དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཕེལ་རྒྱས་གསར་བའི་འདུ་ཤེས་ཁྲོད་ནས། རྐང་ཚའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཕྱོགས་གསར་བ་རྒྱ་བསྐྱེད་པར་འབད།

2023-10-13 08:43:17   |   1670

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


            
           ཞིང་ཆེན་ཡོངས་ཀྱིས་ནུས་ལྡན་འབྲེལ་མཐུད་བྱས་ཏེ་གནད་དོན་དག་ཐེར་གྱི་ལས་དོན་སྤེལ་བ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཐོག་མཐའ་བར་གསུམ་དུ་གནད་དོན་དག་ཐེར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་རྩིས་ཞིང་། དག་ཐེར་གྱི་ཕན་འབྲས་དངོས་སུ་ཐོན་པར་འབད་པ་བྱས། དེའི་ཐད་དུ་ས་གནས་འདི་ག་ཚགས་པར་ཁང་གི་གསར་འགོད་པས་མཚོ་བྱང་ཁུལ་རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲིན་ཆིན་ལ་བཅར་འདྲི་ཞུས། 

གསར་འགོད་པ། ཁྱེད་ཀྱིས་དོན་དངོས་དང་ཟུང་འབྲེལ་གྱིས་རྐང་ཚ་རྫོང་གིས་དཔྱད་ཞིབ་ལས་བཏོན་པའི་གནད་དོན་དག་ཇི་ལྟར་དག་ཐེར་བྱས་ཚུལ་སྐོར་གླེང་རོགས། 

