དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྩེ་ཁོག་རྫོང་དང་སོག་རྫོང་གི་རྟོག་ཞིབ་ཚན་ཆུང་གིས་རྐང་ཚ་རྫོང་ཨུས་བརྗོད་དོན་སློབ་གསོའི་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་གནང་།

2023-10-10 17:39:56   |   2058

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ9པའི་ཚེས28ཉིན་དང་ཟླ10པའི་ཚེས7ཉིན། རྩེ་ཁོག་རྫོང་ཨུའི་ཧྲུའུ་ཅི་ཝང་ཅི་ཏེ་དང་སོག་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཁྲིག་ཞང་ཞན་གཉིས་ཀྱིས་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ་རྐང་ཚ་རྫོང་དུ་ཡོང་སྟེ་ཏང་གཤིས་སློབ་གསོ་མྱངས། རྫོང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲིན་ཆིང་དང་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་སྟག་ལྷ། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་མཱ་ཞའོ་ཕིན། རྫོང་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་ཚིང་ཚོན་ཧྥུ། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཆིན་ཧྲི་ཧྥུ། རྫོང་ཨུའི་རྒྱུན་ཨུ། རྫོང་དཔོན་གཞོན་པ་ཅི་ཧྲི་ཝེ་བཅས་མཉམ་དུ་ཞུགས།

ཁེ་རམ་ཐང་སྐྱེ་ཁམས་དཔལ་ཡོན་སློབ་གསོ་རྟེན་གཞི་དང་དཀོན་ལོ་གོང་མ་སྡེ་བའི་མི་རིགས་གྲོང་སྡེ་རུ་རྫོང་གཉིས་ཀྱི་རྟོག་ཞིབ་ཚན་ཆུང་གིས་སྔ་རྗེས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁེ་རམ་ཐང་དང་དཀོན་ལོ་གོང་མ་སྡེ་བར་གཟིགས་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བསྐྱར་དྲན་བྱས་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་བ་ཐོབ་པའི”རེ་བ་ནན་མོ་དང“ཕན་ཚུན་མཛའ་མཐུན་དང་ཕན་ཚུན་རོགས་འདེགས”ཀྱི་ཐུགས་ཁུར་ཟབ་མོ་ཡང་མྱོང་ཚོར་བྱས།  རྟོག་ཞིབ་ཚན་ཆུང་གིས་གཙོ་དོན་སློབ་གསོའི“བསམ་བློ་སློབ་སྦྱོང་དང་ཏང་གཤིས་ལ་ཤུགས་སྣོན། ལག་ལེན་ལ་མཐོང་ཆེན།བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། སྔར་ལས་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ། “སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་བསྐྲུན་པ་དང་བློ་རིག་རྒྱས་པ། སྤྱོད་ཚུལ་ཇེ་ལེགས། ལས་དོན་ལ་སྐུལ་འདེད”བཅས་ཀྱི་ཐད་ལ་ཕན་འབྲས་དངོས་གནས་ཐོབ།

རྩེ་ཁོག་རྫོང་གི་རྟོག་ཞིབ་ཚན་ཆུང་གིས་ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་གྱི་མཛེས་ལྗོངས་ཀྱི་དོ་དམ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས་ནས། ཉེ་བའི་ལོ་ཤས་རིང་རྐང་ཚ་རྫོང་གིས་མཚོ་སྔོན་པོའི་བྱང་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་ཕྱོགས་ནས་གྲུབ་འབྲས་བླངས་པར་མྱོང་རོལ་བྱས།  རྟོག་ཞིབ་ཚན་ཆུང་གིས་རྐང་ཚས་སྐྱེ་ཁམས་བཅོས་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་མ་ལག་འཐུས་ཚང་དུ་གཏོང་བའི་ཐད་ཐོབ་པའི་ཉམས་མྱོང་དང་བྱེད་སྟངས་དཔྱད་གཞིར་བཟུང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཙོ་དོན་སློབ་གསོར་བརྟེན་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་འགན་འཁྲི་ཇེ་ལྕིར་གཏོང་བ་དང་སྐྱེ་ཁམས་བཅོས་སྐྱོང་ཁྲོད་བྱས་རྗེས་མངོན་ཏེ་བློ་བརྟན་འགྱུར་མེད་ངང་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་པོ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་གཏོང་བའི་ལམ་བུར་བསྐྱོད་དགོས་པའི་ངོས་འཛིན་བྱས།  

4.png 

རྟོག་ཞིབ་བརྒྱུད་རིམ་ཁྲོད་དུ། སོག་རྫོང་གི་རྟོག་ཞིབ་ཚན་ཆུང་གིས་གཡུ་དཀར་འོམ་ལུང་ཡུལ་ཚོའི་གཉའ་གོང་མ་སྡེ་བའི་བོད་ལུག་གསོ་སྤེལ་ཐོན་སྐྱེད་རྟེན་གཞིར་ལྟ་སྦྱོང་བྱས་ནས། ལག་ཡོད་ཁ་གྲངས་དང་ཕྱིར་འཚོང་ཁ་གྲངས། གསོ་སྤེལ། དཔལ་འབྱོར་ཕན་འབྲས། ལས་གཉེར་དོ་དམ་སོགས་ཀྱི་གནས་ཚུལ་ལ་ཉན་པ་མ་ཟད། བོད་ལུག་ཐོན་ལས་ཚད་ལྡན་ཅན་གྱི་འཕེལ་རྒྱས་དང་། ཞིང་ལས་སྣེ་ཁྲིད་ལམ་སྲོལ་འདོན་སྤེལ། ཐོན་ལས་འབྲེལ་ཐག་སྣུར་སྲིང་བཅས་ཀྱི་དམིགས་འབེན་གསུམ་གྱི་ཐད་ནས་དཔྱད་སྡུར་ཡང་གནང་།


མཉམ་སྤྱོད།