དེ་རིང་ནི2025ལོའི་ཟླ05པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-10-09 08:50:20   |   4171

སྒྲིག་སྒྱུར། ཀླུ་མོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་དྲིལ་སྒྲོག་བསམ་བློའི་རིག་གནས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། སྒོ་འབྱེད་བསྟུན་མཁས་མཐའ་འཁྱོངས། གཞུང་དྲང་གསར་གཏོད་མཐའ་འཁྱོངས་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། བསམ་བློའི་འགན་ལེན་བརྟན་པོ་དང་བསམ་པའི་སྟོབས་ཤུགས་ཆེན་པོ། རིག་གནས་ཀྱི་ཆ་རྐྱེན་བཟང་པོ་བཅས་མཁོ་འདོན་བྱེད་དགོས་པ་ནན་གྱིས་བསྟན།

    1.jpg

  • ཡ་གླིང་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་མཇུག་སྒྲིལ་མཛད་སྒོ་དེ་ཟླ10ཚེས8ཉིན་གྱི་དགོང་མོ་འཚོགས་ཤིང་། ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་ལས་ཚབ་ཞིན་ཀེས་ཧང་ཀྲོའུ་ཡི་ཡ་གླིང་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་མཇུག་སྒྲིལ་བ་ཁྱབ་བསྒྲགས་བྱས།

  • སྐབས་འདིའི་ཡ་གླིང་ལུས་རྩལ་འགྲན་ཚོགས་ནང་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ201དང་། དངུལ་གྱི་རྟགས་མ111དང་། ཟངས་ཀྱི་རྟགས་མ71བཅས་ཐོབ་པ་དང་ཁྱོན་བྱ་དགའི་རྟགས་མ383ཐོབ་ཡོད་ལ། གསེར་གྱི་རྟགས་མའི་གྲངས་འབོར་དེ2010ལོའི་ཀོང་ཀྲོའུ་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི199ལས་བརྒལ་ནས་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་ཐོབ་ཡོད།

    2.jpg

  • ཚེས8ཉིན། ཀྲུང་གོའི་རུ་ཁག་ལ་ཧང་ཀྲོའུ་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་སྣ་མང་ཆུ་རྐྱལ་མཉམ་སྡེབ་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་ཐོབ་ནས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་ཐོབ་ཐང་བདེ་བླག་ངང་ཐོབ་ཡོད།

  • ཧང་ཀྲོའུ་ཡ་གླིང་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་ར56ནང་གི་དམངས་ཡོངས་ཀྱི་ལུས་སྦྱོང་ཁང19སྤྱི་དམངས་ལ་སྒོ་མོ་འབྱེད་རྒྱུ་དང་ཁྲོམ་ར་ཅན་གྱི་གཉེར་སྐྱོང་ཁང24ས་གནས་དེ་གའི་ཁྲོམ་རའི་རིན་གོང་ལས་དམའ་བའི་གྲོན་བསྡུའི་ཚད་གཞི་ཐོག་ནས་སྒོ་འབྱེད་རྒྱུ་ཡིན་པ་རེད།

  • ཀྲུང་དབྱང་དམག་ཨུས་ཉེ་ཆར《དམག་དཔུང་གི་ཞི་དོན་མི་སྣའི་ཐོབ་ཐང་འགན་ལེན་གྱི་གནས་སྐབས་ལག་བསྟར་གཏན་འབེབས》དཔར་འགྲེམ་བྱས་ཤིང་། ཟླ10ཚེས15ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • ཞིང་ལས་དང་ཞིང་སྡེ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔར་རྒྱལ་ཡོངས་ཀྱི་སྟོན་འབྲུ་ཕྱེད་ཀ་ལྷག་ཙམ་བསྡུས་ནས་ཐོན་ཁུལ་གཙོ་བོར་གྲུབ་འབྲས་ཐོབ་མང་ཤོས་སུ་སླེབས་ཡོད་པ་རེད། ཚན་རྩལ་པུ་སོགས་སྡེ་ཁག་བཅུ་ཡིས་མཉམ་འབྲེལ་ཐོག་བྱ་ཐབས་དཔར་འགྲེམ་བྱས་ནས་ཚན་རྩལ་མི་ཆོས་ཞིབ་བཤེར་གྱི་ནང་དོན་དང་ཞིབ་བཤེར་ཚད་གཞི་སོགས་ཁ་གསལ་བཟོས་ཡོད།

