དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-10-13 07:54:54   |   4134

སྒྲིག་སྒྱུར།   སངས་དོན།  ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ10ཚེས12ཉིན་གྱི་ཕྱི་དྲོ་ཅང་ཤིས་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་དུ་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ་དང་གསུང་བཤད་གལ་ཆེན་གནང་།

a.jpg

  • ཚེས11ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་ཤིས་ཞིང་ཆེན་ཅིང་ཏེ་ཀྲིན་གྲོང་ཁྱེར་དང་ཧྲང་རའོ་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། ཁོང་སྔ་རྗེས་སུ་ཅིང་ཏེ་ཀྲིན་ཐའོ་དབྱང་ལི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དང་། ཁྲང་ཧོ་གནམ་གྲུ་བཟོ་ལས(ཚོགས་པ)ཚད་ཡོད་ཀུང་སི། ཧྲང་རའོ་གྲོང་ཁྱེར་བོ་ཡོན་རྫོང་ཆིའུ་ཁོའུ་གྲོང་རྡལ་ཝང་ཚུན་ཧྲི་མོན་རང་བྱུང་གྲོང་ཚོར་ཕེབས་ནས་རྫ་དཀར་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་། ཁེ་ལས་ལག་རྩལ་གསར་གཏོད། འདམ་རའི་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་།

  • ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་མ་ཆི་ཏུན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཕེང་ཏ་ལུའོ་ཕུའུ་སི་ཅི་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ30འཁོར་བར་རྟེན་འབྲེལ་ཞུས་པ་རེད།

  • ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔར། རྒྱལ་ཡོངས་ཀྱི་སྟོན་འབྲུ་བཅུ་ཆ་དྲུག་ཙམ་བསྡུས་ཡོད་པ་རེད།

  • ཉེ་ཆར། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་སྤྱི་བདེ་པུས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས་དུས་ཡུན་ཟླ་བ་གསུམ་གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་ཁས་ལེན་རྫུས་མའི་ཁྲིམས་འགལ་བྱེད་སྤྱོད་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུ་བཀོད་སྒྲིག་བྱས་པ་རེད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྡོམ་རྩིས་སྤྱི་བསྒྲགས་སྤེལ་ནས་2022ལོར་རང་རྒྱལ་གྱི་གསར་སྐྱེས་མི་འབོར་ཁྲི956ཟིན་པ་དང་། ཕྲུ་གུ་གཉིས་ཀྱིས་38.9%བཟུང་ཡོད།

  • སྡོད་ཁང་འཛུགས་སྐྲུན་པུས་གནས་ཚུལ་སྤེལ་བར་གཞིགས་ན། གྲོང་ཁྱེར་ཆེ་གྲས་དང་ཆེས་ཆེ་གྲས་ཀྱིས་གྲོང་ཁྱེར་ནང་གི་གྲོང་ཚོ་སྒྱུར་བཀོད་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་པ་དང་། རིགས་གསུམ་ལ་དབྱེ་ནས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

b.png

  • ཉེ་ཆར། རང་རྒྱལ་གྱིས་ཐོག་མར་རང་བརྟེན་ཞིབ་བཟོ་གནང་བའི་ལས་སྒོའི་ཐད་བཀོལ་སྤྱོད་བྱེད་པའི་སའི་གོ་ལ་དང་གཞན་པའི་རྒྱུ་སྐར་གྱི་པར་རིས་མགྱོགས་མྱུར་བརྒྱུད་གཏོང་གི་ཚོད་ལྟ་ལེགས་གྲུབ་བྱུང་ཡོད།

  • ཤར་རྒྱུད་དམག་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པས་ཨ་རིའིP-8Aམཚོ་འཛུལ་དམག་གྲུར་ངོ་རྒོལ་བྱེད་པའི་སྐོར་གཡེང་གནམ་གྲུ་ཐའེ་དབན་མཚོ་འགག་བརྒྱུད་པར་གཏམ་བཤད་སྤེལ་ནས་འཐབ་ཁུལ་གྱི་དཔུང་སྡེས་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ཆེན་པོ་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

