དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་འཇུ་ལག་རྫོང་དུ་བརྟག་ཞིབ་གནང་སྐབས་སྐྱེ་ཁམས་ཀྱི“གསེར་གྱི་མིང་བྱང”ཇེ་གསལ་དུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུགས་ལན་སྤྲོད་དགོས་པ་ནན་གྱིས་བསྟན།

2023-10-12 08:49:55   |   2641

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ10པའི་ཚེས7ཉིན་ནས་ཚེས9ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་འཇུ་ལག་རྫོང་དུ་སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། གྲོང་གསེབ་དར་སྤེལ། དམངས་འཚོ་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་བྱ་བར་བརྟག་ཞིབ་གནང་།    

1.jpg

2.jpg

3.jpg

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སེམས་ཉིད་ནགས་རའི་ཀྱུ་ཡངས་ལུང་པ་དང་དགོན་ལུང་། དམར་གདོང་འགག གངས་ལུང་བྲག་ཕུག ཡུས་ཧྲན་རི་བོ་སོགས་ལྗོངས་ཁུལ་དང་གསེར་ཆེན་རི་བོ།  ཧུང་ཧྲན་ལྗོངས་གཟིགས་སྟེགས་བུ། མེ་ཏོག་རྒྱ་མཚོའི་ཡུལ་སྐོར་ས་ཚིགས་བཅས་སུ་སྐྱེ་ཁམས་སྲུང་སྐྱོབ་དང་གྲོང་གསེབ་ཡུལ་སྐོར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་རིག་དངོས་སྲུང་སྐྱོབ་བཅས་ཀྱི་བྱ་བར་བརྟག་ཞིབ་གནང་ལ། འཇུ་ལག་རྫོང་དབྱི་སི་ལན་ནོར་ལུག་ཚད་ལྡན་ཅན་གྱི་བཤས་ར་དང་ཡུང་ཞིན་སྐྱེ་ཁམས་ཞིང་ཕྱུགས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དུ་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་སྒྲིག་བཀོད་ཆ་ཚང་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། ཁུལ་མི་དམངས་སྨན་ཁང་གཉིས་པ་དང་འཇུ་ལག་རྫོང་འཇུ་ལག་གྲོང་རྡལ(ཧྲན་ཏུང་དང་མཚོ་སྔོན)  མཐོ་རིམ་སློབ་འབྲིང་དུ་སྨན་ཁང་འཕེལ་རྒྱས་གཉེར་སྐྱོང་དང་སློབ་གྲྭ་གསར་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སློབ་གསོ་སློབ་ཁྲིད་བྱ་བར་རྒྱུས་ལོན་གནང་། འཇུ་ལག་གྲོང་རྡལ་ཧྲེང་ཏེ་ཡུས་ཧང་ཧྲང་ཞིས་འཛུགས་སྐྲུན་བྱ་ཡུལ་དུ་ས་ཁང་ལས་གཞི་འཛུགས་སྐྲུན་དང་བདེ་འཇགས་ཨར་ལས་སོགས་ཀྱི་གནས་ཚུལ་ལ་ཞིབ་ལྟ་གནང་།  འབྲུ་གུ་ཡུལ་ཚོ་སྟེ་གྱོ་སྡེ་བ་དང་སྲིབ་ཞིང་ཡུལ་ཚོ་ལུང་ཆེན་མདོ་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་བན་རྒུད་དགོན་སྨིན་གྲོལ་ཐོས་བསམ་དར་རྒྱས་གླིང་། སྲིབ་ཞིང་གོང་མ་དབྱི་སི་ལན་ཆོས་ཁང་གི་དོ་དམ་ཨུ་ལྷན་གྱི་ཁོངས་མི། དེ་བཞིན་མཚོ་ལུང་སྐེད་གྲིའི་གཟུགས་འདས་ཤུལ་བཞག་རྒྱུན་འཛིན་པ་བཅས་ལ་འཚམས་འདྲི་གནང་བར་མ་ཟད། སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་མཐུན་སྒྲིལ་ལྡན་པའི་སྒོ་ནས་དགོན་སྡེའི་སྒོ་འབྱེད་པ་སོགས་ཀྱི་བྱ་བར་རྒྱུས་ལོན་ཞིབ་ཕྲ་གནང་། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་འཇུ་ལག་རྫོང་གི་ཉེ་བའི་ལོ་ཤས་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་བ་སོ་སོར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་ལྷག་པའི་ཞན་ཆ་དང་ཉམས་ཞན་ལ་ཟུང་འབྲེལ་བྱས་ནས་བྱ་བའི་བླང་བྱ་ཞིབ་ཕྲ་བཏོན།

