དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-10-10 17:51:09   |   3196

སྒྲིག་སྒྱུར། ཀླུ་མོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར། རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་མུ་མཐུད་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར42533.7ཡིན་པ་དེ་དུས་མཚུངས་ལས8%འཕར་ཡོད། 

  • སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གཉིས་པའི་སྐོར་ཞིབ་བྱ་ཡུལ་ཡོངས་བསྒྲགས་བྱས་ཡོད། ཞིབ་འཕྲིན།

    1.jpg

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས10ཉིན《“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་སྟེ། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་གཏོད་པའི་ལག་ལེན་གལ་ཆེན》ཞེས་པའི་རྒྱབ་ཤོག་དཀར་པོའི་དེབ་ཁྱབ་བསྒྲགས་བྱས། 

  • རྒྱལ་ཁབ་བསྡོམས་རྩིས་ཅུས་སྤྱི་བསྒྲགས་སྤེལ་ནས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ2023ལོའི་མི་འབོར་འགྱུར་ལྡོག་བྱུང་ཚུལ་དཔེ་འཐེན་བརྟག་དཔྱད་བྱ་རྒྱུ་གཏན་འབེབས་བྱས་ཡོད། 

  • སྤྱི་བདེ་པུས་བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་དགུ་པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་ནུས་ཁོངས་གསར་པའི་རླངས་འཁོར་ཡོད་ཚད་ཁྲི1821ཡོད། 

  • ཀྲུང་གོའི་ཁེ་ལས་འབྲིང་ཆུང་མཐུན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། དུས་ཚིགས་གསུམ་པའི་ཀྲུང་གོའི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་སྟོན་གྲངས89.2ཡིན་པ་དེ་དུས་ཚིགས་གཉིས་པ་དང་བསྡུར་ན་ཚེག་གྲངས0.2འཕར་ཡོད། 

  • ཚེས11ཉིན་གྱི་ཆུ་ཚོད་བཅུ་གཉིས་ནས་བཟུང་། རྒྱལ་ཡོངས་ལྕགས་ལམ་གྱིས་དུས་ཚིགས་བཞི་པའི་མེ་འཁོར་འཁོར་སྐྱོད་འཆར་གཞི་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ལེགས་སྒྲིག་བྱས་རྗེས་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་སྐྱེལ་མེ་འཁོར11075བཀོད་སྒྲིག་བྱས་པ་དེ་འཆར་གཞི་ལས་མེ་འཁོར449མང་དུ་ཕྱིན་ཡོད་པ་རེད། 

  • ཚེས10ཉིན་ཕྱི་འབྲེལ་པུས་ད་ལྟའི་དུས་མཚམས་སུ་གལ་ཏེ་ཀྲུང་གོའི་སྤྱི་དམངས་རང་མོས་ངང་ཕ་ལེ་སི་ཐན་དང་དབྱི་སི་རལ་ནས་ཁ་འབྲལ་འདོད་ཚེ། བདེ་འཇགས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱ་རྒྱུ་ཡིན་ཞེས་བཤད་ཡོད། 

  • དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་སྨན་བཅོས་སྒྲིག་ཚན་གྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་གསར་ཤོས་ལ་གཞིགས་ན། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་རེས་སྐོར་གསར་པའི་གདོང་ཐུག་བྱུང་ཚུན་མི1700ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི6800ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད། 

    སྤྱི་ཚོགས།

  • དེ་རིང་ནས་བཟུང་། རང་རྒྱལ་གྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་བསྐྱར་འཕར་གྱི་རྣམ་པ་མངོན་རྒྱུ་ཡིན་པ་དང་། དེའི་ནང་བྱང་ཤར་ས་ཁུལ་གྱི་གྲོང་ཁྱེར་ཁག་གཅིག་གི་དྲོད་ཚད་མཐོ་ཤོས་རྒྱུན་གཏན་གྱི་དུས་མཚུངས་ལས6℃ཙམ་མཐོ་རུ་འགྲོ་རྒྱུ་རེད། 

  • ཚེས10ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་ སོ་སོའི་རིན་གོང་ཏུན་རེར་སྒོར85དང་སྒོར80མར་ཆག་ཡོད། 

    2.jpg

  • ཉིན་ཤས་གོང་། ཧྥུ་ཅན་ཞིང་ཆེན་ཕུའུ་ཐེན་གྲོང་ཁྱེར་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ནང་བཅུག་ཡོད། 

  • ཉེ་ཆར་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་རྒྱལ་ཁབ་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་དྲ་ཐོག་ཏུ་ཡིད་རྟོན་ཉམས་གསོའི་ནུས་པ་བཏོན་ཡོད། 

  • ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཅུ་ཀྲང་གཞོན་པ་ཏུའུ་ཀྲའོ་ཚའེ་འཛིན་བཟུང་བྱ་རྒྱུ་གཏན་འབེབས་བྱས་ཡོད། 

