དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་ཆོས་དབྱིངས་སྐྱིད་ཀྱིས་རྒྱལ་ཁ་དང་གཟི་བརྗིད་བསྣམས་ནས་ཕྱིར་ཕ་ཡུལ་དུ་ལོག་པའི་ཕེབས་བསུའི་མཛད་སྒོ་དང་བཞུགས་མོལ་ཚོགས་འདུ་ཚོགས།

2023-10-12 14:33:26   |   2522

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ10པའི་ཚེས10ཉིན། ཧང་ཀྲིག་ཡ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་ཀྱི་ཕོ་མོ་མཉམ་བསྲེས་ཀྱི་སྤྱི་ལེ35ཡི་འདུར་རྒྱུག་འགྲན་བསྡུར་དང་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་ཐོབ་མཁན་ཆོས་དབྱིངས་སྐྱིད་ཀྱིས་གཟི་བརྗིད་བསྣམས་ནས་ཕ་ཡུལ་དུ་ལོག་ཅིང་། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཕ་ཡུལ་མི་དམངས་ལ་གཏམ་བཟང་བསྒྲགས། མཚོ་བྱང་ཁུལ་གྱི་ཚན་ཁག་ཆེན་མོ་བཞི་དང་སྤྱི་ཚོགས་ལས་རིགས་སོ་སོས་ནུབ་མཚོ་གྲོང་རྡལ་དུ་ཆོས་དབྱིངས་སྐྱིད་ཀྱིས་གཟི་བརྗིད་བསྣམས་ནས་ཕྱིར་ཕ་ཡུལ་དུ་ཕེབས་པར་དགའ་བསུ་ཞུ་བའི་མཛད་སྒོ་སྤེལ་ཞིང་འབྲེལ་ཡོད་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་དམངས་ཆེན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་བཅས་ཚོགས་འདུར་ཞུགས། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོས་གཙོ་སྐྱོང་གནང་།

1.jpg

ཆོས་དབྱིངས་སྐྱིད་ཀྱིས་ཚོགས་ཞུགས་མི་སྣར་མི་སྒེར་གྱི་འཚར་ལོངས་བརྒྱུད་རིམ་ངོ་སྤྲོད་དང་ཡ་རྩལ་འགྲན་ཚོགས་ཀྱི་མྱོང་ཚོར་མཉམ་སྤྱོད་བྱས་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཕ་ཡུལ་མི་དམངས་བཅས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཁོ་མོ་དང་ཁོ་མོའི་ནང་མི་ཚོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཁོ་མོས་ཕ་ཡུལ་མི་དམངས་ཀྱི་སྐུལ་མ་ནི་ཁོ་མོ་མུ་མཐུད་མདུན་སྐྱོད་བྱེད་པའི་སྒུལ་ཤུགས་ཡིན་ལ། ཁོ་མོས་གཟི་བརྗིད་ལ་གཅེས་སྤྲས་དང་། དཀའ་སྤྱད་སྦྱོང་བརྡར། མུ་མཐུད་འབད་བརྩོན་བཅས་བྱས་ནས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཕ་ཡུལ་མི་དམངས་ཀྱི་རྒྱབ་སྐྱོར་དང་རེ་སྒུག་ལ་དྲིན་ལན་ཧུར་ཐག་འཇལ་རྒྱུ་ཡིན་ཞིང་། ལུས་རྩལ་པ་ཕུལ་བྱུང་གི་མིག་དཔེའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་ན་གཞོན་ལུས་རྩལ་པས་སྔར་ལས་ལེགས་པའི་གྲུབ་འབྲས་གཏོད་རྒྱུར་སྐུལ་མ་བྱེད་པ་དང་། གཞོན་ནུ་ལོ་ཆུང་གིས་ལུས་རྩལ་ལ་བཅངས་པའི་སྤྲོ་སེམས་འཕེལ་བར་བྱེད་པ། ན་གཞོན་ལུས་རྩལ་པ་དེ་བས་མང་བ་ལུས་རྩལ་ནང་ཞུགས་ནས་ལུས་ཕུང་སྟོབས་ལྡན་དང་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་རྒྱུར་ཡིད་དབང་བཀུག་སྟེ་ཁུལ་ཡོངས་ཀྱི་ལུས་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་ཆེན་པོ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

