དེ་རིང་ནི2024ལོའི་ཟླ09པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི2023ལོའི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྐང་ཐང་སོགས་མུ་འབྲེལ་བྱེད་སྒོའི་སྐུལ་འདེད་ཚོགས་འདུ་ཟི་ལིང་དུ་འཚོགས།

2023-10-08 11:23:23   |   4960

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།  མཚོ་བྱང་མདོ་ལ་ཚགས་པར།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ10ཚེས6ཉིན། 2023ལོའི་མཚོ་བྱང་གི་མདོ་ལ་རིང་མོ་དང་མཚོ་སྔོན་པོར་རྐང་ཐང་བསྐྱོད་པའི་མུ་འབྲེལ་བྱེད་སྒོའི་སྐུལ་འདེད་ཚོགས་འདུ་ཟི་ལིང་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཧྲིང་ཡོན་ཚོགས་འདུར་ཞུགས།

1.jpg

ཚོགས་འདུའི་ཐོག    རྫོང་བཞི་དང་ཁུལ་ནགས་ལས་རྩྭ་ཐང་ཅུ། ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཞིང་ཆེན་ལུས་རྩལ་ཅུའི་དགུན་དུས་རྣམ་གྲངས་དང་ཕྱི་རོལ་ལུས་རྩལ་དོ་དམ་ལྟེ་གནས། དེ་བཞིན་ཞིང་ཆེན་རི་འཛེག་མཐུན་ཚོགས་ཀྱི་འགན་འཁུར་བའི་ལས་ཀའི་བསམ་ཕྱོགས་དང་གྲོས་འགོར་ཉན་པ་དང་། སྤེལ་རེས་བྱེད་སྒོའི་ཞིབ་ཕྲའི་ལས་དོན་ལ་གྲོས་བསྡུར་དང་། འབྲེལ་ཡོད་གནད་དོན་ཞིབ་འཇུག་ཐག་གཅོད་བྱས་པ་མ་ཟད། ཞིབ་ཕྲའི་ལས་དོན་ལ་བཀོད་སྒྲིག་བྱས། 

ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་ནི“མདོ་ལ་རིང་མོའི་པང་བ་དང་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་སུ་ཡོད་ཅིང”དང“མདོ་ལ་རིང་མོའི་བརྗིད་ཉམས་ཀྱིས། རི་ཚོགས་སྐྱེངས་པས་མགོ་བོ་དུད། རྐང་ཚའི་ མཚོ་ངོགས་མཚར་སྡུག་གིས། མཚོ་གཞན་ལྟ་འདོད་སྐྱེས་མི་སྲིད”ཅེས་པའི་མཚན་སྙན་ཡོད་ལ། “་གཡུ་ཡི་རླབས་ཕྲེང་གཡོ་བའི་མཚོ་སྔོན་པོ། མདོ་ལ་རིང་མོའི་ཕྱུགས་ར་བཟང་པོ”ཞེས་པའི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཀྱང་ཡོད། རྐང་ཚ་རྫོང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་རྟོག་ཞིབ་གནང་ཡུལ་ཞིག་ཡིན་པ་དང་། མདའ་བཞི་རྫོང་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འབྱུང་ས་ཡིན་པ་མ་ཟད།  རྫོང་འདི་གཉིས་ནི་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གྲུབ་ཆ་ཞིག་ཀྱང་ཡིན། མཚོ་སྔོན་པོའི་སྤྱིའི་རྒྱ་ཁྱོན་ཁྲོད། མཚོ་བྱང་གིས47%བཟུང་ཡོད་པ་དང་། མཚོ་སྔོན་པོར་འབབ་པའི་ཆུ་འབོར་གྱི་85%མཚོ་བྱང་གི་ས་ཁོངས་ནས་བཞུར་གྱིན་ཡོད། མདོ་ལ་རྫོང་ནི་ནུབ་ལམ་དམར་དམག་གིས་གཡུལ་འཛིང་བྱེད་ས་ཡིན་ལ། འཇུ་ལག་རྫོང་ཧན་ཐའེ་ཡུལ་དམག་གི་གཏམ་རྒྱུད་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད། རྫོང་འདི་གཉིས་ནི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་གྲུབ་ཆ་ཞིག་ཡིན་པ་མ་ཟད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ཡུག་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ཁྲོད། མཚོ་བྱང་རྒྱུད་ཀྱིས52%བཟུང་ཡོད། མཚོ་བྱང་གི་སྐྱེ་ཁམས་གནས་བབ་གལ་ཆེ་བ་དང་། གསར་བརྗེའི་ཐོན་ཁུངས་རྔམས་མཐུག་པ། གནས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཡོད།  ཐེངས་འདིའི་འགྲན་བསྡུར་གཉེར་བ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་བྱང་ལས་དོན་ལ་བཏོན་པའི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་ཞིག་ཡིན་ལ། མཚོ་བྱང་གི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་གཏོད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད་ཅེས་བསྟན། 

