དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-09-28 07:35:49   |   630

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུ་ཡིས་ཟླ9ཚེས27ཉིན་ཚོགས་འདུ་འཚོགས་ནས《སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་དང་པོའི་སྐོར་གཟིགས་བྱས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ》ལ་གྲོས་ཞིབ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།

  • ཟླ9ཚེས27ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུ་ཡི་མཉམ་སྡེབ་སློབ་སྦྱོང་ཐེངས་བརྒྱད་པའི་ཐོག་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་ནང་ཧུར་ཐག་ཞུགས་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་ཁ་ལོ་སྒྱུར་བའི་ནུས་པ་ཆེ་རུ་གཏོང་དགོས་པ་བསྟན།

  • ཟླ9ཚེས27ཉིན། ཀྲུང་གོའི་རུ་ཁག་ལ་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་སླར་ཡང་གསེར་གྱི་རྟགས་མ23དང་། དངུལ་གྱི་རྟགས་མ་14དང་། ཟངས་ཀྱི་རྟགས་མ8བཅས་ཐོབ་པ་རེད། མིག་སྔར། ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ76དང་བྱ་དགའི་རྟགས་མ140ཐོབ་ཡོད།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ཟླ8པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས17.2%འཕར་ཡོད།

  • ནོར་སྲིད་པུའུ་སོགས་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱས་དོན། རླངས་འཁོར་རྙིང་པ་བརྒྱུད་ཚོང་གི་འབྲེལ་ཡོད་གནས་ཐང་འཕར་ཁྲལ་སྲིད་ཇུས་སོགས་དམངས་འཚོའི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཁག་བཞི་དེ2027ལོའི་ལོ་མཇུག་བར་རྒྱུན་མཐུད་ལག་བསྟར་བྱ་རྒྱུ་རེད།

  • ཚེས27ཉིན། ལྕགས་ལམ་གྱི་རྒྱལ་སྟོན་རྫོགས་ལྡན་གཟའ་འཁོར་སྐྱེལ་འདྲེན་བྱེད་མགོ་ཚུགས་པ་དང་དེའི་རིང་རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར1.9སྐྱེལ་འདྲེན་བྱ་རྒྱུ་རེད།

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་རིང་རྒྱལ་ཡོངས་ཀྱི་འགག་སྒོར་སྔོན་དཔག་བྱས་ན་ཉིན་རེར་ཆ་སྙོམས་ཀྱིས་ས་མཚམས་ནས་འགྲོ་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི158ཟིན་རྒྱུ་ཡིན་པ་དང་། ན་ནིང་གི་དུས་མཚུངས་ལས་ལྡབ3ཙམ་འཕར་རྒྱུ་རེད།

1.jpg

  • ཟླ9པའི་ཚེས27ཉིན་གྱི་ཆུ་ཚོད4:15སྟེང་། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་བཞི་པ་ག་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་རྒྱང་ཚོར་ཨང་སོ་གསུམ་པའི་སྲུང་སྐར04མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་དང་། སྲུང་སྐར་བདེ་བླག་ངང་དེ་སྔོན་གཏན་འཁེལ་བྱས་པའི་འཁོར་ལམ་དུ་བསྐྱོད་དེ་འཕེན་གཏོང་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་།

2.jpg

  • ཀྲུང་གོ་ཚན་རིག་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཏེ“བར་སྣང་ཁོར་ཡུག་གི་རྩིག་རྨང་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དྲ་བ”ཡི་མཚོན་རྟགས་རང་བཞིན་སྒྲིག་ཆས་ཀྱི་ཡ་གྱལ། སྒོར་དབྱིབས་རྣམ་པའི་ཉི་མའི་འཕྲོ་འབྱེད་བརྙན་གྲུབ་རྒྱང་ཤེལ་དེ་བཟོ་རྩལ་གྱི་ཚོད་ལྟ་བདེ་བླག་ངང་བྱས་པ་རེད།

  • ཉེ་ཆར། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཆེན500ཡི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ནང་། དམངས་གཉེར་ཁེ་ལས་སྟོབས་ཆེན500ཡི་ལས་གཉེར་ཡོང་འབབ་སྡོམ་འབོར་སྒོར་དུང་ཕྱུར་ཁྲི39.83ཟིན་ནས3.94%འཕར་ཡོད།

