དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ལས་གཞི་གལ་ཆེན་ལེགས་འགྲུབ་བྱུང་།

2023-10-09 15:13:53   |   2861

 རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་བོད་ཡིག་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ལམ་བསྟུད་མུར་ཟླ་བ་གཅིག་རིང་གི་ཉིན་མཚན་ཆད་མེད་དུ་ཆ་འཕྲིན་ལམ་ནས་ཚོད་ལྟ་དང་ཚན་རིག་དང་མཐུན་པས་སྙོམས་སྒྲིག་བརྒྱུད།  མཚོ་སྔོན་ཞིང་ཆེན་གྱིས་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ཆུ་ལམ་བྱང་མ་དང་། ཆུ་ལམ་ནུབ་མའི་ལས་གཞི་སྔ་གཞུག་ཏུ་ཆུ་དྲངས་པ་ལེགས་འགྲུབ་བྱུང་ལ། དེས་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ལས་གཞིའི་རྣམ་གྲངས་ཆེན་མོ་དྲུག་བགྲང་བྱ27བརྒྱུད་ཡོངས་སུ་གྲུབ་ནས་ཆུ་འདྲེན་ཐུབ་པ་མཚོན།

1.jpg

འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ལས་གཞི་ནི་མཚོ་སྔོན་གྱི་སྲིད་དབང་བཙུགས་རིང་གི་ས་མཚམས་བརྒལ་བའི་ཆུ་འདྲེན་ལས་གཞི་ཆེ་ཤོས་ཤིག་ཡིན་ཞིང་།  རྒྱལ་ཁབ་ཀྱི་ཆུ་དྲའི་འཆར་འགོད་ཁྲོད་ཆུ་བེད་ལས་གཞི་གལ་ཆེན172ནང་གི་གཅིག་ཡིན།  ལས་གཞི་དེ་ལྷོ་ནས་བྱང་དུ་འཇུ་ལག་ཆུ་བོ་དང་ཙོང་ཆུ་གཉིས་སྦྲེལ་བ་དང་། ཤར་ནས་བྱང་དུ་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་ཆུ་རྒྱུད་གཅིག་ཏུ་སྦྲེལ་ཡོད་པས།   རང་ཞིང་གི་ཤར་རྒྱུད་གྲོང་ཁྱེར་ཚོགས་ཀྱི་ཆུའི་ཐོན་ཁུངས་འགན་སྲུང་གི་ལས་གཞི་དང་། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ལེགས་འཕེལ་རྒྱས་འདེགས་སྐྱོར་ལས་གཞི། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་།  ཞིང་གྲོང་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་བའི་རྨང་གཞིའི་ལས་གཞི་བཅས་ཡིན་པར་མ་ཟད།  ཙོང་ཆུ་འབབ་རྒྱུད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པའི་ལས་གཞི་ཞིག་ཀྱང་ཡིན།   ལས་གཞི་དེ་ནི་ཧྲི་ཐོའུ་འགག་ཆུ་མཛོད་དང་།  ཆུ་འདྲེན་སྤྱིའི་ཆུ་ལམ།   ཧའེ་ཆུན་ཆུ་མཛོད།   ཆུ་ལམ་བྱང་མའི་དུས་སྐབས་དང་པོ་དང་གཉིས་པའི་ལས་གཞི།   ཆུ་ལམ་ནུབ་མའི་ལས་གཞི་བཅས་ཀྱིས་གྲུབ་ཅིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར146.34བཏང་།