  • ཧྲེན་ཀྲེན་གྱིས“བྱང་སྣེའི་ཉན་ཉའི(鲶鱼)”དོན་རྐྱེན་བརྡ་ཁྱབ་བཏང་བ་དང་། ཧྲེན་ཀྲེན་གྲོང་ཁྱེར་གྱི་དེ་སྔའི་འགྲིམ་འགྲུལ་ཅུ་ཟོག་འདྲེན་དོ་དམ་ཡན་ལག་ཅུའི་ཅུ་ཀྲང་ཀྲུང་ཀེང་ཚི་ཏང་ཁོངས་ནས་ཕྱིར་འབུད་བྱས་པ་རེད། 

  • ཉེ་ཆར་པེ་ཅིང་གྲོང་ཁྱེར་དམངས་སྲིད་ཅུས་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས“ཀྲུང་གོའི་གཅེས་སློབ་འཆད་མཁན་མནའ་འབྲེལ”ཁྲིམས་ལྟར་མེད་པ་བཟོས་པ་རེད། 

    3.jpg

  • ཚེས10ཉིན་གྱི་དགོང་མོ། ཀྲུང་གོའི་སྐྱེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་ཏ་ལེན་དུ་སྤེལ་བའི་ལུས་རྩལ་འགྲན་སྡུར་ཁྲོད། སྡུར་གྲངས2:0ཡིས་ཡོ་ནན་རུ་ཁག་ཕམ་པར་བརྒྱབ། 

    4.jpg

  • ཚེས9ཉིན་ཀྲེ་ཅང་ཡུས་ཡའོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དང་པོའི་ས་ཆའི་གནའ་རྫས་རྟོག་ཞིབ་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་དང་། སློབ་གྲྭ་དེའི་ལུས་རྩལ་ཐང་ས་ཁོངས་སུ་གསར་དུ་རྙེད་པའི་གནའ་ཤུལ་ནི་ཧན་རྒྱལ་རབས་དྲུག་པའི་དུས་སྐབས་ཀྱི་ཡུས་ཡའོ་གྲོང་ཁྱེར་ཕྱི་རོལ་གྱི་གནས་ཡུལ་ཞིག་ཡིན་པ་རེད། 

    སྲིད་ཇུས།

  • རྒྱལ་ཁབ་ཀྱི་ཚད་གཞིའི《ཁྲག་དང་གཅིན་གྱི་གཤེར་ཁུའི་ནང་ཁྲུན་ཁ་པ་དང་ཁྲུན་ཀ་པ། ཁྲུན་ག་པ་དངོས་མ། ཐུང་ག་པ། ཁྲུན་ག་བ་ལྡོག་མ་བཅས་ཀྱི་ཚད་འཇལ་གཏན་འབེབས》ནི2024ལོའི་ཟླ3ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་། གསལ་འབྱེད་ལས་ཁུངས་སྣ་ཚོགས་ཀྱིས་ཁྲག་ནང་གི་ཆང་བཅུད་འདུས་ཚད་ཞིབ་བཤེར་ལག་རྩལ་ལས་དོན་སྤེལ་བར་ཚད་ལྡན་གྱི་བྱེད་ཐབས་མཁོ་འདོན་བྱ་རྒྱུ་རེད། 

  • ཧོ་པེ་ཡིས་བསམ་འཆར་བཏོན་ནས། རིག་ཚན་མིན་པའི་སློབ་ཕྱིའི་གསོ་སྦྱོང་སྒྲིག་ཚན་སློབ་ཚན་ཞབས་ཞུའི་ནང་ཞུགས་པའི་ཚོད་ལྟ་བྱ་རྒྱུ་རེད། 

  • ཧྲན་ཏུང་གིས་ཡིག་ཆ་བཀྲམ་ནས། གཉེར་སྐྱོང་རང་བཞིན་གྱི་རང་བསྐྲུན་ཁང་པར་སྒྲིག་འགལ་ངང་རིམ་པ་སྣོན་རྒྱུ་གཏན་འགོག་བྱེད་པ་ཁ་གསལ་བཟོས། 

    དེ་རིང་གི་གནམ་གཤིས།

    5.jpg

  • ཞིན་ཅང་ནན་ཅང་གི་ལྷོ་རྒྱུད་རི་ཁུལ་དང་། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། མཚོ་སྔོན་དང་ཀན་སུའུ་ཡི་མདོ་ལ་རིང་མོའི་རི་ཁུལ། སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་ཁངས་ཆར་འབབ་པ་དང་། དེའི་ཁྲོད་མཚོ་སྔོན་ཤར་རྒྱུད་ས་ཁུལ་དུ་ཁངས་ཆེན་དང་ཁ་བ་བུ་ཡུག་འབབ་ཀྱི་འདུག བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ཡུན་ནན་གྱི་ནུབ་རྒྱུད། ཀོང་ཞིའི་ཤར་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་དང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་ཡོད་པ་དང་། དེའི་ནང་ལེ་ཀྲོའུ་ཕྱེད་གླིང་དང་ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།