4.jpg

5.jpg

6.jpg

ཤ་བོ་སྐྱབས་ཀྱིས་འཇུ་ལག་ལ“དངུལ་གཞོང་ནང་གི་གསེར་གྱི་མེ་ཏོག”དང“འཇུ་ལག་འབྲུ་སྣུམ་གང་སར་བཞུར་བའི”མཚན་སྙན་ཡོད། ཡུལ་སྐོར་ལས་རིགས་ཀྱི་མངོན་མེད་སྟོབས་ཤུགས་ཧ་ཅང་ཆེ་བ་དང་ཕྱུགས་ལས་ཀྱི་རྨང་གཞི་ལེགས་པ། སློབ་གསོའི་སྤུས་ཚད་ཁུལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། སྨན་བཅོས་བྱ་གཞག་གི་མདུན་ལམ་ཧ་ཅང་བཟང་པ་སྟེ། གཅིག་ནས་ཡུལ་སྐོར་ཐོན་ཁུངས་ཀྱི་གཞི་གྲངས་གསལ་པོ་བཟོ་པ་དང་ནགས་ཚལ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འཆར་འགོད་འཐུས་ཚང་དུ་གཏོང་པ། གངས་ལུང་བྲག་ཕུག་སོགས་རིག་དངོས་སྲུང་སྐྱོབ་བེད་སྤྱོད་བྱ་བ་ཡག་པོ་སྒྲུབ་པ། རྐང་བགྲོད་དང་རྐང་འཁོར་སོགས་ཀྱི་བྱེད་སྒོ་སོ་སོ་དང་ཟུང་འབྲེལ་བཅས་བྱས་ནས་དམིགས་བསལ་གྱིས་འཇུ་ལག་གི་ལུས་རྩལ་འགྲན་བསྡུར་འཚོལ་ཞིབ་བྱས་ནས་གཏོད་དགོས། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་ཁུལ་ལེགས་སྒྱུར་ལེགས་སྒྲིག་དང་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ས་ཚིགས་ཀྱི་འཆར་འགོད་འཛུགས་སྐྲུན་བྱ་བ་ཡག་པོ་སྒྲུབ་པ་དང་། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་སེམས་ཉིད་དང་འཇུ་ལག་ནགས་ཚལ། ཀྱུ་ཡངས་ལུང་པ་སོགས་ལུང་ཤུར35ཡུལ་སྐོར་ལམ་ཐིག་རྩེ་གྲ་འཆར་འགོད་ཡག་པོ་བྱེད་པ། རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཞིབ་འཇུག་སློབ་གྲྭ གྲོང་གསེབ་ཡུལ་སྐོར་བཅས་སྤེལ་དགོས་པ་དང་། རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་པ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་པ་བཅས་བྱས་ནས་ལྗོངས་ཁུལ་སྦྲེལ་དྲ་དང་པེ་ཏུའུ་སྙན་ཚིག ས་བཀྲ་སོགས་ཀྱི་ནང་འཇུག་པའི་བྱ་བ་དུས་གཅིག་ཏུ་ཡག་པོར་སྒྲུབ་དགོས། གཉིས་ནས་རོགས་སྐྲུན་མ་དངུལ་བེད་སྤྱོད་ཡག་པོ་བྱས་ཏེ་འཇུ་ལག་རྫོང་དབྱི་སི་ལན་ནོར་ལུག་ཚད་ལྡན་ཅན་གྱི་བཤས་ར་གང་མགྱོགས་སྒོས་བསྐྲུན་ནས་ཟླ11པར་བེད་སྤྱོད་ཐུབ་པའི་འགན་ལེན་བྱས་ཏེ་ལོ་རེར་ནོར་གནག་ཁྲི10དང་བོད་ལུག་ཁྲི20བཤས་གཏོང་ཐུབ་པའི་དམིགས་ཚད་སྔ་མོ་ནས་མངོན་འགྱུར་བྱེད་དགོས། “གཅིག་ཅན་བརྒྱད”ཀྱི་ཚད་གཞི་ཆ་ཚང་དང་ཞིབ་བསྡུར་བྱས་ནས་གནོན་ཤུགས་ཆེ་རུ་བཏང་སྟེ་གཟན་ཆས་བཟོ་གྲྭ་དང་གསོན་ཕྱུགས་ཉོ་ཚོང་ཁྲོམ་ར། འཁྱག་མཛོད་འཁྱགས་སྦྲེལ། སྐྱེ་ལྡན་ལུད་རྫས་བཟོ་གྲྭ ནས་དང་ལོག་དཀར་ལས་སྣོན་བཟོ་གྲྭ ནོར་གནག་དང་བོད་ལུག