དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཟླ་མཆོད་དང་རྒྱལ་སྟོན“དུས་ཆེན”སྐབས་སུ་རྐང་ཚ་རྫོང་གི་སྤྱི་ཚོགས་སྤྱིའི་ཆ་ནས་བརྟན་འཇགས་བྱུང་བ།

2023-10-09 10:53:58   |   2530

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


རྐང་ཚ་རྫོང་སྤྱི་བདེ་ཅུས་ཞིང་ཆེན་ཏང་ཨུའི་བདེ་འཇགས་འཛུགས་སྐྲུན་གྱི“གཅིག་བཅུའི”བྱ་བའི་བླང་བྱར་དམ་པོར་དམིགས་ནས། གོང་རིམ་གྱི་སྤྱི་བདེ་ལས་ཁུངས་དང་རྫོང་ཨུ། རྫོང་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་ལྟར་དུ“མང་ཚོགས་ཀྱིས་དུས་ཆེན་རོལ་བ་དང་སྤྱི་བདེ་ཡིས་འགག་སྒོ་སྒྲོལ་བའི”བྱ་བའི་འདུ་ཤེས་བརྟན་པོར་བཙུགས་ནས་བདེ་སྲུང་ལས་དོན་གྱི་བྱེད་ཐབས་ཁག་ལ་དམ་འཛིན་ནན་མོ་བྱས་ཏེ། ཟླ་མཆོད་དང་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་བདེ་སྲུང་གི་ལས་འགན་ཡོངས་སུ་འགྲུབ་བྱས།  དུས་ཆེན་སྐབས་སུ། ཁྱོན་སྡོམ་ཉེན་རྟོག་གི་གནས་ཚུལ་ཁག5སྣེ་ལེན་བྱས་པའི་ནང་། མང་ཚོགས་ཀྱི་རོགས་སྐྱོར་རེ་ཞུ་ཐེངས3དང་རྩོད་གཞི་ཐེངས1དང་།  གནས་ཚུལ་གཞན་པ་ཐེངས1བཅས་ཡོད།  ནུས་ལྡན་ཉེན་རྟོག་གི་གནས་ཚུལ་དེ་དུས་མཚུངས་ལས81%མར་ཆག་པ་དང་ཉེས་དོན་ཉེན་རྟོག་གི་གནས་ཚུལ་དེ་དུས་མཚུངས་དང་མཉམ་པ། བདེ་འཇགས་ཉེན་རྟོག་གི་གནས་ཚུལ་དེ་དུས་མཚུངས་ལས200%མར་ཆག་པ། འགྲིམ་འགྲུལ་རིགས་ཀྱི་ཉེན་རྟོག་གི་གནས་ཚུལ་དེ་དུས་མཚུངས་ལས300%མར་ཆག་པ་བཅས་ཡིན། རྫོང་ཡོངས་སུ་མང་ཚོགས་རང་བཞིན་གྱི་དོན་རྐྱེན་དང་ཉེས་དོན་གྱི་གྱོད་གཞི་ཚབས་ཆེན་མ་བྱུང་བ་དང་བདེ་འཇགས་ཀྱི་དོན་རྐྱེན་དང་གནོད་འཚེའི་ལས་འཛོལ་ཚབས་ཆེན་མ་བྱུང་བར། རྫོང་ཡོངས་ཀྱི་བགྲོད་ལམ་གོ་རིམ་ལྡན་པའི་ངང་ཤར་གཏོང་ཐུབ་པ་དང་སྤྱི་ཚོགས་བདེ་འཇགས་ཀྱི་གནས་ཚུལ་སྤྱིའི་ཆ་ནས་ཡག་པོ་འདུག 

