དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མདོ་ལའི་སྲིད་དོན་ཞབས་ཞུས་དམངས་ཕན་ཞབས་ཞུར“དྲོ་སྐྱིད”བསྩལ།

2023-10-08 15:45:13   |   11915

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་སྲིད་དོན་ཞབས་ཞུ་ལེགས་བསྒྱུར་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་གཏོང་བའི་དམིགས་ཚད་ལ་དམ་པོར་དམིགས་ཤིང་། འཕེལ་རྒྱས་ལ་ཞབས་འདེགས་དང་། དམངས་འཚོར་ཞབས་འདེགས། གཞི་རིམ་ལ་ཞབས་འདེགས་ཞུ་བ་བཅས་ལ་རྐང་བཙུགས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་རྒྱུ་དེ་ལས་ཀའི་ཤུགས་རྒྱག་ས་རུ་བྱས་ཤིང་། ཞབས་ཞུའི་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་སྲིད་དོན་ཞབས་ཞུ་ཁག“ཞིབ་ཚགས”ཀྱིས་དམངས་ཕན་ཞབས་ཞུར་སྔར་ལས“དྲོ་སྐྱིད”བསྩལ།

1.jpg

“འཛུགས་སྐྲུན”གྱི་སྣོན་ཐབས་ལེགས་པོ་བྱས་ནས་ཞབས་ཞུའི་ལས་སྟེགས་བསྐྲུན་པ། “དོན་གཅིག་ཐེངས་གཅིག་ལ་སྒྲུབ་པའི”སྲིད་དོན་ཞབས་ཞུའི་ལས་སྟེགས་གཏོད་ཆེད། གཅིག་སྡུད་གཞུང་ལས་དང་། བརྒྱུད་རིམ་སྟབས་བདེ། ཞབས་ཞུ་ལེགས་སྒྱུར་བཅས་བྱས་པ་བརྒྱུད་མང་ཚོགས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་ཞིབ་མཆན་འགོད་པའི་ཕན་ནུས་ཆེ་རུ་ནུས་ལྡན་བཏང་། མིག་སྔར་སྲིད་དོན་ཚོམས་ཆེན་དུ་འགན་ནུས་ཚན་པ17ཡོད་པ་དང་། ཞབས་ཞུའི་སྒེའུ་ཁུང47དང་སྒེའུ་ཁུང་ལས་དོན་མི་སྣ62བཀོད་སྒྲིག་བྱས་ཡོད། ལོ་སྟོད་དུ་སྡོམ་པའི་རིགས་ཁག་གི་དོན་ཚན་ཁག316བསྒྲུབས་ཤིང་། དེའི་ཁྲོད་སྲིད་འཛིན་ཆོག་འཐུས་དོན་ཚན86དང་། སྤྱི་པའི་ཞབས་ཞུའི་དོན་ཚན178། དམངས་ཕན་ཞབས་ཞུའི་དོན་ཚན52བཅས་ཡོད། ཆ་སྙོམས་ཉིན་རེར་རིགས་ཁག་གི་དོན་ཚན་ཁག500ཙམ་བདག་སྤྲོད་མཇུག་སྒྲིལ་བྱས་ཡོད། དེ་དང་ཆབས་ཅིག རྫོང་ཡོངས་ཀྱི་ཡུལ་གྲོང7དང་། སྡེ་ཁུལ5དང་། སྲིད་འཛིན་སྡེ་བ45བཅས་ཚང་མར་དམངས་ཕན་ཞབས་ཞུའི་ལྟེ་གནས་དང་དམངས་ཕན་ཞབས་ཞུའི་ས་ཚིགས་བཙུགས་ཡོད་ལ། དམངས་ཕན་ཞབས་ཞུའི་ལྟེ་གནས་ཁག་ཚང་མར་དམངས་སྲིད་དང་། འཆར་ལྡན་བུ་བཙའ། མཉམ་ལས་སྨན་བཅོས། གྲོང་གསེབ་ཀྱི་འགན་བཅོལ་བྱེད་ལམ་གསར་བ། ཏང་ཡོན་ཞབས་ཞུ། ཁྲིམས་འཛིན་ཞུ་བཅར། རྩྭ་ས་འཁོར་སྐྱོད། ཚན་རིག་སློབ་གསོ་རིག་གནས་འཕྲོད་བསྟེན། འདྲི་རྩད་ཞབས་ཞུ་སོགས་ཀྱི་སྒེའུ་ཁུང་བཙུགས་ཡོད། ལྟེ་གནས་ཁག་གི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་ཞིང་འཁོར་སྐྱོད་ཀྱི་གནས་ཚུལ་ལེགས་པོ་ལྡན།