ཀྲུའུ་ཁྲིན་ཆིན། གཅིག མགོ་ཁྲིད་ཀྱིས་དག་ཐེར་དམ་འཛིན་བྱ་རྒྱུར་ཤུགས་བསྣན། ཞིང་ཨུའི“དཔེ་ཆ་གཅིག་དང་། འཛིན་ཡིག་གཅིག ཁས་ལེན་གཅིག”དང་། “རིམ་དམའ་དོ་དམ”གྱི་བྱ་བའི་བླང་བྱ་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ། ཏང་སྲིད་ཀྱི་མགོ་བ་གཙོ་བོས་ཚོགས་གཙོའི་འགན་ཀྱང་འཁུར་བའི་དག་ཐེར་བྱ་བའི་ཚོགས་ཆུང་བཙུགས་ཞིང་། དམིགས་ཚད་ལ་དམིགས་པ་དང་། འཕེལ་རིམ་དམ་འཛིན་བྱས་ཏེ་གནད་དོན་དག་ཐེར་ཡོ་བསྲང་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། རྫོང་ཡོངས་ཀྱིས་གནད་དོན28ཞིབ་བསྡུར་རྩིས་ལེན་བྱས་པ་དང་། བཅོས་སྒྲིག་བྱ་ཐབས121བཟོས་ཏེ་ད་ལྟ་གནད་དོན་ཚང་མ་དག་ཐེར་བཅོས་སྒྲིག་བྱས་ཚར་བ་དང་། བཅོས་སྒྲིག་བྱེད་ཚད100%ཟིན་ཡོད། གཉིས། གནད་འགག་ལ་དམ་པོར་དམིགས་ཏེ་དག་ཐེར་ཡོ་བསྲང་བྱས་པ། དབུལ་ཐར་མང་ཚོགས་ཀྱི“ཡོང་འབབ་ཁག་བཞིར”དམ་པོར་དམིགས་པ་དང་། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དང་། “མཐོ་བ་གཉིས”ཀྱི་དམིགས་ཚད་ལ་དམིགས་ཏེ། རོགས་སྐྱོར་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་པ་དང་། ཞན་ཆ་གསབ་པ། གྲོང་ཚོ་ནུས་ལྡན་ངང་བཅོས་སྒྲིག་བྱེད་པ་བཅས་ལྟེ་གནས་སུ་བཟུང་ནས་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་བཏང་བ་དང་། བྱེད་ཐབས་སྣ་ཚོགས་སྤྱད་ནས་མང་ཚོགས་ཀྱི་ཡོང་འབབ་མུ་མཐུད་མང་དུ་བཏང་སྟེ། མཐོ་བ་གཉིས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་ཐབས་བྱས། ལྟ་ཞིབ་ཚད་ལེན་གྱི་སྡོམ་རྩིས་ལྟར་ན། 2023ལོའི་རྫོང་ཡོངས་ཀྱི་དབུལ་ཐར་ཁྱིམ་ཚང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར18642.64ཟིན་པ་དང་། འཕར་ཚད24.32%ཟིན་ཡོད་པ་རེད། གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་ཐད་དུ། ཁ་གཏད་རོགས་སྐྱོར་ལམ་སྲོལ་ལ་བརྟེན་ནས་རྣམ་པ་སྣ་ཚོགས་ཀྱི་འཛད་སྤྱོད་རོགས་སྐྱོར་དང་ཕྱིར་འཚོང་ལམ་བུ་བཏོད། ལོ་འདིའི་ནང་མོས་མཐུན་མངག་ཐོ་སྒོར་དུང་ཕྱུར4བཞག་པ་དང་། མིག་སྔར་སྒོར་དུང་ཕྱུར1.4དོན་འཁྱོལ་བྱུང་ཡོད། གླ་ཕོགས་ཡོང་འབབ་ཐད་ནས། སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁ་གསབ་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྤྱི་ཕན་རང་བཞིན་གྱི་ལས་གནས་གྲངས་འབོར་བརྟན་པོའི་ངང་འཕར་རྒྱུ་འགན་ལེན་བྱས་ཡོད། གཞན་སྒྱུར་རང་བཞིན་གྱི་ཡོང་འབབ་ཐད་ནས། དབུལ་ཐར་ཁྱིམ་ཚང“གཅིག་གིས་གཅིག་ཁྲིད་པ”དང“མང་པོས་གཅིག་ཁྲིད་པ”བཅས་ཀྱི་རྣམ་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་རྣམ་པ་བཙུགས་ཡོད། རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་ཐད་ནས། མང་ཚོགས་ཀྱིས་རྩྭ་ར(ས་ཞིང)བསྡུ་སྒྲིལ་བྱེད་པར་སྐུལ་མ་དང་། རོགས་སྐྱོར་ཐོན་ལས་རྣམ་གྲངས་དང་གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་བཀོལ་སྤྱོད། གྲོང་གསེབ་གནས་སྐོར་དང་། ཁྱིམ་ཚང་མགྲོན་ཁང་བཟའ་བཏུང་སོགས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་ལ་བརྟེན་ནས་ཡོང་འབབ་ཀྱི་ལམ་བུ་རྒྱ་བསྐྱེད་ཅིང་། མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་བཏང་། གསུམ། སྒྲིག་སྲོལ་དང་ལམ་ལུགས་བཙུགས་ནས་དག་ཐེར་ཡོ་བསྲང་ལ་དམ་འཛིན་བྱས། གནད་དོན་ཚུར་སྣང་བྱས་རིགས་དང་འབྲེལ་ཡོད་ལས་དོན་གྱི་ཞན་ཆ་རྣམས་འཕྲལ་མར་བཅོས་སྒྲིག་བྱས་པ་དང་། “ཕུགས་རིང་གི་འཆར་གཞིའི”ལམ་སྲོལ་བཙུགས་ཏེ། 《རྐང་ཚ་རྫོང་གི“ལྔ་བཅུ་གཞིའི”དབུལ་ཐར་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་འཆར་འགོད》དང་། 《རྐང་ཚ་རྫོང་གི་སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལག་བསྟར་ཞིབ་སྲོལ》དང་། 《རྐང་ཚ་རྫོང་གིས་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཙུགས་ཏེ། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི(2023ལོ-2025ལོ)》སོགས་ལམ་སྲོལ་རབ་དང་རིམ་པ་བཟོས་ནས་བཅོས་སྒྲིག་གི་ཕན་འབྲས་ནུས་ལྡན་ངང་སྲ་བརྟན་དུ་བཏང་། 