1.jpg

  བརྟན་བརླིང་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་པ། དུས་ཆེན་སྔོན་ལ་རྐང་ཚ་རྫོང་སྤྱི་བདེ་ཅུས་ཟླ་མཆོད་དང་རྒྱལ་སྟོན་གྱི“དུས་ཆེན་གཉིས”སྐབས་ཀྱི་བརྟན་སྲུང་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ནས། གོང་རིམ་གྱི་སྤྱི་བདེ་ལས་ཁུངས་དང་རྫོང་ཨུ། རྫོང་སྲིད་གཞུང་བཅས་ཀྱིས་ཟླ་མཆོད་དང་རྒྱལ་སྟོན་གྱི“དུས་ཆེན་གཉིས”སྐབས་ཀྱི་བདེ་འཇགས་བརྟན་བརླིང་སྲུང་སྐྱོང་ལས་དོན་གྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ། བྱེ་བྲག་གི་བྱ་བའི་བླང་བྱ་བཏོན་པ་དང་བྱ་བའི་འགན་འཁྲི་གསལ་བོ་ངེས་ནས་ནུས་ཤུགས་ཡོད་རྒུས་བདེ་སྲུང་གི“རང་འགུལ་དམག་འཐབ”ཡག་པོ་རྒྱག་ཆེད་བཀོད་སྒྲིག་ཞིབ་ཚགས་བྱས།  དེ་དང་ཆབས་ཅིག་ཏུ་དུས་ཆེན་སྐབས་ཀྱི་བདེ་སྲུང་ལས་དོན་གྱི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པར་དུས་ཆེན་སྔོན་དང་དུས་ཆེན་སྐབས་ལ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་དང་། སྤྱི་བདེ་ཅུ་ཏང་ཨུའི་ཧྲུའུ་ཅི། ཅུ་ཀྲང་། ལས་རེས་སྣེ་ཁྲིད་ཅུའི་མགོ་ཁྲིད་དག་འཐབ་ཕྱོགས་དང་པོའི་གཞི་རིམ་གྱི་རུ་ཁག་ཏུ་བསྐྱོད་ནས་བྱ་བར་ལྟ་སྐུལ་ཞིབ་བཤེར་དང་དེ་བཞིན་དམངས་ལ་འཚམས་འདྲི་དང་ཉེན་རྟོག་པར་རམ་འདེགས་བྱས། 

2.jpg

བདེ་འཇགས་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་སྤྱི་བདེ་དྲག་ཆས་ཉེན་རྟོག་མཉམ་འབྲེལ་ལས་སྒྲུབ་སྐོར་ཞིབ་བྱེད་པ་དང་། རིམ་པ་མཐོ་བའི་ལས་སྒྲུབ་བྱེད་སྟངས་ལག་བསྟར་བྱེད་པ། སྤྱི་བདེ་ལས་ཁུངས་ཀྱི“སྐར་མ135”མགྱོགས་མྱུར་དང་ལེན་གྱི་ལམ་སྲོལ་ལག་བསྟར་ནན་མོ་བྱེད་པ། གཙོ་གནད་དུས་ཚོད་ནང་འགྲོ་འོང་བྱེད་པའི་འཁོར་རིགས་དང་མི་སྣ། དངོས་རྫས་བཅས་ལ་ཞིབ་བཤེར་ནུས་ཤུགས་ཇེ་ཆེར་གཏོང་བ། མངགས་གཏོང་ཁང་དང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན། དམིགས་བསལ་སྐོར་ཞིབ་ཉེན་རྟོག་པ་བཅས་ཀྱིས་མངའ་ཁུལ་གྱི་ས་ཁོངས་གཙོ་བོ་དང་ལམ་དུམ་གཙོ་བོ། ལས་ཁུངས་གཙོ་བོ་བཅས་ལ་དྲ་མིག་ཅན་གྱི་སྐོར་ཞིབ་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ནས། “རླངས་འཁོར་སྐོར་ཞིབ་དང་རྐང་ཐང་སྐོར་ཞིབ་ཟུང་འབྲེལ”གྱི་བྱེད་ཐབས་བརྒྱུད་དེ། ལས་ཁུངས་དང་སློབ་གྲྭ། ཐང་ཆེན། རྐང་ཐང་སྲང་ལམ། ཚོང་ར། སྲང་ལམ་བཅས་དང་དེ་བཞིན་འདུ་ར་ཆུང་བ་དགུའི་སྐོར་ཞིབ་སྤུས་ཚད་ཇེ་མཐོར་བཏང་ནས། བདེ་འཇགས་ཀྱི་བྱུར་རྐྱེན་སྣ་ཚོགས་དུས་ཐོག་ཏུ་བསལ་ཏེ་ཕྱོགས་ཡོངས་ནས་མཁོ་སྒྲུབ་ལས་དོན་གྱི་གྲ་སྒྲིག་ཡག་པོ་སྒྲུབ་ལ། དེའི་རིང་སྐོར་ཞིབ་ཉེན་རྟོག་པ་མི་ཐེངས245དང་རླངས་འཁོར་ཐེངས72ཀྱིས་སྐོར་ཞིབ་བྱས།    