  • དབྱི་སི་རལ་གྱི་སྨྱན་སྦྱོར་དང་ཕ་ལེ་སི་ཐན་འཕྲོད་བསྟེན་པུའི་གནས་ཚུལ་གསར་ཤོས་ལ་གཞིགས་ན།ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་རེས་སྐོར་གསར་པའི་གདོང་ཐུག་ཐོན་ཚུན་ཕྱོགས་གཉིས་པོའི་མི2700ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི10100ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།

སྤྱི་ཚོགས།

  • མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཚེས15ཉིན་གྱི་སྔ་རྗེས་སུ་ཤིན་ཅང་བྱང་རྒྱུད་དང་། ནང་སོག་དབུས་ཤར་རྒྱུད། བྱང་ཤར་ས་ཁུལ་སོགས་ཀྱི་དྲོད་ཚད4~8℃ཆག་རྒྱུ་དང་། ས་ཆ་ཁ་ཤས་སུ10℃ཆག་རྒྱུ་རེད།

  • ཉིན་ཤས་གོང་། རིག་གནས་གནས་སྐོར་པུས་པེ་ཅིང་གྲོང་ཁྱེར་གྱི་སྒྱུ་རྩལ་ཁུལ་798སོགས་ཚན་པ69རྒྱལ་ཁབ་བཟོ་ལས་གནས་སྐོར་དཔེ་སྟོན་རྟེན་གཞིར་གཏན་འཁེལ་བྱས་པ་རེད།

  • ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་ཐོག་ནས་ཀྲུང་གོ་ཀོང་ཏ་ཚོགས་པ་མ་རྐང་ཀུང་སིའི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི། ཏུང་ཧྲི་ཀྲང་ལི་ཞའོ་ཕུང་ལ་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

  • ཚེས12ཉིན། ཀོང་ཏུང་ཧྥོ་ཧྲན་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་དང་པོའི་ཡོངས་བསྒྲགས་ཁྲིམས་ར་འཚོགས་ནས་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་ཝང་མིང་ཧུའེ་ཡིས་ལྐོག་རྔན་བླངས་པ་དང་འགན་དབང་གང་བྱུང་དུ་སྤྱོད་པའི་གྱོད་གཞི་དེར་ཞིབ་གཅོད་བྱས་པ་རེད།

c.jpg

  • ཉིན་ཤས་གོང་། སྤྱི་བདེ་ལས་ཁུངས་ཀྱིས་བརྡ་ཁྱབ་བཏང་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ཚོགས་པའི་མགོ་གཙོ་ཁྲེན་ཡན་པང(པའོ་ཡན་པང)དང་ཞའོ་ཡན་ཁེར(ཧོ་ཁྲུན་ཐེན)གཉིས་འཛིན་བཟུང་བྱ་རྒྱུ་དང་དེའི་གནས་ཚུལ་ཡར་ཞུ་བྱེད་མཁན་ལ་བྱ་དགའ་སྤྲོད་རྒྱུ་རེད།

  • ཀྲུང་གོ་དངུལ་ཁང་ལས་རིགས་མཐུན་ཚོགས་ཀྱིས་ཚེས12ཉིན་གྲོས་མགོ་བཏོན་ནས་དངུལ་ཁང་གི་དངུལ་བརྗེས་འཛིན་ཡིག་གི་འགྲོ་ལུགས་དང་མི་སྒེར་གྱི་བཅོལ་དངུལ་རྩིས་ཁྲར་ཐེལ་ཙེ་རྒྱག་པའི་གྲོན་དངུལ་རྩ་ཆག་གཏོང་བ་སོགས་བཏོན་ཡོད།

  • འབྲི་ཆུའི་འགག་གསུམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། འབྲི་ཆུའི་པའེ་ཧོ་ཐན་ཆུ་ཤུགས་གློག་ཁང་གིས་རིམ་རྩིས་བྱས་ན་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར1000ལས་བརྒལ་བ་དེ་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི8240ཙམ་ཉུང་གཏོང་བྱས་པ་དང་མཚུངས་ཀྱི་ཡོད་པ་རེད།