ནས། ལོག་དཀར། ནགས་རྩྭ་བཅས་ཀྱི་སོན་བཟང་འདེབས་གསོ་མཁོ་འདོན་རྟེན་གཞི་དང་དེ་བཞིན་ནོར་ལུག་གི་མགོ་རུས་དང་བལ་དང་རྩིད་པ། ཁུ་ལུ། ཀོ་བ་དང་པགས་པ་སོགས་ལས་སྣོན་བཟོ་གྲྭའི་མ་འཇོག་འཛུགས་སྐྲུན་དང་སྤུས་ཚད་མཐོར་གཏོང་ལ་མུ་མཐུད་སྐུལ་འདེད་བཏང་ནས་འཇུ་ལག་རྫོང་གི་ནུས་ཆེའི་ཕྱུགས་ལས་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། གསུམ་ནས་ཁུལ་དང་རྫོང་རིམ་པའི་འཕྲོད་བསྟེན་བདེ་ཐང་དང་། སྒྲིག་ཁོངས་སོགས་སྡེ་ཁག་གིས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། དཔེ་རིས་བཀལ་ནས་དམག་འཐབ་བྱེད་པ། ལྡོག་སྒྲིག་དུས་ཚོད་བཅས་ལ་དམིགས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་མི་སྣ་དང་སྒྲིག་ཆས། མ་དངུལ་སོགས་ཀྱི་དཀའ་ངལ་ཐག་གཅོད་བྱེད་པ། ཧྲན་ཏུང་གི་མཚོ་སྔོན་ལ་རོགས་སྐྱོར་དང་མཚོ་སྐོར་སྨན་སྐྱོབ་སོགས་ཕན་ཡོད་གོ་སྐབས་དམ་འཛིན་བྱས་ཏེ་ལོ་གཉིས་ནང་མཚོ་བྱང་ཁུལ་མི་དམངས་སྨན་ཁང་གཉིས་པ་དེ་རིམ་གསུམ་ཁ་པའི་སྨན་ཁང་དུ་བསྐྲུན་རྒྱུའི་བརྩོན་ལེན་བྱེད་དགོས། མཐོ་རྒྱུགས་དང་འབྲིང་རྒྱུགས་ཁྲོད་ཕུལ་བྱུང་གྲུབ་འབྲས་ཐོབ་པའི་སློབ་གྲྭ་དང་དགེ་རྒན་ལ་བྱ་དགའ་སྤྲོད་པ། སློབ་གསོའི་ཐོན་ཁུངས་སྟོབས་ཤུགས་མུ་མཐུད་ཆེ་རུ་གཏོང་བ། མཚོ་བྱང་གིས་པེ་ཅིང་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་སོགས་མཐོ་སློབ་ཀྱི་ཕུལ་བྱུང་སློབ་མ་མུ་མཐུད་གསོ་སྐྱོང་བྱ་ཆེད། མི་དམངས་ཀྱི་འདོད་བློ་ཚིམ་པའི་སློབ་གསོ་ཡག་པོར་གཉེར་དགོས། བཞི་ནས་གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་མངོན་གསལ་དོད་པའི་ཕྱོགས་སྟོན་བརྟན་པོར་བཙུགས་ཏེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་སྡེ་བའི་མཉམ་སྡེབ་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ཡོང་འབབ་གཉིས་ལ་དམ་པོར་དམིགས་ནས་མང་ཚོགས་ཀྱི་བསམ་བློར་སྣེ་ཁྲིད་བྱེད་པ། ལག་ཤེས་བཟོ་རྩལ་ཐོན་རྫས་དང་གཟུགས་འདས་ཤུལ་བཞག་ཐོན་རྫས་གཉེར་སྐྱོང་བྱེད་པ་བརྒྱུད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་དགོས། ལྔ་ནས་དགོན་སྡེའི་དཔེ་མཛོད་ཁང་ཡག་པོ་འཛུགས་པ་དང་དོ་དམ་ཡག་པོ་བྱེད་པ། བེད་སྤྱོད་ཡག་པོ་གཏོང་བ་བཅས་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་དང་བཅའ་ཁྲིམས་ཁྲིམས་སྲོལ། ཆོས་ལུགས་ཤེས་བྱའི་སློབ་སྦྱོང་ལ་ཤུགས་སྣོན་པ་དང་།  རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་ཏན་ཏིག་སྒོས་སྤེལ་ཏེ་ཁྲིམས་དང་སྒྲིག་སྲོལ་ལྟར་དགོན་སྡེ་དང་གྲྭ་བཙུན་དོ་དམ་བྱས་ནས་དགོན་སྡེའི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པར་བསྟན།