ཤ་བོ་སྐྱབས་ཀྱིས་ས་གནས་ཁག་དང་སྡེ་ཚན་ཁག་གིས་གཅིག་ནས་བསམ་བློ་དང་བྱ་སྤྱོད་དེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ཀུའེ་ཀྲོའུ་དང་ཀྲེ་ཅང་། པེ་ཅིང་སོགས་རྒྱལ་ཁབ་ཕྱི་ནང་གི་རྐང་ཐང་འགྲན་བསྡུར་ཆེ་མོའི་སྔོན་ཐོན་ས་ཁུལ་གྱི་ཉམས་མྱོང་དང་བྱེད་ཐབས་ལ་སློབ་སྦྱོང་བྱས་ཏེ། མཚོ་བྱང་གི་དོན་དངོས་དང་མཐུན་པའི་རྩེར་སོན་འགྲན་བསྡུར་ཞིག་འཚོལ་ཞིབ་སྒོས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་མཚོ་སྔོན་པོ་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གཉིས་ལྟེ་བར་བྱེད་པ་དང་། དགུ་པའི་ཚེས་དགུའི་དུས་ཆེན་དེ་རྟེན་གཞི་བྱེད་པ། རྫོང་ཁག་གི་རང་ངོས་ཀྱི་ངེས་གནས་དང་ཐུན་མོང་མ་ཡིན་པའི་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ། འགྲན་བསྡུར་དེ་སྐྱེ་ཁམས་དང་གསར་བརྗེ། དམངས་སྲོལ་སོགས་ཀྱི་ནང་དོན་དང་མཉམ་འདྲེས་གཏིང་ཟབ་བྱས་ནས་ཁྱབ་རྒྱ་ཆེ་ཞིང་། ཤུགས་རྐྱེན་ཆེ་བ། སྤྱི་ཚོགས་ཀྱི་ཕན་འབྲས་བཟང་བ་བཅས་ཀྱི་འགྲན་བསྡུར་རྩེ་གྲ་ཞིག་གཏོད་དགོས། གསུམ་ནས་གསར་འགྱུར་སྨྱན་སྦྱོར་སྒྲིག་འཛུགས་བྱས་ཏེ། དུས་ཐོག་ཏུ་འགྲན་བསྡུར་གྱི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱེད་པ་དང་། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།  རང་སྨྱན་སྦྱོར་གྱི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་པ། དྲ་དཔོན་ཐད་གཏོང་བྱེད་པར་གདན་འདྲེན་ཞུ་བ་བཅས་བྱས་ཏེ། སྔོན་དུ་འགྲན་བསྡུར་གྱི་དྲིལ་བསྒྲགས་སྤེལ་བ་དང་། ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་དགོས། བཞི་ནས་རོགས་སྐྲུན་ས་ཁུལ་དང་ཀྲུང་དབྱང་ཁེ་ལས། དེ་བཞིན་རྐང་ཐང་མཐུན་ཚོགས་སྣ་ཚོགས་གདན་དྲངས་ནས་མཚོ་བྱང་དུ་རྐང་ཐང་འགྲན་བསྡུར་ནང་ཞུགས་སུ་བཅུག་སྟེ། ལུས་རྩལ་འགྲན་བསྡུར་དེ་གནས་སྐོར་འཛད་སྤྱོད་དུ་བསྒྱུར་ནས“ལུས་རྩལ་དང་གནས་སྐོར་ཟུང་དུ་འབྲེལ་བའི”གོམ་སྟབས་གསར་པ་ཞིག་སྤོ་དགོས། ལྔ་ནས་དེ་སྔའི་བྱེད་སྒོའི་ནང་གི་ཉམས་མྱོང་དང་བྱེད་ཐབས་ཡག་པོ་དཔྱད་གཞིར་འཛིན་དགོས་པ་དང་། ཁྱོན་ཡོངས་དང་། ཚན་རིག་དང་མཐུན་པ། ལག་ལེན་དུ་འཁྱོལ་ཐུབ་པ་བཅས་ཀྱི་བྱེད་སྒོའི་ཇུས་གཞི་བཟོས་ནས་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ་འགྲན་བསྡུར་བྱེད་སྒོ་བདེ་འཇགས་དང་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། དྲུག་ནས་ཐེངས་འདིའི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ། མཚོ་བྱང་གི་རང་བྱུང་མཛེས་ལྗོངས་དང་། སྐྱེ་ཁམས་སྲུང་སྐྱོང་། ལོ་རྒྱུས་རིག་གནས། ཡུལ་སྲོལ་གོམས་གཤིས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་སྤེལ་རེས་དང་ཁྱབ་གདལ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རྐང་ཐང་སྐྱོད་པའི་འགྲན་བསྡུར་དང་། སྐྱེ་ཁམས་སྲུང་སྐྱོང་། གསར་བརྗེའི་སློབ་གསོ། རིག་གནས་གནས་སྐོར། ཚོང་དོན་འཁོར་རྒྱུག་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

