དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-10-10 08:46:57   |   1581

སྒྲིག་སྒྱུར། ཀླུ་མོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཚེས9ཉིན་གྱི་སྔ་དྲོར། ཀྲུང་གོ་བཟོ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་མི་དམངས་ཚོགས་ཁང་ཆེ་མོར་མགོ་བརྩམས་ཤིང་། ཞི་ཅིན་ཕིང་དང་ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཏིང་ཞུའེ་ཞང་། ལི་ཞི་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་པ་དང་། ཚའེ་ཆིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་གསུངས། 

    2.jpg

  • ཟླ10ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མའི་ཏང་མང་གི་གཙོ་འཛིན་ཧྲུའུ་མོས་སྣེ་ཁྲིད་པའི་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མའི་ཏང་གཉིས་ཀྱི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་། 

  • ཚེས9ཉིན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་པེ་ཅིང་དུ2023ལོའི་དུས་ཚིགས་གསུམ་པའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། དཔའ་བོ49གཟི་བརྗིད་ངང་མིང་ཐོའི་ནང་ཚུད་ཡོད། ཞིབ་འཕྲིན།

  • བཟོ་འཕྲིན་པུ་སོགས་སྡེ་ཁག་དྲུག་གིས་ཉེ་ཆར་མཉམ་འབྲེལ་ཐོག་འཆར་གཞི་དཔར་འགྲེམ་བྱས་ནས། 2025ལོར་སླེབས་དུས་རིག་ནུས་རྩིས་རྒྱག་ཤུགས་ཀྱིས་ཟིན་ཚད35%ཟིན་རྒྱུ་ཡིན་ཞེས་བཏོན་ཡོད། 

    3.jpg

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཡུན་ཉིན12ཀྱི་རྒྱལ་ཡོངས་ལྕགས་ལམ་གྱི་རྒྱལ་སྟོན་རྫོགས་ལྡན་དུས་ཡུན་རིང་འགྲུལ་པ་མི་ཐེངས་དུང་ཕྱུར1.95སྐྱེལ་འདྲེན་བྱས་ཡོད། 

  • རྒྱལ་ཁབ་གསང་ཨང་དོ་དམ་ཅུས་ཉིན་ཤས་གོང་བྱ་ཐབས་བཏོན་ནས། ཚོང་སྤྱོད་གསང་ཨང་ཞིབ་དཔྱད་ཚད་ལེན་བྱེད་སྒོ་དང་བཀོལ་སྤྱོད་བདེ་འཇགས་རང་བཞིན་གྱི་དཔྱད་དཔོག་ཚད་ལྡན་དུ་བཏང་ཡོད། 

  • ཚེས9ཉིན། ཚོང་དོན་པུས་སྤྱི་བསྒྲགས་སྤེལ་ནས། ཐའེ་ཝན་ས་ཁུལ་གྱིས་སྐམ་ས་ཆེ་མོའི་ཚོང་དོན་ཚོད་འཛིན་བྱེད་ཐབས་ལ་ཚོང་དོན་མཁར་རྫོང་བརྟག་དཔྱད་བྱེད་པའི་དུས་བཀག་ཟླ་བ་གསུམ་རིང་དུ་གཏོང་རྒྱུ་རེད། 

  • ཚེས9ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གི་དམག་གྲུའི་དཔུང་རུ་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་སྐོར་གཡེང་བྱས། 

  • ཚེས9ཉིན། ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་ཉིན་གསུམ་པར་སླེབས་ནས་ཕ་ལེ་སི་ཐན་བ་དང་དབྱི་སི་རལ་བ་ཁྱོན1200ལྷག་རྐྱེན་ལམ་དུ་ཤོར་བ་རེད། 

  • ཚེས8ཉིན། ཨ་ཧྥུ་ཀ་ནི་སི་ཐན་གྱི་ཧོ་ལ་ཐེ་ཞིང་ཆེན་གྱི་གནོད་འཚེ་དོ་དམ་སྡེ་ཁག་གི་འགན་འཁུར་བས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ནུབ་བྱང་རྒྱུད་དུ་ཚེས7ཉིན་བྱུང་བའི་ས་ཡོམ་གྱིས་མི2445རྐྱེན་ལམ་དུ་ཤོར་བ་དང་། ཤི་རྨས་བྱུང་བའི་མི་གྲངས་སྔར་བས་མང་དུ་འགྲོ་སྲིད་ཅེས་བཤད་པ་རེད། 

    སྤྱི་ཚོགས།

  • རང་བྱུང་ཐོན་ཁུངས་པུ་དང་ཀྲུང་གོ་གནམ་གཤིས་ཅུས་སྔོན་བརྡ་བཏང་བ་ལྟར་ན། དེ་རིང་ཀོང་ཏུང་དང་ཡུན་ནན། བོད་ལྗོངས་སོགས་ས་ཁུལ་ཁག་གཅིག་ཏུ་ས་གཤིས་གནོད་འཚེ་འབྱུང་བའི་གནམ་གཤིས་ཀྱི་ཉེན་ཁ་ཅུང་ཆེན་པོ་ཡོད་པ་རེད། 

  • ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དགུ་པར་ཀྲུང་གོའི་ཚོང་ཟོག་ཆེ་གྲས་ཀྱི་སྟོན་གྲངས་ཟླ་བ་གཉིས་རིང་བསྟུད་མར་འཕར་བ་དེའི་ཐོག་ནས་མིག་སྔར་རྒྱལ་ནང་གི་ཚོང་ཟོག་ཆེ་གྲས་ཀྱི་ཁྲོམ་ར་བརྟན་ཐོག་ལེགས་སུ་ཕྱིན་པ་མངོན་ཡོད། 