གསར་འགོད་པ། ཁྱེད་ཀྱིས་དག་ཐེར་ལས་དོན་སྤེལ་ཚུན་ཐོབ་པའི་ཕན་འབྲས་དང་གྲུབ་འབྲས་གླེང་རོགས།

ཀྲུའུ་ཁྲིན་ཆིན། འབྲེལ་མཐུད་གནད་དོན་གྱི་དག་ཐེར་ལས་དོན་སྤེལ་བ་བརྒྱུད་ནས། རྫོང་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ཁག་སྐས་རིམ་གསར་བ་ཞིག་ཏུ་སླེབས། “འགན་སྲུང་གསུམ་”དང་བཏུང་ཆུའི་བདེ་འཇགས་ལ་འགན་སྲུང་ཡོད་པ་བྱས། མིག་སྔར། རྫོང་ཡོངས་ཀྱི་འོས་འགན་སློབ་གསོ་བརྟན་དུ་གཏོང་ཚད98.79%ཟིན་པ་དང་། དབུལ་སྒྲོལ་མང་ཚོགས་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་དང་ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྡོད་ཁང་བདེ་འཇགས་འགན་ལེན་བྱེད་ཚད100%ཟིན་ཡོད། འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་སྔར་བས་གནད་འཁེལ་བྱུང་ཡོད། མིག་སྔར་རྫོང་ཡོངས་སུ་ཞིབ་རྩིས་བྱས་ན་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཁྱིམ་ཚང76དང་མི་གྲངས275ཡོད། ལྟ་ཞིབ་ཚད་ལེན་བྱ་ཡུལ་དུ་འཇུག་ཚད6.71%ཟིན་ཡོད། མང་ཚོགས་ཀྱི་ལས་ཞུགས་ལམ་བུ་སྔར་བས་རྒྱ་ཆེར་བཏང་། མང་ཚོགས་ཀྱི་འབབ་འཕར་ལ་དམིགས་ཏེ། ལས་གནས་བརྟན་པོ་ཡོང་བ་དང་ལས་ཞུགས་ལ་དམ་འཛིན་ཤུགས་ཆེན་བྱས། ཁྱད་ལྡན་འདེབས་གསོའི་ཐོན་ལས་དང་། གནས་སྐོར་ཐོན་ལས། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་ལས་སྣོན་ཐོན་ལས་བཅས་སྐྱེད་སྲིང་བྱས་པ་བརྒྱུད་ནས་ལས་གནས406མཁོ་འདོན་བྱས་པ་དང་། སྡོམ་རྩིས་བྱས་ན་མི1515ལས་ཞུགས་གཞན་སྒྱུར་བྱས་ཤིང་། ལས་འགན་ལེགས་སྒྲུབ་བྱེད་ཚད100%ཟིན་ཡོད། དེའི་ནང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་ཞུགས་གཞན་སྒྱུར་གྱི་མི278ཡོད་པ་དང་། ལས་འགན་ལེགས་འགྲུབ་བྱེད་ཚད131.9%ཟིན་ཡོད། སྡེ་བའི་ཐུན་མོང་དཔལ་འབྱོར་སྔར་ལས་རྒྱ་སྐྱེད་དུ་བཏང་། རྫོང་ཡོངས་ཀྱི་གྲོང་ཚོ་ཁག་གི་མཉམ་སྡེབ་དཔལ་འབྱོར་ཚང་མ་སྒོར་ཁྲི20ལས་བརྒལ་བ་དང་། དེའི་ནང་སྒོར་ཁྲི50ལས་བརྒལ་བའི་སྡེ་བ11ཡོད། གྲོང་གསེབ་བཅོས་སྐྱོང་ལ་སྔར་བས་ཕན་ནུས་ལྡན་ཡོད། རྫོང་ཡོངས་ཀྱི་སྡེ་ཁུལ8དང་སྲིད་འཛིན་གྲོང་ཚོ31གིས《སྡེ་སྲོལ་དམངས་ཆིངས》དང《སྡོད་དམངས་ཀྱི་སྤྱི་ཆིངས》39བཟོས་པ་དང་།  དུས་མཚུངས་སུ་སྐར་མ་གསོག་པའི་ལས་ཀའི་ལམ་སྲོལ་དང་། རྩིས་ཁྲའི་ལམ་སྲོལ་ཁྱབ་གདལ་གཏིང་ཟབ་བཏང་བ་དང་། རྫོང་ཡོངས་སུ་ཁྱོན་སྐར་གསོག་ལམ་ལུགས་ཁྱབ་གདལ་སྡེ་བ18དང་རྩིས་ཁྲའི་ལམ་ལུགས་ཁྱབ་གདལ་སྡེ་བ26ཡོད་པ་དང་། དེ་ཡིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། 