  • སྡོམ་རྩིས་གསར་ཤོས་ལས་མངོན་པར་གཞིགས་ན། ཚེས7ཉིན་ཨ་ཧྥུ་ཧན་གྱི་ནུབ་བྱང་རྒྱུད་དུ་བྱུང་བའི་ས་ཡོམ་ནང་མིག་སྔར་མི2000ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཁྲི་ཙམ་ལ་རྨས་སྐྱོན་ཕོག་པ། ཁང་པ་སྟོང་ཕྲག་ལྷག་ལ་གཏོར་བརླག་ཤོར་ཡོད།

  • དབྱི་སི་རལ་གྱི་སྨྱན་སྦྱོར་དང་ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་སྡོམ་རྩིས་བྱས་པར་གཞིགས་ན། རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གདོང་ཐུག་བྱུང་ནས་མི་ཆིག་སྟོང་ཙམ་རྐྱེན་ལམ་དུ་ཤོར་ཡོད།

    སྤྱི་ཚོགས།

  • རང་བྱུང་ཐོན་ཁུངས་པུ་དང་ཀྲུང་གོ་གནམ་གཤིས་ཅུས་སྔོན་བརྡ་བཏང་བ་ལྟར་ན། དེ་རིང་ཀོང་ཏུང་དང་ཡུན་ནན། བོད་ལྗོངས་སོགས་ས་ཁུལ་ཁག་གཅིག་ཏུ་ས་གཤིས་གནོད་འཚེ་ཐོན་པའི་གནམ་གཤིས་ཀྱི་ཉེན་ཁ་ཅུང་ཆེན་པོ་ཡོད།

  • ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་དགུ་པར་ཀྲུང་གོའི་ཟོག་འགྲེམས་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས53.5%ཡིན་པ་དང་། ཟོག་འགྲེམས་ལས་རིགས་ཀྱི་འཕར་ཚད་སྤྱིའི་ཆ་ནས་བརྟན་པོ་ཡོད།

  • རྒྱལ་ཁབ་རིག་དངོས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་རིང་རྒྱལ་ཡོངས་རྟེན་མཛོད་ཁང་གིས་ལྟད་མོ་བ་མི་ཐེངས་ཁྲི6600ལ་སྣེ་ལེན་ཞུས་ཡོད།

    3.jpg

  • ཧྲན་ཞི(山西)གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་ཁྲང་ཀྲི་ཧྲང་ཧན་སྡེ་བའི་གནའ་རྫས་རྟོག་ཞིབ་གྲུབ་འབྲས་གསར་ཤོས་ཁྱབ་བསྒྲགས་བྱས་ཤིང་། ཀྲོའུ་ཤར་མའི་བང་སོ27གཙང་སེལ་བྱས་པ་དང་། ལོ་རབས་ཁྲུན་ཆིའུ་དུས་མཇུག་ནས་ཀྲན་གོའི་དུས་དཀྱིལ་བར་རྒྱུན་མཐུད་བྱས་ཡོད།

  • ཚེས8ཉིན། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་གྲུ་གཟིངས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་ཕན་ཅིང་ཧྥུ་ནད་ཀྱི་དབང་གིས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཧྲང་ཧའེ་ཧྭ་ཏུང་སྨན་ཁང་དུ་ཚེ་ལས་འདས།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས11ཉིན་ནས་བཟུང་། ཀུའེ་ཀྲོའུ་ནས་ཀོང་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཆུ་ཚོད་རེའི་འགྲོས་ཚད་མཐོ་ཤོས་སྤྱི་ལེ300གཞིར་བཟུང་གཉེར་སྐྱོང་བྱ་རྒྱུ་དང་། ལྷོ་ནུབ་ས་ཁུལ་ནས་ཀོང་ཏུང་དང་ཤང་ཀང་། ཨའོ་མོན་བཅས་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་འཁོར་སྐྱོད་དུས་ཚོད་སྔར་བས་ཐུང་དུ་འགྲོ་བ་རེད།