    4.jpg

  • ཉེ་ཆར་འབར་མའི་བྱང་རྒྱུད་ཀྱི་གློག་འཕྲིན་གཡོ་ལེན་གྱི་ཉེས་གསོག་དོགས་ཅན་ཁག་གསར་པ706རང་ཕྱོགས་ལ་རྩིས་སྤྲད་པ་རེད། 

  • ཀྲུང་གོ་ཀོང་ཏ་ཚོགས་པའི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི་དང་སྤྱི་ཁྱབ་ལས་འཛིན་ལི་ཞའོ་ཕེང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས། 

  • ཧྲན་ཏུང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་སུན་ཧྲུའུ་ཐའོ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས།  ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས། 

  • ཧྲན་ཞི(山西)ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྡོ་སོལ་གཏེར་ཁུལ7ལ་ལས་འཛོལ་གྱི་བྱུར་རྐྱེན་ཚབས་ཆེན་ཡོད་པའི་རྐྱེན་གྱིས་ཆད་པ་བཅད་པ་དང་། དངུལ་ཆད་ཆེས་མཐོ་ཤོས་ཁྲི་བརྒྱ་ལས་བརྒལ་ཡོད་པ་རེད། 

  • སན་ཡ་མཚོ་དོན་ཅུས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས། ཚེས10ཉིན་གྱི་ཆུ་ཚོད9པ་ནས13བར་ལྷོ་རྒྱ་མཚོའི་མཚོ་ཁོངས་ཁག་གཅིག་ཏུ་མདེའུ་དངོས་སྦྱོང་བརྡར་བྱས་ནས་བསྐྱོད་མི་ཆོག་པ་བྱས་ཡོད། 

    5.jpg

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས16ཉིན་ཀྲུང་གོའི་གནའ་རབས་ཀྱི་རི་མོ་གྲགས་ཅན(ལེ་དབར་སྟོང་གི་རི་ཀླུང་རི་མོ)གསེར་དངུལ་དྲན་རྟེན་དངུལ་ལོར་ཆ་ཚང་ཞིག་འགྲེམ་སྤེལ་བྱ་རྒྱུ་གཏན་འཁེལ་བྱས། 

  • 2023ལོའི་ཀྲུང་གོའི་གསེར་བྱ་མེ་ཏོག་བརྒྱའི་གློག་བརྙན་དུས་ཆེན་དེ་ཟླ11ཚེས1ནས4ཉིན་བར་ཞ་མོན་དུ་གཉེར་རྒྱུ་རེད། 

    8.jpg

  • ཧོ་ནན་ཧྲང་ཆིའུ་ཡི་བུ་མོ་ཞིག་སེམས་ཆུང་མ་བྱས་པར་རླངས་འཁོར་གྱི་མཐིལ་དུ་ཚུད་པ་དང་། ལམ་འགྲོ་པ་བཅུ་གྲངས་མྱུར་དུ་འཛོམས་ནས་སྐར་ཆ་སུམ་ཅུ་ཙམ་ལས་མ་འགོར་བར་རླངས་འཁོར་ཡར་བཀྱགས་ནས་བུ་མོ་དེ་བསྐྱབས། 

    སྲིད་ཇུས།

  • པེ་ཅིང་གིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ནས། ཚོང་ཟོག་སྡོད་ཁང་ཕྱིར་འཚོང་བྱེད་སྐབས་རིན་གོང་གསལ་པོར་འགོད་དགོས་པའི“ཁང་བ་གཅིག་ལ་ཚད་གཞི་གཅིག”ལག་བསྟར་བྱེད་རྩིས་ཡོད་པ་རེད། 

  • ལེའོ་ཉིང་གིས་བྱེད་ཐབས་བཏོན་ནས། ཆ་རྐྱེན་འཛོམས་པའི་རིག་གནས་གནས་སྐོར་ཁེ་ལས་ལེའོ་ཉིང་དུ་མ་འཇོག་བྱེད་པར་ཡོང་ན་ཐེངས་གཅིག་ལ་སྒོར་ཁྲི100ཡི་བྱ་དགའ་དང་ཁ་གསབ་སྤྲོད་རྒྱུ་རེད། 

  • ཧུའུ་པེས་བརྡ་ཐོ་བཏང་ནས། བེད་མེད་དུ་བཞག་པའི་ཞིང་པའི་ཁང་པ་གང་འགབ་ཅི་སྤྱོད་བྱས་ནས་གཞི་ཁྱོན་ངེས་ཅན་གྱི་ཡུལ་གྲོང་དང་སྡེ་བར་ས་གནས་ཁག་གིས་འབྲེལ་ཡོད་ནོར་སྲིད་མ་དངུལ་སྤྱི་འདོམས་བྱས་ཏེ། བྱ་དགའ་དང་ཁ་གསབ་སྤྲོད་རྒྱུར་སྐུལ་ལྕག་བྱེད་དགོས་ཞེས་བཏོན་ཡོད། 

    དེ་རིང་གི་གནམ་གཤིས།

    7.jpg

  • ཞིན་ཅང་གི་ཐེན་ཧྲན་ས་ཁུལ་དང་ཞིན་ཅང་ནན་ཅང་གི་ནུབ་རྒྱུད་དང་ལྷོ་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད། མཚོ་སྔོན་གྱི་དབུས་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་ཁངས་ཆར་འབབ་པ་དང་། ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་ཀྱི་འདུག བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་སི་ཁྲོན་གྱི་དབུས་ལྷོའི་རྒྱུད། ཡུན་ནན་གྱི་དབུས་ནུབ་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད། 


མཉམ་སྤྱོད།