དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

སངས་འབུམ་གྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཆེད་དོན་རྟོག་ཞིབ་བྱས།

2023-10-08 15:05:04   |   4134

རྩོམ་སྒྲིག   སངས་དོན།   ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ10ཚེས7ཉིན་ཁུལ་ཨུའི་རྒྱུན་ཨུ་དང་། མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱ་གཞིར་བདམས་པའི“རི་བོ་གཉིས་ཀྱི་གཞུང་ལུགས”ཀྱི་སློབ་གསོ་ལག་ལེན་རྟེན་གཞི་འཛུགས་སྐྲུན་བྱ་ཡུལ་དང་། མདའ་བཞི་རྫོང་གི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་འགྲེམས་སྟོན་ཁང་། རྫོང་ཨུའི་ཏང་གི་སློབ་གྲྭའི་དུས་ཐེངས་གཉིས་པའི་འཛུགས་སྐྲུན་ལས་ཡུལ་བཅས་སུ་སོང་སྟེ། ཆེད་དོན་བརྟག་ཞིབ་བྱས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ཡུལ་དངོས་ནས་གཞུང་དོན་སྤེལ། ཁོང་གིས་བྱེད་ཐབས་སྣ་མང་མཉམ་སྤྱོད་དང་དུས་ཚོད་དམ་འཛིན་བྱས་ཏེ་ལས་ཀའི་ཕན་འབྲས་ལ་བརྟེན་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པ་བསྟན། 

1.jpg

       “རི་གཉིས་གཞུང་ལུགས”ཀྱི་ལག་ལེན་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱ་ཡུལ་དུ་སངས་འབུམ་གྱིས་རྣམ་གྲངས་ཀྱི་ལས་ཡུན་འདྲི་རྩད་དང་འཛུགས་སྐྲུན་འཕེལ་རིམ་ལ་ལྟ་ཞིབ། རྟེན་གཞིའི་ནང་ཁུལ་གྱི་མཛེས་བཟོ་དང་འགྲེམས་སྟངས། རྨང་གཞིའི་སྒྲིག་བཀོད་འཆར་འགོད་ཀྱི་བསམ་ཕྱོགས་ལ་ཉན་པ་དང་། རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་གནས་པའི་གནད་དོན་ལ་ཤེས་རྟོགས་གཏིང་ཟབ་བྱས་ཏེ། རྣམ་གྲངས་ཞིབ་མཆན་འགོད་པ་དང་སྡེ་ཁག་མཐུན་སྦྱོར་བྱེད་པ། ལས་ཡུན་འབྲེལ་མཐུད་བྱེད་པ་སོགས་ཀྱི་ལས་ཀའི་ཁྲོད་གནས་པའི་དཀའ་གནད་ལ་དམིགས་ཏེ། སྔོན་ལ་བརྟག་དཔྱད་གཏོང་པ་དང་། དཀའ་གནད་ཐག་གཅོད་བྱས་ཏེ། གནད་དོན་ཐག་གཅོད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། གཙོ་གནད་ཨར་ལས་འཛུགས་སྐྲུན་དང་ནང་ཁུལ་འགྲེམས་སྟོན། ཇུས་འགོད། རྨང་གཞིའི་སྒྲིག་བཀོད་ལེ་ལག་ཚང་བ་སོགས་ཀྱི་གཙོ་གནད་ལྷུ་ཚིགས་ལ་དམིགས་ཏེ། དངོས་གཉེར་ནུས་ལྡན་གྱིས་ལས་ཡུན་སྤྱི་འདོམས་བྱེད་པ་དང་། དུས་ཐོག་ཏུ་འབྲེལ་མཐུད་མཐུན་སྦྱོར་ནུས་ལྡན་བྱེད་པ། རྣམ་གྲངས་འབྲེལ་མཐུད་ཡག་པོ་ཡོང་བར་བྱེད་པ། མུ་འབྲེལ་དང་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ་འགན་ལེན་བྱེད་པ། མཐུན་སྦྱོར་ཡག་པོ་མ་བྱུང་བ་དང་གཅིག་འདོམས་འོས་འཚམ་མ་བྱུང་བའི་རྐྱེན་གྱིས་ལས་ཡུན་ནར་འགྱངས་བྱེད་རིགས་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས། རྣམ་གྲངས་སྤུས་ཚད་མཐོ་བའི་སྒོ་ནས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པ་བསྟན།