7.jpg

8.jpg

ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཁུལ་མི་དམངས་སྨན་ཁང་གཉིས་པས་རིམ་གསུམ་ཁ་པའི་སྨན་ཁང་གཏོད་པའི་ཚད་གཞི་དང་ཐབས་ལམ་གསལ་པོར་བཟོས་ནས་གོང་འོག་སྦྲེལ་མཐུད་དང་ཕྱི་ནང་མཉམ་འགུལ་ཡག་པོ་བྱེད་པ་དང་། ཞིབ་དཔྱད་དམིགས་ཚད་མགྱོགས་མྱུར་ཁག་བགོས་བྱེད་པ། གནད་དོན་གྱི་རྩིས་ཐོ་དུས་ཐོག་ཏུ་ལེགས་སྒྲིག་བྱེད་པ། འགན་འཁྲི་དང་བྱ་ཐབས་ཞིབ་ཕྲ་བཟོ་བ་བཅས་བྱས་ནས་དུས་ཚིགས་ལྟར་གོ་རིམ་ལྡན་པའི་ངང་བྱ་བར་སྐུལ་འདེད་གཏོང་དགོས་ཤིང་།  འཇུ་ལག་གྲོང་རྡལ(མཚོ་སྔོན་དང་ཧྲན་ཏུང)གྱི་མཐོ་རིམ་སློབ་འབྲིང་གིས་སློབ་གྲྭ་གསར་པ་བཙུགས་ནས་སྤྱོད་མགོ་རྩོམ་པ་གོ་སྐབས་སུ་བྱས་ཏེ་མགོ་འཛུགས་ས་མཐོ་བའི་དམིགས་འབེན་དོན་གཉེར་གཏན་འཁེལ་བྱེད་པ་དང་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། འཇུ་ལག་སློབ་གསོའི་བྱ་གཞག་གི་ཆས་རྟགས་གསར་པ་ཧུར་ཐག་སྒོས་གཏོད་པ་བཅས་བྱས་ནས་ཁུལ་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཚད་ཤིང་ཡག་པོ་དང་དཔེ་སྟོན་ཡག་པོ་བྱེད་དགོས། འཇུ་ལག་རྫོང་དབྱི་སི་ལན་ནོར་ལུག་ཚད་ལྡན་ཅན་གྱི་བཤས་རར་ཨར་སྐྲུན་གྱི་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་སྔ་མོ་ནས་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་ལ། རིག་གནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་མགྱོགས་མྱུར་སྒོས་འཐུས་ཚང་དུ་བཏང་ནས་དམངས་ཀྱི་སྡོད་ཁང་དང་བཟའ་བཏུང་། ཞིང་པའི་སྤྲོ་སྐྱིད་ཁང་བཅས་ཐོན་ལས་ཅན་དང་ཁྱད་ཆོས་ཅན། ཚད་ལྡན་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པར་བསྟན། 

9.jpg      

  10.jpg 

ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་སུང་ཞུག་ཙུང་དང་། ཁུལ་སྲིད་གཞུང་གཞུང་ལས་ཁང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག འཇུ་ལག་རྫོང་སྲིད་གཞུང་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ཕེབས་རོགས་གནང་།    


མཉམ་སྤྱོད།