3.jpg

བྱུར་རྐྱེན་གཙང་སེལ་གྱི་ལས་དོན་ཡག་པོ་བསྒྲུབས་པ། མངའ་ཁུལ་གྱི་མགྲོན་ཁང་ལས་རིགས་དང་གནས་སྐོར་མཛེས་ལྗོངས་ཁུལ། ལས་ཁུངས་གཙོ་བོ། བོགས་གཏོང་ཁང་བ། གཏེར་ཁུལ། སྣུམ་ཚིགས་སོགས་ལས་རིགས་ཁྱབ་ཁོངས་ཀྱི་གཙང་བཤེར་ནུས་ཤུགས་ཇེ་ཆེར་གཏོང་བ་དང་། ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་འགན་འཁུར་བ་ཚོས་བདེ་འཇགས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་བདེ་འཇགས་ཀྱི་བྱུར་རྐྱེན་སྣ་ཚོགས་ལེབ་བཤེར་བྱེད་པ་མ་ཟད་དུས་ཐོག་ཏུ་བཅོས་སྐྱོང་བཅས་བྱས་ཏེ། སྤྱི་པའི་བདེ་འཇགས་ཀྱི་ལས་འཛོལ་འབྱུང་རྒྱུར་ནན་འགོག་བྱེད་དགོས།  རྒྱུན་རྣམ་ཅན་གྱི་སྒོ་ནས་འགལ་ཟླ་དང་རྩོད་གཞི་ལེབ་བཤེར་དང་། འདུམ་གཅོད། བསྐྱར་འདྲི་སོགས་ཀྱི་ལས་དོན་སྤེལ་ནས་རིགས་མི་འདྲ་བའི་བརྟན་འཇགས་མིན་པའི་ཁུངས་སྣེ་དུས་ཐོག་ཏུ་ཁོང་དུ་ཆུད་དེ། འགལ་ཟླ་དང་རྩོད་གཞིའི་ཉེན་ཁའི་བྱུར་རྐྱེན་ཚོར་རྟོགས་དང་འདུམ་གཅོད། དོ་དམ་ཚོད་འཛིན་བཅས་ཀྱི་ནུས་པ་ཇེ་མཐོར་བཏང་ནས། འགལ་ཟླ་དང་རྩོད་གཞིའི་འབྱུང་རྩ་ནས་ཚོད་འཛིན་དང་གཞི་རིམ་དུ་སེལ་རྒྱུའི་འགན་ལེན་བྱེད་དགོས།  འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་དུས་ཆེན་དང་སྟོན་བསྡུའི་སྐབས་སུ་རླངས་འཁོར་མང་དུ་འགྲོ་བའི་དོན་དངོས་ལ་དམིགས་ནས་མངའ་ཁུལ་དུ་ཆང་བཏུངས་ནས་རླངས་འཁོར་སྐོར་བ་དང་ཁ་ལོ་བའི་ལག་རྟགས་མེད་པར་རླངས་འཁོར་སྐོར་བ་སོགས་ཀྱི་བགྲོད་ལམ་གྱི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས་ཏེ། ལམ་དུམ་གཙོ་བོ་ལ་བགྲོད་ལམ་སྐོར་ཞིབ་ལས་དོན་སྤེལ་ནས་ཁ་པར་གྱི་སྐད་འཕྲིན་ཚོགས་པ་སོགས་དྲ་སྦྲེལ་སྤྱད་དེ་དུས་ཐོག་ཏུ་ཁངས་ཆར་གྱི་གནམ་གཤིས་བདེ་འཇགས་ངང་སྐྱོད་པ་སྤྱི་བདེའི་གསལ་འདེབས་སོགས་ཁྱབ་བསྒྲགས་བྱས་ནས་བགྲོད་ལམ་ཤར་གཏོང་དང་མང་ཚོགས་འགྲོ་སྐྱོད་བདེ་འཇགས་འགན་བླངས་ཏེ་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་འབྱུང་རྒྱུ་བཀག་འགོག་ནུས་ལྡན་བྱས།   དུས་ཆེན་སྐབས་སུ་ལས་རིགས་ཀྱི་བྱེད་སྒོ་སྤེལ་ཡུལ210ལ་ཞིབ་བཤེར་བྱས་པ་དང་། རིགས་མི་གཅིག་པའི་བྱུར་རྐྱེན11ལ་ལེབ་བཤེར་དང་བཅོས་སྐྱོང་བྱས་པ། འགྲོ་འོང་གི་རླངས་འཁོར970ལྷག་ཙམ་ལ་ཞིབ་བཤེར་བྱས་པ།རིགས་མི་གཅིག་པའི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད276ལ་ཞིབ་བཤེར་ཐག་གཅོད་བྱས། 

