དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་གྱི་ཚན་ཁག་ཆེན་མོ་བཞིས་ཆོས་དབྱིངས་སྐྱིད་ལ་འཚམས་འདྲི་གནང་།

2023-10-11 09:03:21   |   3774


རྩོམ་སྒྲིག  དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ10པའི་ཚེས10ཉིན་གྱི་སྔ་དྲོར། མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོ་མཚོ་ཆུང་སྡེ་བར་ཚོན་དར་ལྷབ་ལྷུབ་ཏུ་གཡོ་ཞིང་རྟ་མཆོག་གི་བང་ཁ་རྒོད་ཅིང་འཁྲུག་ཆ་དོད་ལ། ཡུལ་མི་ཚོ་ཕྲེང་སྟར་གཉིས་སུ་བསྒྲིགས་ནས་ཨོ་རྩལ་དང་ཡ་རྩལ་འགྲན་ཚོགས་ལས་ཨང་དང་པོ་ལེན་མཁན་ཆོས་དབྱིངས་སྐྱིད་རྒྱལ་ཁའི་ངང་ཕྱིར་ལོག་པར་དགའ་བ་འབུམ་གྱིས་བསུ་མ་བྱས། དམིགས་བསལ་གྱི་ཉིན་མོ་འདིར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་བཅས་མཚོ་ཆུང་སྡེ་བར་ཡོང་ནས་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་དང་ཡ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ལེན་མཁན་མཚོ་བྱང་གི་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་གཟི་བརྗིད་དང་མཚན་སྙན་བསྣམས་ནས་ཕ་ཡུལ་དུ་ལོག་པར་འཚམས་འདྲི་གནང་བར་མ་ཟད། ཁོང་གིས་རྒྱལ་ཁབ་དང་ཕ་ཡུལ་ལ་གཟི་བརྗིད་བརྩོན་ལེན་བྱས་པར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཆོས་དབྱིངས་སྐྱིད་ཀྱིས་ཨོ་རྩལ་དང་ཡ་རྩལ་འགྲན་ཚོགས་ལས་ཨང་དང་པོ་བླངས་པའི་སྤོབས་པ་སྐྱེས་འོས་པའི་གྲུབ་འབྲས་ལ་གཟེངས་བསྟོད་བྱ་ཆེད།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁོང་མོར་སྒོར་ཁྲི20ཡི་བྱ་དགའི་དངུལ་སྤྲད།    

微信图片_20231011104817.jpg

ཤ་བོ་སྐྱབས་ཀྱིས་ཆོས་དབྱིངས་སྐྱིད་ཀྱི་ཕ་མར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཤིང་། ཆོས་དབྱིངས་སྐྱིད་ཀྱིས་འགྲན་རའི་ཐོག་དུས་རབས་གསར་པའི་ལུས་རྩལ་པའི་ཉམས་འགྱུར་མངོན་པ་དང་ཁོང་ཚོས་རྒྱལ་ཁབ་དང་། མཚོ་སྔོན། མཚོ་བྱང་བཅས་ཀྱི་ཆེད་དུ་བུ་མོ་བཟང་པོ་ཞིག་གསོ་སྐྱོང་བྱས་པར་བསྟོད་བསྔགས་བྱས། སྤྲོ་སེམས་འཁོལ་བའི་ངང་གླེང་མོལ་བྱེད་སྐབས། ཤ་བོ་སྐྱབས་ཀྱིས་ཟླ10པའི་ཚེས4ཉིན་གྱི་སྔ་དྲོར་ཆོས་དབྱིངས་སྐྱིད་ཧང་ཀྲོའུ་ཡ་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པར་ཐེངས་དང་པོར་ཞུགས་ནས་ཡ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་བླངས་ལ། ཉིན་དེའི་དགོང་མོར་ཁོང་མོས་ལོ11རྗེས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་སྟེ་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་བླངས་ནས་མཚོ་སྔོན་ལ་ཨོ་རྩལ་དང་ཡ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་མེད་པའི་སྟོང་ཆ་བསྐངས་ཡོད་ཅིང་། འཕྲིན་བཟང་འདིས་མཚོ་བྱང་མི་དམངས་ལ་སེམས་འགུལ་ཆེན་པོ་དང་སྐུལ་ལྕག་ཐེབས་ལ། ཚང་མས་གཅིག་རྗེས་གཉིས་མཐུད་དུ་མཚོ་བྱང་གི་བུ་མོར་ཨོ་རྩལ་དང་ཡ་རྩལ་འགྲན་ཚོགས་ལས་གསེར་གྱི་རྟགས་མ་ཐོབ་པའི་བརྙན་ཐུང་དང་གསར་འགྱུར་གྲོགས་ཚོམས་སུ་སྤེལ་ནས་ཁྱབ་ཏུ་བཅུག་ཅིང་། མཚོ་བྱང་མི་དམངས་ཀྱིས་ལས་སླ་པོར་ཐོབ་པ་ཞིག་མིན་པའི་གཟི་བརྗིད་མཉམ་སྤྱོད་བྱེད་བཞིན་ཡོད་པར་བཤད།      