གསར་འགོད་པ། རྐང་ཚ་རྫོང་གིས་ཇི་ལྟར་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་སྤེལ་གཉིས་འབྲེལ་མཐུད་ནུས་ལྡན་ཡོང་ཐབས་བྱ་རྒྱུ་ཡིན། 

ཀྲུའུ་ཁྲིན་ཆིན། རྗེས་ཕྱོགས། རྐང་ཚ་རྫོང་གིས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ་དང“མཐོ་བ་གཉིས”ཀྱི་དམིགས་ཚད་ལ་དམིགས་ཏེ། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་། ཞིང་ཕྱུགས་ལས་ཀྱི“ལེགས་བསྡུས་ཞིབ་གཉེར་དང་། ཐོན་ལས་ཅན། སྐྱེ་ཁམས་ཅན། སྤུས་རྟགས་ཅན། བློ་ནུས་ཅན”བཅས་ཀྱི་འཕེལ་རྒྱས་ལམ་ཕྱོགས་གཞིར་བཟུང་སྟེ། ཞིང་ཕྱུགས་ལས་ཐོན་ཁུངས་བསྡུ་སྒྲིལ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ཁེ་ལས་དང་འཇོན་མི་གྲོང་ཚོར་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ། རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་གཞན་སྒྱུར་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་ཁྲིད་བྱས་ཏེ། རྩ་བའི་ཆ་ནས་དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུ་དཀའ་བའི་གནད་དོན་ཐག་གཅོད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་དར་རྒྱས་འགྲོ་བ་དང་། གྲོང་གསེབ་མཛེས་སྡུག་ལྡན་པ། ཞིང་འབྲོག་མང་ཚོགས་འབྱོར་ཕྱུག་ལྡན་པ་བཅས་ཡོང་བར་འབད་པ་བྱ་རྒྱུ་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ཁམས་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་། ཞིང་ཆེན་ཡོངས་ཀྱི་ལྷད་མེད་ནུས་ཁུངས་ཀྱི་ས་མཐོའི་སྔོན་སྒྲུབ་ཁུལ། མཚོ་སྐོར་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་ཡུལ་བཅས་གཏོད་པའི་ལས་དོན་བཅས་ལ་དམིགས་ཏེ། སྦྲེལ་ཐག་ཁག་མཐུན་སྦྱོར་སྦྲེལ་མཐུད་བྱེད་པ་དང་། འཕེལ་རྒྱས་གསར་བའི་འདུ་ཤེས་ཁྲོད་ནས། རྐང་ཚའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཕྱོགས་གསར་བ་རྒྱ་བསྐྱེད་པར་འབད་པ་བྱ་རྒྱུ།


མཉམ་སྤྱོད།