སྤྱི་ཚོགས།

  • དེ་རིང་དང་སང་ཉིན། ནང་སོག་དབུས་ཤར་རྒྱུད་དང་། ཧྭ་བྱང་བྱང་རྒྱུད། བྱང་ཤར་ས་ཁུལ་བཅས་སུ་དྲོད་ཚད4~6℃དམའ་རུ་འགྲོ་བ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད་ཆག་ཚད8℃ཡན་ལ་སླེབས་ཀྱི་རེད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་གི་ཉིན་དང་པོར་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་དུ་འགྲུལ་བཞུད་བྱེད་ཚད་ཐེངས་ཁྲི6600ཙམ་ཟིན་ཡོད་པ་རེད།

  • ཚེས27ཉིན། དམངས་སྲིད་པུས་བརྟག་དཔྱད་ཚོགས་ཆུང་མངགས་ནས་ཀྲུང་ཧྭ་ལོ་ཆུང་བྱིས་པའི་དགེ་སྒྲུབ་རོགས་སྐྱོབ་ཐེབས་རྩ་ལྷན་ཚོགས་སུ་བཅའ་སྡོད་བྱས་ཏེ། ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་ཏེ་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཞིབ་བཤེར་ཐག་གཅོད་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས་པའི་ཁྱབ་བསྒྲགས་བྱས་པ་རེད།

  • ཉེ་ཆར། ས་གནས་མང་པོའི་སྤྱི་བདེ་ལས་ཁུངས་ཀྱིས་ཟླ་མཆོད་བག་ལེབ་རྫུས་མ་བཟོ་འཚོང་བྱས་པའི་གྱོད་གཞི་སོགས་དུས་ཆེན་དང་འབྲེལ་བ་ཡོད་པའི་བཟའ་བཅའི་ཉེས་གསོག་གི་གྱོད་གཞི་གལ་ཆེན་ཁག་གཅིག་རྩད་ཆོད་པ་དང་རིམ་རྩིས་བྱས་ན་ཉེས་གསོག་དོགས་ཅན1100ལྷག་ཙམ་འཛིན་བཟུང་བྱས་པ་དང་། སྤྱིའི་གྱོད་གཞིའི་རིན་ཐང་སྒོར་དུང་ཕྱུར9.6ལྷག་ཙམ་ཟིན་ཡོད་པ་རེད།

  • ཉེ་ཆར། ཧུའུ་པེ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་གོ་མི་དམངས་དངུལ་ཁང་གི་དེ་སྔའི་ཏང་ཨུའི་ཨུ་ཡོན། ཧང་ཀྲང་གཞོན་པ་ཧྥན་དབྱི་ཧྥེ་ཡིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་ཡོད།

3.jpg

  • ཧྥུའུ་ཀྲོའུ་ནས་ཞ་མོན། དེ་ནས་ཀྲང་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་དེ་རིང་ཤར་གཏོང་བྱས་ཡོད།  ཧྥུའུ་ཀྲོའུ་ནས་ཞ་མོན་བར་མགྱོགས་ཤོས་ལ་སྐར་མ55ནང་ཐོན་པ་དང་། ས་གནས་གཉིས་སུ“ཆུ་ཚོད་གཅིག་གི་འཚོ་བའི་འཁོར་རྒྱ”མངོན་འགྱུར་བྱུང་ཡོད།

  • ཚེས27ཉིན། ཀྲུང་གོའི་བྱང་འཁྱགས་རོམ་རྒྱ་མཚོའི་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས13པ་“གངས་འབྲུག་ཨང་གཉིས་པ”རྟགས་ཅན་གྱི་གླིང་སྣེའི་ཚན་རིག་རྟོག་ཞིབ་ཀྱི་འཁྱགས་གཏོར་གྲུ་གཟིངས་བསྡད་དེ་ཧྲང་ཧའེ་རུ་བདེ་བླག་ངང་ཕྱིར་ལོག་བྱས་པ་རེད། ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་དུས་ཡུན་ཉིན78ཡིན་པ་དང་སྤྱིའི་ལམ་ཐག་མཚོ་ལེ15000ལྷག་ཙམ་ཟིན་ཡོད།