2.jpg

“ཕྱིར་གཏོང”གི་འཕྲི་ཐབས་ལེགས་པོར་སྤྱད་ནས་ཞབས་ཞུའི་གོ་རིམ་ཇེ་ལེགས་སུ་བཏང་བ། “དོན་གཅིག་ཐེངས་གཅིག་ལ་སྒྲུབ་པའི”གཅིག་སྡུད་རྣམ་པའི་ཞབས་ཞུ་བེད་སྤྱོད་དང་ཞིང་ཆེན་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་རིམ་ལྔའི་བེད་སྤྱོད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད། སྲིད་དོན་ཞབས་ཞུའི་ཕན་ནུས་སྔར་བས་ཆེ་རུ་བཏང་བ་དང་ཞབས་ཞུ་རྒྱུན་མཐུད་ཇེ་ལེགས་སུ་བཏང་། མདོ་ལ་རྫོང་གིས་དུས་ཐོག་ཏུ་དོན་ཚན་གསལ་ཐོའི་སྒྲིག་བཟོའི་ལས་དོན་སྤེལ་བ་དང་། མིག་སྔའི་བར་ནང་དོན་རིགས་དབྱེ་ཞབས་ཞུའི་དོན་ཚན་ཁག16བསྒྲུབས་ཡོད། དེའི་ནང་ཁེ་ལས་དང་འབྲེལ་བ་ཡོད་པའི་ཞབས་ཞུའི་དོན་ཚན་ཁག5དང་། མི་སྒེར་གྱི་ཞབས་ཞུའི་དོན་ཚན8དང་། ཞིང་ཆེན་རིམ་པའི་ཁྱད་ལྡན་གཅིག་སྡུད་ཞབས་ཞུའི་དོན་ཚན་ཁག3བཅས་ཀྱི་གསལ་ཐོ་བཟོ་བའི་ལས་དོན་སྤེལ་ཞིང་། མཚོ་སྔོན་ཞིང་ཆེན་གྱི་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་དང་དུས་མཉམ་དུ་དོན་གཅིག་གི་ཆ་འགྲིག་བཀོད་སྒྲིག་ལས་དོན་ལེགས་སྒྲུབ་བྱས།

3.jpg

“ཞབས་ཞུ”ཡི་སྒྱུར་ཐབས་ལེགས་པོ་བཟོས་ནས་ཞབས་ཞུའི་ཕན་ནུས་ཆེ་རུ་བཏང་བ། རིམ་ལྔའི་སྲིད་དོན་ཞབས་ཞུའི་མ་ལག་ཧུར་ཐག་གིས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ཞིང་། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་བདེ་ཐང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་། མིག་སྔའི་བར་རྫོང་རིམ་པའི་སྲིད་དོན་ཞབས་ཞུ་ལྟེ་གནས་གཅིག་བཙུགས་ཤིང་། “སྒེའུ་ཁུང་ཞབས་ཞུ”བཙུགས་པ་དང་ལེགས་སྒྱུར་བྱས། ཚོམས་ཆེན་གྱི་དམངས་ཕན་སྣེ་ཁྲིད་སྟེགས་བུ་བཙུགས་པ། ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ནས་རོགས་སྒྲུབ་ཚབ་སྒྲུབ་བྱེད་པ། ལྷག་པར་དུ་རྒན་པ་དང་། དབང་བོ་སྐྱོན་ཅན། རིག་གནས་ཆུ་ཚད་ཅུང་དམའ་བའི་དམིགས་བསལ་ཚོགས་སྤྱིར་ཡིག་སྒྱུར་དང་ཚབ་འབྲི་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད། ཡུལ་གྲོང་རིམ་པའི་དམངས་ཕན་ཞབས་ཞུའི་ལྟེ་གནས7དང་། སྡེ་བ(སྡེ་ཁུལ)རིམ་པའི་དམངས་ཕན་ཞབས་ཞུའི་ས་ཚིགས50བཙུགས་ཡོད། གཅེས་སེམས་ས་ཚིགས་དང་དབང་བོ་སྐྱོན་ཅན་གྱི་དྲག་སྐྱེད་ལྟེ་གནས་སོགས་ལ་བརྟེན་ནས་དམངས་སྲིད་དང་སྨན་བཅོས་འགན་བཅོལ་སོགས་དམངས་འཚོའི་དོན་གནད་ལ་དམ་པོར་དམིགས་ཤིང་། རོང་འབྲོག་ཁུལ་གྱི་མང་ཚོགས་དང་ལྷག་པར་དུ་དབང་བོ་སྐྱོན་ཅན། རྒན་པ་སོགས་དམིགས་བསལ་ཚོགས་སྤྱིར་ལྗང་མདོག་བགྲོད་ལམ་གྱི་ཞབས་ཞུ་དང་སྒོ་རྩར་ཞབས་ཞུ་བྱེད་པ་སོགས་བྱས་ཏེ་སྲིད་དོན་ཞབས་ཞུའི“མཐའ་མའི་སྤྱི་ལེ་གཅིག”ལེགས་པོར་བཏོད་ཡོད།


མཉམ་སྤྱོད།