ལས་གཞིའི་ཆུ་ལམ་དང་ཡན་ལག་ཆུ་ལམ་གྱི་སྤྱིའི་རིང་ཚད་ལེ་དབར1143ཡོད་ཅིང་།  དེ་ཆུ་མཛོད་གལ་ཆེན5དང་།  ཕུག་པ272དང་། རྐ་གཞོང290དང་།   ཆུ་སྦུག117དང་།  ས་མུའུ་ཁྲི100ཡི་ཞིང་བར་བཅས་བརྒྱུད་ཡོད་ལ།  ཆུ་སྒོ་ཚོད་འཛིན་ཆ་འཕྲིན་ས་ཚིགས121དང་། ཆུའི་འཕེལ་འགྲིབ་ལྟ་ཞིབ་ཚད་ལེན་ས་ཚིགས།  བརྙན་ལམ་སྐོར་ཞིབ་ས་ཚིགས433དང་།  སྤྱི་ལེ270ཅན་གྱི་འོད་སྐུད། སྤྱི་ལེ325ཅན་གྱི་ཡན་ལག་སྐུད་ལམ།  བརྡ་འཕྲིན་ཆེད་སྤྱོད་སྐུད་ལམ3ལ་སོགས་ཆ་འཕྲིན་ཅན་གྱི་སྒྲིག་ཆས་བསྒྲིགས་ཡོད།  ཁུལ1དང་གྲོང་ཁྱེར2དངམ། རྫོང5(ཆུས)ཡི་ཡུལ་ཚོ་དང་གྲོང་རྡལ75ལ་ཕན་བཏགས་ཡོད་དེ།  རང་སར་འབབ་པའི་ཆུ་སྙོམས་སྒྲིག་འཇུ་ལག་ཆུ་ནང་འདྲེན་ལ་བརྟེན་ནས་ཙོང་ཆུ་འབབ་རྒྱུད་ཀྱི་ཞིང་ལས་དང་། བཟོ་ལས། སྐྱེ་ཁམས། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བ་བཅས་ལ་ཆུ་འདོན་ཐུབ་ཡོད་ཅིང་། ལས་གཞི་སྤྱིའི་ཆུ་འདོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར5.26རེད།

2.jpg

ཆུ་ལམ་ཡོངས་སུ་ཆུ་དྲངས་པ་དེས་ཙོང་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་མ་ལག་རིམ་བཞིན་སླར་གསོ་དང་།  སྐམ་ཤས་ཆེ་བའི་ས་རྒོད་ཐང་རྒོད་བཅོས་སྒྱུར་དང་ནགས་རྩྭ་འདེབས་གསོ་བཅས་ལ་ཕན་པ་དང་།   ལོ་རེར་རྨ་ཆུ་ནས་འབབ་པའི་འདམ་ཟེགས་ཏུན་ཁྲི44.8ཇེ་ཉུང་དུ་གཏང་ཐུབ།   རི་ཁུལ་གྱི་ཞིང་ས་མང་པོར་ཆུ་འདྲེན་ཐུབ་པར་མ་ཟད། ཤར་རྒྱུད་གྲོང་ཁྱེར་ཚོགས་ཀྱི་མི་ཁྲི300ཡི་འཐུང་ཆུ་དང་།  ཙོང་ཆུ་འབབ་རྒྱུད་ཀྱི་བཟོ་ལས་གླིང་ཁུལ་གྱི་ཐོན་སྐྱེད་ལ་མཁོ་བའི་ཆུ།   དེང་རབས་ཁྱད་ལྡན་གྱི་ཞིང་འབྲོག་ལས་ལ་མཁོ་བའི་ཆུ། སྐྱེ་ཁམས་ལ་མཁོ་བའི་ཆུ་བཅས་ཀྱི་དགོས་མཁོ་བསྐངས་ཐུབ་པས།   རང་ཞིང་གི་ཤར་རྒྱུད་ས་ཁུལ་གྱིས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་མགྱོགས་པོར་སྐུལ་འདེད་བཏང་སྟེ།   ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་ལ་ཆུའི་ཐོན་ཁུངས་ཀྱི་འགན་སྲུང་བརྟན་པོ་ཞིག་འདོན་སྤྲོད་བྱས་ཡོད།


མཉམ་སྤྱོད།