དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུ་རུ་ལས་དོན་སྦྲེལ་མཐུད་བྱེད་དུ་ཕྱིན།

2023-10-09 10:13:43   |   4630

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  མཚོ་བྱང་མདོ་ལ་ཚགས་པར།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཟླ10ཚེས7ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཧྲིང་ཡོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུ་རུ་ཕྱིན་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའི་ཅུ་ཀྲང་ལི་ཞའོ་ནན་དང་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བཏོད་དེ་ནགས་ཚལ་དང་རྩྭ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ལ་བཞུགས་མོལ་བརྗེ་རེས་བྱས།

1.jpg

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུ་ཡིས་ཉེ་བའི་ལོ་ཤས་རིང་། མཚོ་བྱང་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་།  ཞིང་ཆེན་ནགས་ལས་རྩྭ་ཐང་ཅུ་ཡིས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་། ནགས་ཚལ་དང་རྩྭ་ཐང་ཐོན་ལས་འཕེལ་རྒྱས། ནགས་ཚལ་ཐོན་ཁུངས་དོ་དམ་སྲུང་སྐྱོང་སོགས་ཐད་སྔར་རྒྱུན་བཞིན་མཚོ་བྱང་ལ་ཐུགས་ཁུར་གནང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་དང་།  ལྷག་པར་དུ་མཚོ་སྔོན་པོའི་བྱང་ངོགས་ཀྱི་བྱེ་འགྱུར་རྩྭ་ར་བཅོས་སྐྱོང་བྱེད་པ། མཐོན་པོ་སྒང་མཁའ་དམག་རྗེས་ཤུལ་གྱི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན།  ཁིས་ཐུར་བྱེ་ཐང་སྤྱི་གླིང་སྔོ་ལྗང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། མདའ་བཞི་རྫོང་གི་ཙོང་ཆུའི་ཆུ་མགོའི་ཞིང་ཆེན་རིམ་པའི་འདམ་རའི་སྤྱི་གླིང་བསྐྲུན་པ་དང་། ནུབ་མཚོ་གྲོང་རྡལ་དང་ཟུར་གསུམ་གྲོང་རྡལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོངབ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སེམས་ཉིད་ནགས་རའི་དགོན་ལུང་ས་ཁུལ་དང་མདོ་ལ་རིང་མོའི་དར་ལུང་ས་ཁུལ་བཅས་ལྟེ་བའི་ཁུལ་ཁག་ཅིག་གི་ལེགས་སྒྲིག་ལས་དོན། དམིགས་བསལ་གཉེར་སྐྱོང་དབང་ཚད་སོགས་ཀྱི་ཐད་སྲིད་ཇུས་ཀྱི་གཟིགས་སྐྱོང་བྱས་ཏེ་མཚོ་བྱང་གི་སྐྱེ་ཁམས་སྲུང་སྐྱོང་གྲུབ་འབྲས་དེར་དངོས་འབྲས་ཐོབ་པར་སྔར་བཞིན་རོགས་སྐྱོར་གནང་དགོས་པའི་རེ་བ་བཏོན།  སླད་ཕྱིན་མཚོ་བྱང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག  ལྷག་པར་དུ་ཧྲུའུ་ཅི་ཁྲེན་ཀང་དང་ཧྲེང་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་གི་ལས་དོན་ལ་བཏོན་པའི་བླང་བྱར་དམ་པོར་དམིགས་ནས་སྐྱེ་ཁམས་སྲུང་ཡོལ་ཕྱོགས་ཡོངས་ནས་བརྟན་དུ་གཏོང་བ་དང་། རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་རིན་ཐང་བརྗེ་སྒྱུར་ཟམ་མི་ཆད་པར་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། མཚོ་བྱང་གི་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་མ་ལག་འཛུགས་སྐྱོང་བྱ་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས་མཚོ་བྱང་གི་ལྗང་མདོག་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་རྒྱུའི་བསམ་ཚུལ་བསྟན།

2.jpg

ལི་ཞའོ་ནན་གྱིས་ཤ་བོ་སྐྱབས་འཁོར་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ་མཚོ་བྱང་གིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་སྤུས་ཚད་མཐོར་གཏོང་། ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་། དམངས་ཕྱུག་ཐོན་ལས་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཚད་མཐོའི་ཁས་ལེན་གནང་། དེ་དང་ཆབས་ཅིག་མཚོ་བྱང་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞིགས་ནས་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་སྐྱེ་ཁམས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། འཆར་འགོད་སྣེ་ཁྲིད་མཐའ་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཡག་པོ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་སྟོབས་ལྡན་དང་དམངས་ཕྱུག་ལ་སྐུལ་འདེད་གཏོང་བ། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ལས་རྣམ་བཟང་པོ་གསར་བཟོ་བྱས་པ་བཅས་ཕྱོགས་བཞིའི་ཐད་ནས་ཁུལ་སྟོབས་ལྡན་དང་དམངས་ཕྱུག་གི་འཐབ་ཇུས་གལ་ཆེན་ལ་སྐུལ་འདེད་ཡག་པོ་གཏོང་དགོས་པ་བསྟན། ཞིང་ཆེན་ནགས་ལས་རྩྭ་ཐང་ཅུ་ཡིས་ཀྱང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་ནགས་ཚལ་སྐྱེ་ཁམས་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་མཚོ་བྱང་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན་པ་བསྟན།

3.jpg

ཞིང་ཆེན་ནགས་ལས་རྩྭ་ཐང་ཅུ་ཡི་ཅུས་ཀྲང་གཞོན་པ་ཀྲའོ་ཧའེ་ཕིང་དང་ཧན་ཆང་། ཞིང་ཆེན་ནགས་ལས་རྩྭ་ཐང་ཅུ་ཡི་རིམ་པ་གཉིས་པའི་སྐོར་ཞིབ་པ་དང་ཅུ་གཞུང་ལས་ཁང་གི་ཀྲུའུ་རེན་ལིན་ཀྲའོ་ཚའེ། དེ་བཞིན་འབྲེལ་ཡོད་ཁྲུའུ་ཡི་འགན་འཁུར་བློ་མཐུན། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་དང་། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ།  ཁུལ་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེ་མོ་གཞོན་པ། དེ་བཞིན་ཁུལ་ནགས་ལས་དང་རྩྭ་ཐང་ཅུ་ཡི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།