2.jpg

ཀྲང་ཧྲིང་ཡོན་གྱིས་མདོ་ལ་རིང་མོ་སྟོན་ལྗོངས་དེ་ཆེས་ཡག་པའི་དུས་སུ་སླེབས་ཡོད། ཐེངས་འདིའི་བྱེད་སྒོའི་ནང་ཞིང་ཆེན་ཕྱི་ནང་གི་བདམས་ཐོན་པ་མདོ་ལར་འགྲན་བསྡུར་ནང་ཞུགས་རྒྱུར་གདན་དྲངས་པ་དེ་ནི་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གཙོ་བོས་མདོ་ལ་རིང་མོར་བརྟག་ཞིབ་བྱེད་སྐབས་བཏོན་པའི་ལས་ཀའི་བླང་བྱ་དང་མཐུན་ལ་གནས་སྐོར་ལས་རིགས་ཀྱི་དུས་ཚིགས་རང་བཞིན་གྱི་ཁྱད་ཆོས་དང་ཡང་མཐུན་པས་ས་གནས་ཁག་དང་སྡེ་ཚན་ཁག་གིས་མཚོ་བྱང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་ནང་དོན་དང་། གསར་བརྗེའི་རིག་གནས་ཀྱི་ལེགས་ཆ། ལུས་རྩལ་འགྲན་བསྡུར་བཅས་མཉམ་འདྲེས་གང་ལེགས་བྱས་ཏེ། མིག་རྒྱང་རིང་བོར་བལྟ་བ་དང་རྩེར་སོན་ཚོགས་སྤྱི་ལ་དམིགས་ནས་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་སྤུས་ལེགས་རྐང་ཐང་འགྲན་བསྡུར་གྱི་སྤུས་རྟགས་བསྐྲུན་དགོས། མདོ་ལ་རིང་མོ་དང་མཚོ་སྔོན་པོའི་སྐད་གྲགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་དགུན་དཔྱིད་དུས་ཀྱི་བྱེད་སྒོ་ཇུས་འགོད་དང་བཀོད་སྒྲིག་བྱེད་པ་དང་། ཉམས་མྱོང་གལ་ཆེན་བསགས་ཏེ་སླད་ཕྱིན་རྩེར་སོན་འགྲན་བསྡུར་གྱི་སྤུས་རྟགས་གཏོད་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས་པའི་བླང་བྱ་བཏོན།

3.jpg

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། སུན་ཞིག་ཙུང་། སངས་འབུམ། སུའུ་བདུན་ཅུ། མ་རུའུ་ཞང་། ལུང་ཡུང་ཧྲིང་བཅས་དང་། རྫོང་བཞིའི་ཏང་ཨུ་དང་སྲིད་གཞུང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ། དེ་བཞིན་ཞིང་ཆེན་ལུས་རྩལ་ཅུའི་དགུན་དུས་རྣམ་གྲངས་དང་ཕྱི་རོལ་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།