་གསར་བརྗེའི་གཏམ་རྒྱུད་རེ་ཡོད་ལ། རྩ་ཆེའི་ལོ་རྒྱུས་ཀྱི་པར་རིས་རེ་རེའི་ཐོག་ནས་ལོ་ཟླའི་འཕོ་འགྱུར་དང་དུས་རབས་ཀྱི་འཕེལ་རྒྱས་ཀྱི་མངོན་པར་མཚོན་ཡོད།

16.jpg

17.jpg

18.jpg

ཁྱིམ་དུ་སྡོད་པའི་རྫོང་རིམ་པའི་འགོ་ཁྲིད་ཁག་དང་། ཡུལ་གྲོང་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ། རྫོང་ཨུའི་སྡེ་ཚན་ཁག རྫོང་ཐད་གཏོགས་ལས་ཁུངས་ཁག མང་ཚོགས་ཀྱི་ཚོགས་པ་སོ་སོ། རྫོང་སྡོད་ཞིང་ཆེན་དང་ཁུལ་གྱི་ལས་ཁུངས་སོ་སོའི་འགན་འཁུར་བ་གཙོ་བོ། སྨྱན་སྦྱོར་གྱི་གསར་འགོད་པ། མདོ་ལ་རྫོང་དུ་འཚོ་བ་རོལ་བ་དང་བྱ་བ་གཉེར་བའི་གསར་བརྗེའི་དཔུང་སྡེའི་མི་རབས་རྗེས་མའི་འཐུས་མི། ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མི་བཅས་བྱེད་སྒོར་ཞུགས། 


མཉམ་སྤྱོད།