ཤ་བོ་སྐྱབས་ཀྱིས་ཁུལ་གྱི་ཚན་ཁག་ཆེན་མོ་བཞི་དང་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཁྲི30ཡི་ཚབ་བྱས་ཏེ་ཆོས་དབྱིངས་སྐྱིད་ལ་ཁ་བཏགས་ཕུལ་ནས་ཁོ་མོར་ཐོབ་པའི་ཕུལ་བྱུང་གི་གྲུབ་འབྲས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་བཀྲ་ཤིས་བདེ་ལེགས་ཀྱི་སྨོན་འདུན་དང་རྟེན་འབྲེལ་ཞུས། ཁོང་གིས་ཆོས་དབྱིངས་སྐྱིད་ཀྱིས་འགྲན་ར་རུ་འགྲན་ཡ་ལ་མི་སྐྲག་པ་དང་། འཐབ་ཕོད་པ་དང་རྩོད་ཕོད་པ། འགན་འཁྲི་ལ་ངོ་མི་གནོང་བ། ཀུན་གྱི་རེ་བ་སྟོང་ཟད་དུ་མ་བཏང་པས། མཚོ་སྔོན་ལ་གཟི་བརྗིད་སྩལ་ཞིང་མཚོ་བྱང་གི་ལ་རྒྱ་ཡིན། ཆོས་དབྱིངས་སྐྱིད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ལུས་རྩལ་ཅུས་ཀྱི་གསོ་སྐྱོང་བྱས་པའི་དྲིན་ལན་སེམས་ལ་བཟུང་སྟེ། མུ་མཐུད་ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་འགྲན་བསྡུར་གྱི་ལམ་བུའི་ཐོག་སླར་ཡང་གྲུབ་འབྲས་བཟང་པོ་ཐོབ་རྒྱུའི་རེ་བ་ཡོད་ལ། དེ་དང་ཆབས་ཅིག་མཚོ་བྱང་དྲིལ་སྒྲོག་དང་འོས་སྦྱོར་མང་ཙམ་བྱས་ནས་མི་དེ་བས་མང་བས་མཚོ་བྱང་ཤེས་རྟོགས་དང་མཚོ་བྱང་ལ་དོ་ཁུར་བྱས་ཏེ་ཐུན་མོང་ཐོག་ཕ་ཡུལ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བར་བྱེད་དགོས་པར་བསྟན།

2.jpg

ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་བྱས་ནས་ཞིང་ཆེན་གྱིས་སྐུལ་འདེད་ཧུར་ཐག་གཏོང་བའི“མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ལྗང་མདོག་མི་རིགས་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་དཔེ་སྟོན་ཁུལ”སྐྲུན་པའི་དམིགས་ཚད་བླང་བྱ་ལྟར། མཚོ་བྱང་གིས་མཚོ་སྐོར་ལུས་རྩལ་ཁྱབ་ཁོངས་ཀྱི་ཐོན་ཁུངས་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་མདའ་འཕེན་དང་རྟ་རྒྱུག རྐང་བགྲོད། ལྕགས་རྟ་སོགས་ཆས་རྟགས་འགྲན་བསྡུར་གྱི་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཞིང་ཆེན་གྱི་རྩལ་ནུས་ལུས་རྩལ་དང་མང་ཚོགས་ཀྱི་ལུས་རྩལ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་མཐུན་སྦྱོར་བྱས་ཏེ་མཚོ་བྱང“ཨོ་རྩལ་གསེར་གྱི་རྟགས་མའི་ཕ་ཡུལ”གྱི་གསེར་གྱི་མིང་བྱང་ལ་སྔར་ལས་འོད་མདངས་བསྩལ་ཏེ་ལུས་རྩལ་སྟོབས་ལྡན་གྱི་ཞིང་ཆེན་མྱུར་དུ་བསྐྲུན་པར་ལེགས་སྐྱེས་དང་སྟོབས་ཤུགས་འབུལ་དགོས་པ་ནན་གྱིས་བསྟན།