  • འབྲི་ཆུའི་འགག་གསུམ་གནམ་གྲུ་ཤར་གཏོང་དོ་དམ་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་དགུ་པའི་ཟླ་མཇུག་བར། 2023ལོའི་འགག་གསུམ་གྲུ་ཁང་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར1.27བྱུང་བས། ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    4.jpg

  • མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དགོ་དམར་གྲངས་འབོར་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཅིང་། 2022ལོར་སླེབས་དུས་ལོ་རེར་ཆ་སྙོམས་ཁྱུ་ཚོགས3400ལྷག་ཙམ་ལ་རྟོག་འཇལ་བྱས་ནས་སྲུང་སྐྱོང་བྱེད་མགོ་རྩོམ་པའི་དུས་ཀྱི་ལྡབ11ཟིན་ཡོད་པ་རེད།

    5.gif

  • ཧོ་པེ་ཐང་ཧྲན་ལེ་ཐིང་གི་ཉ་པ་ཏོན་ཁྲུན་རན་གྱིས་ཉ་འཛིན་སྐབས་ཉ་གྲུ་ལ་མེ་ཤོར་བ་མཐོང་རྗེས། ཁོས་འཕྲལ་དུ་བརྔ་བསྡུ་བྱས་པའི་ཉ་དྲ་དོར་ནས་རོགས་སྐྱོབ་བྱེད་པར་བསྐྱོད་མཐར། ཉེན་ཁར་ཚུད་པའི་མི་དགུ་བསྐྱབས་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་ཇུས་གཞི་ཁྱབ་བསྒྲགས་བྱས་ནས་སློབ་ལོ་རན་པའི་བུ་མོའི་མངལ་སྐེའི་འབྲས་སྐྲན་འགོག་སྨན་རྒྱག་པའི་ཚོད་ལྟ་བྱས་ཏེ། སློབ་ལོ་རན་པའི་བུ་མོ་དང་སྨན་ཁབ་རྒྱག་པའི་ཆ་རྐྱེན་དང་མཐུན་པའི་བུ་མོ་ཚང་མས་འགོག་སྨན་རྒྱག་འདོད་ན་བརྒྱབ་ཆོག་པ་མངོན་འགྱུར་བྱ་རྒྱུ་རེད།

  • ཐེན་ཅིན་གྱིས་བསམ་འཆར་བསྡུ་ལེན་མ་ཟིན་བཀྲམ་ནས། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་ཨང་རྟགས་ཡུན་རིང་གཡོ་འགུལ་བྱས་ཀྱང་མི་འབབ་པའི་མི་ཚོགས་ལ་ཁ་ཕྱོགས་ནས་གཏན་འཁེལ་གྱིས་ཨང་རྟགས་རྒྱག་པའི་དམིགས་ཚད་ཁྲི1སྤྲོད་རྩིས་ཡོད་པ་རེད།

  • སི་ཁྲོན་གྱིས་བྱེད་ཐབས་བཏོན་ནས། 2025ལོའི་ལོ་མཇུག་ཏུ་སླེབས་དུས་ལོ་ལྟར་ལས་གཏོད་གསོ་སྦྱོང་གི་གཞི་ཁྱོན་མི་ཐེངས་ཁྲི6ལས་མི་ཉུང་བ་བྱ་རྒྱུ་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

  • ཞིན་ཅང་པེ་ཅང་གི་བྱང་རྒྱུད་དང་ཞིན་ཅང་ནན་ཅང་གི་ནུབ་རྒྱུད་རི་ཁུལ་དང་། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་ཆུང་དང་ཡང་ན་ཁངས་ཆར་འབབ་ཀྱི་ཡོད། ལེའོ་ཉིང་བྱང་རྒྱུད་དང་ཤར་རྒྱུད། བོད་ལྗོངས་ཤར་ལྷོའི་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ཤར་རྒྱུད་དང་། སི་ཁྲོན་གྱི་ནུབ་རྒྱུད། ཡུན་ནན་གྱི་ལྷོ་ནུབ་རྒྱུད། ཀོང་ཏུང་གི་ས་ཆ་མང་ཆེ་བ། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད།


མཉམ་སྤྱོད།
Loading...