2.jpg

           མདའ་བཞི་རྫོང་གི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་རྒྱུན་འཛིན་གྱི་འགྲེམས་སྟོན་ཁང་དུ། སངས་འབུམ་གྱིས་ཡུལ་དངོས་ཀྱི་འགྲེལ་བཤད་ལ་ནན་ཏན་གྱིས་ཉན་པ་དང་། འགྲེམས་སྟོན་ཇུས་འགོད་ལ་རེ་རེ་བཞིན་བལྟས་ནས་འགྲེམས་ཁང་གི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། བཀོད་པ་ལེགས་སུ་གཏོང་བ། ཇུས་འགོད་དང་གཙོ་གཉེར་སྡེ་ཚན། དགོན་སྡེ། ཇུས་འགོད་ཨར་ལས་སྡེ་ཚན་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་བསམ་བློ་བརྗེ་རེས་དང་གྲོས་བསྡུར་གཏིང་ཟབ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་གཏོང་བ་རྒྱུན་འཁྱོངས་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། འགྲེམས་སྟོན་ཁང་གི་བརྗོད་བྱར་དམ་པོར་དམིགས་པ་དང་འགྲེམས་ཚུལ་སྔར་བས་ལེགས་སུ་གཏོང་བ། འགྲེལ་བཤད་ཀྱི་དོན་སྙིང་གཏིང་ཟབ་ཏུ་གཏོང་བ། མཚོན་བྱེད་རང་བཞིན་དང་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་ལོ་རྒྱུས་ཀྱི་པར་རིས་མང་དུ་བདམས་ཏེ། ཆེས་ཆ་ཚང་བའི་མ་ལག་དང་ཆེས་དོན་དངོས་ཡིན་པའི་གཞི་གྲངས་རྒྱུ་ཆ་མང་པོ་སྤྱད་དེ་མདའ་བཞི་རྫོང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་རྒྱུན་འཁྱོངས་དང་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་མཐུན་པོ་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ།  སྤུས་ལེགས་ཐོན་རྫས་འགྲེམས་ཁང་དང་འགྲེམས་ཁང་གི་ཁྱད་ཆོས་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

3.jpg

          རྫོང་ཨུ་ཏང་གི་སློབ་གྲྭའི་དུས་ཐེངས་གཉིས་པའི་འཛུགས་སྐྲུན་བྱ་ཡུལ་དུ་སངས་འབུམ་གྱིས་རྣམ་གྲངས་འཛུགས་སྐྲུན་གྱི་སྤྱིའི་འཕེལ་རིམ་ལ་ལྟ་ཞིབ་བྱས་ཏེ། འཛུགས་སྐྲུན་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་ངལ་ལ་རྒྱུས་ལོན་དང་། འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ནས་ལེ་ལག་ཚང་བའི་རྣམ་གྲངས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་། 

          རྟོག་ཞིབ་ཁྲོད། སངས་འབུམ་གྱིས་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཁྱབ་ཁོངས་ཀྱི་ཡིག་བསྐུར་ངོ་གཏུག་གི་འགལ་བ་གྲལ་བཤེར་གྱི་ལས་དོན་སྤེལ་ནས་གན་རྒྱ་འཇོག་པ་དང་། རྣམ་གྲངས་ཀྱི་གྲོན་དངུལ་སྤྲོད་པ། ཞིང་བ་ལས་ཀ་བའི་གླ་ཕོགས་སོགས་ལ་དམིགས་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་གསལ་བཤད་བྱས། 


མཉམ་སྤྱོད།