ཀྲང་ཧྲིང་ཡོན་གྱིས་ཆོས་དབྱིངས་སྐྱིད་ནི་རང་ཞིང་གི“ཨོ་རྩལ་དང་ཡ་རྩལ་གཉིས”ལས་ཨང་དང་པོ་ཐོབ་མཁན་གྱི་ཕུལ་བྱུང་ལུས་རྩལ་པ་ཡིན་ལ། རྒྱལ་ཡོངས་ནས་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་མཁན་གྱི་བོད་རིགས་ལུས་རྩལ་པ་དང་པོའང་ཡིན། ཁོ་མོའི་སྙིང་སྟོབས་ཀྱིས་མཚོ་བྱང་གི་ལུས་རྩལ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་བོ་མཚོན་ཡོད་ལ། ཨོ་ལིམ་ཕིག་གི་སྙིང་སྟོབས་དང་ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་མངོན་ཡོད། མཚོ་བྱང་ལུས་རྩལ་པའི་འབད་འབུངས་ཀྱི་ལུས་རྩལ་ལམ་བུར་མིག་དཔེ་གསར་བ་ཐོན་ཡོད་ལ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ལུས་རྩལ་ལ་བརྩི་མཐོང་དང་ཨང་དང་པོ་བརྩོན་ལེན་བྱེད་པའི་རྣམ་པ་བཟང་པོ་ཞིག་ལྡན་པར་བྱས་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ལུས་རྩལ་པར་ཞབས་འདེགས་ཡག་པོ་ཞུ་བ་དང་ལུས་རྩལ་པའི་འབད་འཐབ་སྙིང་སྟོབས་མུ་མཐུད་དྲིལ་སྒྲོག་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་དང་ལས་སྒྲུབ་ལས་གཏོད་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས་ལ། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས། ལྷག་པར་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གིས་ཆོས་དབྱིངས་སྐྱིད་མིག་དཔེར་བཟུང་ནས་དུས་རབས་གསར་པའི་རེ་སྙེག་མཁན་ཞིག་བྱེད་དགོས་པར་བསྟན།

3.jpg

ཚོགས་འདུའི་ཐོག ཤ་བོ་སྐྱབས་ཀྱིས་ཆོས་དབྱིངས་སྐྱིད་ལ“མཚོ་བྱང་གི་གཟུགས་བྱད་ཕོ་ཉའི”གདན་ཞུའི་དཔང་ཡིག་སྤྲད་པ་དང་། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་གིས་བྱ་དགའ་ཐོབ་པའི་གནས་ཚུལ་ངོ་སྤྲོད་བྱས།

ཚོགས་འདུ་མ་འཚོགས་སྔོན། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ཀྱིས་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་ཏང་ཨུའི་ཧྲུའུ་ཅི་དབྱང་ཕིང་དང་རུ་དཔོན་ཅང་ཧའེ་ཡུན་ལ་ཐུག་འཕྲད་བྱས་ཤིང་། ཁོ་ཚོར་བཀྲ་ཤིས་ལྷ་དར་དཀར་པོ་ཕུལ་ཏེ་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཁག་གིས་ལོ་མང་རིང་ཆོས་དབྱིངས་སྐྱིད་གསོ་སྐྱོང་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

4.jpg

ཁུལ་དུ་བསྡད་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་དང་། ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། མདའ་བཞི་རྫོང་སྲིད་གཞུང་དང་དམངས་ཆེན། སྲིད་གྲོས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཞུགས་ཡོད་པ་རེད།


མཉམ་སྤྱོད།