微信图片_20231011104823.jpg        

ཤ་བོ་སྐྱབས་ཀྱིས་ཆོས་དབྱིངས་སྐྱིད་ནི་ཀྲུང་གོའི་གསར་བརྗེའི་རྩྭ་ཐང་སྟེ་གསེར་དངུལ་ཐང་རྩྭ་ཐང་ངམ་ཀྲུང་གོའི་རྡུལ་ཕྲན་འབར་མདེལ་དང་པོ་དང་ཆིང་མདེལ་དང་པོ་ཞིབ་བཟོ་བྱེད་ས། ཀྲུང་ཧྭ་མི་རིགས་ཀྱི་མགོ་བོ་དགྱེ་སའི་ས་ཆ་ནས་བསྐྱོད་པའི་བོད་རིགས་བུ་མོ་ཞིག་ཡིན་ལ། ཁོང་མོ་ཞིང་ཆེན་ཡོངས་ནས་རྒྱལ་ཡོངས་དང་། ཡ་གླིང་ནས་འཛམ་གླིང་བརྒལ་ཏེ། ཨོ་རྩལ་འགྲན་ཚོགས་ལ་ཐེངས་གསུམ་ཞུགས་པ་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་ཐེངས་གསུམ་ཞུགས་ཤིང་དེ་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་མང་པོ་བྱུང་ཡོད། གྲུབ་འབྲས་དེ་དག་གི་རྒྱབ་ཏུ་ཆོས་དབྱིངས་སྐྱིད་ཀྱི་བགྲང་ལས་འདས་པའི་རྔུལ་ཆུ་དང་མིག་ཆུ་ཡོད་ལ། དེས་ཆོས་དབྱིངས་སྐྱིད་ཀྱི་འབད་འབུངས་ཡར་བརྩོན་དང་དང་པོ་བརྩོན་ལེན་བྱེད་པའི་བློ་སྟོབས་དང་གཤིས་རྒྱུད་མཚོན་ཞིང་། ཨོ་ལིམ་ཕིག་གི་སྙིང་སྟོབས་དང་ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་བཅས་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད་པས། མཚོ་བྱང་གི་ལུས་རྩལ་བྱ་གཞག་དང་ལུས་རྩལ་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཀྱི་ནུས་པ་ཐོན་ངེས་ཡིན་ལ། དུས་རབས་གསར་པའི་མཚོ་བྱང་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་མིག་དཔེར་འགྱུར་ངེས་པ་དང་། ཁུལ་ཡོངས་ཀྱི་མི་དམངས་ཀྱི་གདེང་ཚོད་དང་སྙིང་སྟོབས་སྔར་བས་འཕེལ་བ་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས“མཚོ་བྱང་ལྔ”བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུར་སྐུལ་ལྕག་ཐེབས་ངེས་རེད་ཅེས་གསུངས།

微信图片_20231011104828.jpg

ཀྲང་ཧྲིང་ཡོན་གྱིས་ལོ་མང་རིང་ཆོས་དབྱིངས་སྐྱིད་ཀྱིས་ཕ་ཡུལ་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས་ལུས་རྩལ་སྦྱོང་བརྡར་ཁྲོད་དཀའ་སྤྱད་འབད་བརྩོན་དང་འབད་འབུངས་ཡར་བརྩོན་གྱི་འབད་འཐབ་སྙིང་སྟོབས་དར་སྤེལ་བཏང་བ་དང་བློ་བརྟན་འགྱུར་མེད་ཀྱི་བློ་སྟོབས་དང་རྩེར་སོན་གྱི་ལུས་རྩལ་རྩལ་ནུས། དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་བཅས་ཀྱི་ཐོག་ནས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་ཏེ་ཨོ་རྩལ་འགྲན་ཚོགས་ལ་ཐེངས་གསུམ་ཞུགས་པ་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་ཐེངས་གསུམ་ཞུགས་ལ། ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་བླངས་པ་དང་། ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་གསབ་སྤྲོད་བྱས་ཤིང་། མཚོ་བྱང་ལུས་རྩལ་དང་མཚོ་སྔོན་ལུས་རྩལ། ཀྲུང་གོའི་ལུས་རྩལ་བཅས་ཀྱི་ལོ་རྒྱུས་ཟིན་ཐོ་བཏོད་དེ་མཚོ་སྔོན་ལ་ཨོ་རྩལ་དང་ཡ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་ཡོད། མ་འོངས་པར་སློབ་སྦྱོང་དང་བྱ་བའི་ཁྲོད་ཡང་འབད་བསྐྱར་འབད་བྱས་ནས་མེས་རྒྱལ་དང་ཕ་ཡུལ་ལ་མུ་མཐུད་དུ་གཟི་བརྗིད་གསར་པ་སྣོན་རྒྱུའི་རེ་བ་ཡོད་ཅེས་གསུངས། 

微信图片_20231011104838.jpg

ཆོས་དབྱིངས་སྐྱིད་ཀྱིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཕ་ཡུལ་མི་དམངས་ཀྱིས་སྤྲོ་སེམས་ཆེན་པོས་དགའ་བསུ་ཞུས་པར་ཐུགས་རྗེ་ཆེ་ཞུས་ནས་མ་འོངས་པར་ན་གཞོན་ལུས་རྩལ་པ་དེ་བས་མང་བའི་སྣེ་ཁྲིད་དེ་སྔར་ལས་ལྷག་པའི་གྲུབ་འབྲས་གཏོད་རྒྱུའི་རེ་བ་ཡོད་པར་བསྟན།  

 ཁུལ་གྱི་མགོ་ཁྲིད་གཡུ་སྒྲོན་མཚོ་དང་། ཝང་ཡུང་ཁྲང་། སངས་འབུམ་བཅས་ཞུགས།    


མཉམ་སྤྱོད།