  • པེ་ཅིང་ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་བཏང་དོན། གནས་སྐོར་བ་ཏན་ཆེ་གེ་མོས་པ་ཏ་ལིང་ལྕགས་རི་རིང་པོའི་མཛེས་ལྗོངས་ཁུལ་དུ་གནས་སྐོར་བྱེད་སྐབས་སེན་མོས་ལྕགས་རི་རིང་པོའི་ཐོག་ཡི་གེ་བརྐོས་པས་སྲིད་འཛིན་བཀག་ཉར་དང་དངུལ་ཆད་བཅད་པ་རེད།

  • འཛམ་གླིང་གི་ཆུ་ཤུགས་གློག་ཁང་ཆེ་ཤོས་ཏེ་འགག་གསུམ་གློག་ཁང་གིས་ཚེས26ཉིན་འཕྲུལ་ཚན34ཚང་མ་འཁོར་སྐྱོད་བྱེད་མགོ་ཚུགས་ནས་ད་ལོར་ཐེག་ཚད་ཡོངས་སུ་འཁོར་སྐྱོད་བྱེད་པ་ཐོག་དང་པོར་མངོན་འགྱུར་བྱུང་ཡོད།

4.jpg

  • ས་གནས་དེ་གའི་དུས་ཚོད་ཚེས27ཉིན་གྱི་དགོང་མོ། ཧོ་ལན་དུ་སྡོད་པའི་དོམ་ཁྲའི་ཕྲུག་གུ“ཧྥན་ཞིང”ཀྲུང་གོའི་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་སུ་ཕྱིར་ལོག་བྱས་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་བསམ་འཆར་ཁྱབ་བསྒྲགས་བྱས་ནས་སློབ་གྲྭའི་སྒོ་འགྲམ་གྱི་སྨི100ཡི་ནང་འཕྲུལ་སྒུལ་འཁོར་རིགས་འཇོག་མི་ཆོག་པ་དང་། རླངས་འཁོར་འཇོག་ས་བཟོ་མི་ཆོག་པ་ཁ་གསལ་བཟོས་ཡོད།

  • ཧྲན་ཤིས་ཀྱིས་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་ནས་སློབ་གཙོ་ནི་སློབ་གྲྭའི་ན་སོ་དར་ལ་མ་བབས་པའི་སློབ་མར་སྲུང་སྐྱོང་བྱེད་པའི་འགན་འཁྲི་འཁུར་མཁན་དང་པོ་ཡིན་པ་ཁ་གསལ་བཏོན་ཡོད།

  • ཧོ་པེས་མཛུབ་ཁྲིད་བསམ་འཆར་བཏོན་ནས་ལུས་རྩལ་རིགས་དང་། ཚན་རྩལ་རིགས། རིག་གནས་སྒྱུ་རྩལ་རིགས་སོགས་རིག་ཚན་མིན་པའི་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་དེ་གདམ་གསེས་བྱས་པ་བརྒྱུད་སློབ་གྲྭའི་སློབ་ཚན་ཞབས་ཞུའི་ནང་ཞུགས་ཆོག་གི་ཡོད་པ་རེད།

དེ་རིང་གི་གནམ་གཤིས།

5.jpg

  • ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། ཧྲའན་ཞིའི་ལྷོ་ནུབ་རྒྱུད། ཧོ་ནན་གྱི་ནུབ་རྒྱུད། ཧུའུ་པེའི་ནུབ་རྒྱུད། ཁྲུང་ཆིང་། ཀུའེ་ཀྲོའུ་ཡི་བྱང་རྒྱུད། སི་ཁྲོན་གྱི་ཤར་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད། ཀོང་ཞིའི་ལྷོ་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་ཡོད། དེའི་ནང་ཁྲུང་ཆིང་གི་བྱང་ཤར་རྒྱུད་དང་ཧའེ་ནན་གླིང་ཕྲན་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་ཏུ་དྲག་ཆར་འབབ་བཞིན་ཡོད།


མཉམ་སྤྱོད།