  • ཉེ་ཆར། ཀོང་ཏུང་ལུའུ་ཧྥུང་གྲོང་ཁྱེར་སློབ་གསོ་ཅུས་གཞུང་གྲོན་དགེ་འོས་སློབ་ཐོན་སློབ་མ5ཡིས་གནས་གཏན་འཁེལ་གྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གསོ་སྐྱོང་གི་ཞབས་ཞུའི་ཁ་ཆད་ལག་བསྟར་མ་བྱས་པར་བརྡ་ཁྱབ་བཏང་བ་རེད།

d.png

  • ཉིན་ཤས་གོང་། བྱ་ཀྲུའུ་ཧོན(朱鹮)ཧྲའན་ཤིས་ཡན་ཨན་དང་ཡུས་ལིན་དུ་ཚོད་ལྟ་བྱེད་མགོ་ཚུགས་པ་དང་། དེ་ནི་ཧྲའན་པེ་ས་ཁུལ་དུ་བྱ་ཀྲུའུ་ཧོན་མི་ཐབས་ལ་བརྟེན་ནས་གསོ་སྤེལ་དང་ཐང་འགྱུར(野化)གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་ཐེངས་དང་པོ་ཡིན་པ་རེད།

e.gif

  • ཉེ་ཆར། ཨན་ཧུའེ་ཕུའུ་དབྱང་གི་བྱིས་པ་ཞིག་ཐོག་བརྩེགས7པའི་སྒེའུ་ཁུང་ཕྱི་རོལ་དུ་ལོག་པ་དང་། ཉེན་ཁ་ཆེ་བའི་སྐབས་སུ་ཧྥང་ལུང་སོགས་ལམ་འགྲོ་པ4བཞིས་མཛེས་བཟོ་བྱེད་པའི་གཡོར་རས་བླངས་ནས་ཕྲུ་གུ་ཁྲིད་དེ་བསྐྱབས་པ་དང་། ཕྲུ་གུ་སྨན་ཁང་དུ་བསྐྱལ་རྗེས་སྐྱོན་ཆེན་པོ་མེད།

སྲིད་ཇུས།

  • པེ་ཅིང་གིས་ཚད་ལྡན་བཟོས་ནས་བཅོལ་སྐྱོང་སྒྲིག་གཞིར་ཁང་ཕྱི་ནང་གི་བྱེད་སྒོ་སྤེལ་ཡུལ་ཚང་མར་ཁྱབ་པའི་བདེ་འཇགས་སྔོན་འགོག་ལྟ་སྐུལ་ཚོད་འཛིན་མ་ལག་འཛུགས་དགོས་པའི་བླང་བྱ་བཏོན།

  • ཅང་སུའུ་ཡིས་བསམ་འཆར་བཏོན་ནས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རིག་གནས་ཚན་ཁག་གི་རྨང་གཞིའི་རིག་ཚན་གྱི་ཤེས་ལྡན་པ་རྩེ་གྲ་གསོ་སྐྱོང་རྟེན་གཞི་ཁག་གཅིག་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཡོད།

  • ཅང་ཤིས་ཀྱིས་བརྡ་ཐོ་བཏང་ནས་འོས་འགན་སློབ་གསོའི་སློབ་གྲྭ་ཁག་གིས་སློབ་ཁྲིད་ཉིན་མོ་རེར་སྤེལ་བའི་སྤྲོ་སྣང་རིགས་ཀྱི་བྱེད་སྒོ་དང་། སྤྱི་ཚོགས་ཚོགས་པའི་རྒྱ་བསྐྱེད་རིགས་ཀྱི་བྱེད་སྒོའི་དུས་ཚོད་ཀྱིས་སློབ་ཚན་གྲོལ་རྗེས་ཚབ་གཉེར་ཞབས་ཞུའི་སྤྱིའི་དུས་ཡུན་གྱི50%ལས་མི་དམའ་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

དེ་རིང་གི་གནམ་གཤིས།

f.jpg

  • ཤིན་ཅང་ནུབ་རྒྱུད་རི་ཁུལ་དང་། བོད་ལྗོངས་ལྷོ་རྒྱུད། ཤར་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་ཡོད། ཡུན་ནན་གྱི་ནུབ་རྒྱུད་དང་བྱང་རྒྱུད། སི་ཁྲོན་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་བྱང་རྒྱུད། ལིའོ་ཉིང་གི་དབུས་རྒྱུད། ཅང་སུའུ་ཡི་ཤར་ལྷོའི་རྒྱུད། ཧྲང་ཧའེ་ཡི་བྱང་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེན་པོ་འབབ་ཀྱི་ཡོད།


མཉམ་སྤྱོད།