4.png

དཔུང་ཁག་གི་དོ་དམ་ལས་དོན་ཡག་པོ་བསྒྲུབས་པ།   མཐའ་གཅིག་ཏུ 《སྤྱི་བདེ་པུའི་གཏན་འབེབས་ལས་འགལ་བའི་གསོལ་སྟོན་གྱི་ཆང་རག་ལ་གཏན་འགོག་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དོན་ཚན་དྲུག》དང་དུས་རབས་གསར་བའི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པའི“གཏན་འགོག་བཅུ”སོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་དོན་ཐོག་ཏུ་འཁྱོལ་དགོས།    རིམ་པ་ཁག་གི་ལས་སྒྲུབ་དང་ལེན་དོན་འཁྱོལ་ནན་མོ་བྱས་ནས་མགོ་ཁྲིད་གཉིས་ཀྱིས་ལས་རེས་སྣེ་ཁྲིད་པའི་ལམ་ལུགས་དང་། དམངས་དང་ལས་རོགས་ཉེན་རྟོག་པ་གཉིས་ཀྱིས་ཆུ་ཚོད24རིང་ཐུན་གྲབས་ལམ་ལུགས་དང་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས།   དེ་དང་ཆབས་ཅིག་ལས་རེས་སྣེ་ཁྲིད་ཅུའི་མགོ་ཁྲིད་ཀྱིས་ལྟ་ཞིབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ཁྲིད་དེ་རུ་ཁག་སོ་སོར་བསྐྱོད་ནས་སྤྱི་ཚོགས་བདེ་འཇགས་ཀྱི་གནས་ཚུལ་དང་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་གནས་ཚུལ། རླངས་འཁོར་དོ་དམ།ཐུན་གྲབས་སོགས་ཀྱི་ལས་དོན་ལ་དངོས་སུ་ལྟ་སྐུལ་ཞིབ་བཤེར་བྱས། དུས་ཆེན་སྐབས་སུ་དཔུང་ཁག་དོ་དམ་བརྟན་པོས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་བ་གང་ཡང་བྱུང་མེད།


མཉམ་སྤྱོད།