དེ་རིང་ནི2025ལོའི་ཟླ06པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-10-16 08:34:58   |   2522

སྒྲིག་སྒྱུར།  མཁའ་འགྲོ་མཚོ།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང།


གསར་འགྱུར་གལ་ཆེན།

  • ཟླ10ཚེས16ཉིན་པར་སྐྲུན་བྱས་པའི་དུས་ཐེངས20པའི《བདེན་འཚོལ》དུས་དེབ་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་རྣམ་པ་གསར་པ་གཏོད་དགོས》ཞེས་པ་སྤེལ་བ་ཡིན།

  • ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བརྒྱབ་པའི《ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་སྲོལ་ཡིག》པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན།

  • ཚེས15ཉིན་སློབ་གསོ་པུས་ཁྱབ་བསྒྲགས་བྱས་པའི《སློབ་ཕྱིའི་གསོ་སྦྱོང་སྲིད་འཛིན་ཆད་གཅོད་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས》དངོས་སུ་ལག་བསྟར་བྱས་པ་རེད།     

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན།  དུས་ཚིགས་དང་པོ་ནས་གསུམ་པའི་བར་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་འཕར་ཚད་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི29.33ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི1.41གིས་མང་ཡོད་པ་རེད།     

  • ད་ལོའི་ཟླ་དང་པོ་ནས་དགུ་པའི་བར་རང་རྒྱལ་གྱིས་གཙོ་རྐང་སྣུམ་རླངས་སྦུབས་ལམ་སྤྱི་ལེ2500ལྷག་ཙམ་གསར་སྐྲུན་བྱས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།     

微信图片_20231016083512.jpg

  • ཚེས15ཉིན་གྱི་སྔ་དྲོ་རང་རྒྱལ་གྱིས་ཅིའུ་ཆོན་འཁོར་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པའི་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་ཡུན་ཧའེ་ཨང་དང་པོའི་འཁོར་སྐར04བདེ་བླག་ངང་འཕེན་གཏོང་བྱས།  

  • ལྷ་གྲུ་ཨང་བཅུ་བདུན་པའི་འཕུར་གྲུ་དེ་འཆར་གཞི་ལྟར་ཟླ་འདིར་འཕེན་གཏོང་བྱ་རྒྱུ་ཡིན་པ་དང་།    ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་ལྟེ་བའི་གྲུ་ཚང་གི་མདུན་ཕྱོགས་སུ་སྦྲེལ་མཐུད་བྱས་ནས་གྲུ་གསུམ་སྡེབ་སྒྲིག་མ་ལག་ཅིག་ཆགས་པ་བྱས་ཏེ་མུ་མཐུད་དུ་བར་སྣང་ཚན་རིག་ཚོད་ལྟ་དང་ལག་རྩལ་ཚོད་ལྟ་བྱ་རྒྱུ་ཡིན།    

  • ཉེ་ཆར་ཨ་ཧྥུ་ཧན་དུ་བསྟུད་མར་ས་ཡོམ་དྲག་པོ་བརྒྱབ་པ་རེད།     ཚེས15ཉིན་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པས་ཨ་ཧྥུ་ཧན་གྱི་སྐར་དམར་ཚོགས་པར་ཞལ་འདེབས་འབུལ་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་ཟོག་ཧོ་ལ་ཐེ་གནམ་གྲུ་ཐང་དུ་འབྱོར་བ་རེད།     

  • དབྱི་སི་རལ་གྱི་སྨྱན་སྦྱོར་དང་ཕ་ལེ་སི་ཐན་འཕྲོད་བསྟེན་སྡེ་ཚན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན།    ཐེངས་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་གདོང་ཐུག་གིས་ཕྱོགས་གཉིས་པོའི་མི4000ཙམ་རྐྱེན་ལམ་དུ་ཤོར་བ་དང་མི14000ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།     

སྤྱི་ཚོགས།

  • ཚེས17ཉིན་ནས་བཟུང་མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཕོག་པས་རང་རྒྱལ་དུ་གཞི་ཁྱོན་ཆེ་བའི་ཆར་པ(ཁ་བ)འབབ་པ་དང་དྲོད་ཚད་ཆག་པའི་བརྒྱུད་རིམ་ཞིག་ཐོན་རྒྱུ་རེད།     

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན།    ཚེས16ཉིན་ནས་བཟུང“ལས་གནས་ཀྱིས་མ་འོངས་པ་སྣེ་འདྲེན་བྱེད་པ-2023ལོའི་གྲོང་ཁྱེར་ཆེ་འབྲིང་གི་མཉམ་འབྲེལ་གདན་ཞུའི”མཐོ་སློབ་སློབ་ཐོན་སློབ་མའི་སྟོན་དུས་ཆེད་དོན་བྱེད་སྒོ་སྟེང་དུ་ཁག་གཉིས་པའི་ཁྱད་ལྡན་ཞབས་ཞུའི་བྱེད་སྒོ93སྤེལ་རྒྱུ་ཡིན་པ་རེད།     

  • སྐབས36པའི་ཀྲུང་གོའི་གློག་བརྙན་གསེར་བྱའི་བྱ་དགའ་དཔྱད་འདེམས་ཨུ་ལྷན་གྱི་མིང་འདོན་མིང་ཐོ་ཚེས15ཉིན་ཁྱབ་བསྒྲགས་བྱས་པ་རེད།     དེའི་ཁྲོད《མིང་མེད་པ》དང《ཀྲུང་གོའི་ཕིང་ཕང་སྤོ་ལོའི་ཕར་རྒོལ་ཡག་པོ》སོགས་ལ་གཏམ་རྒྱུད་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཡོད་པ་རེད།     

  • ཉེ་ཆར།    ཡུན་ནན་དང་།    ཀོང་ཏུང་།    ཀྲེ་ཅང་སོགས་ལྷོ་ཕྱོགས་ཞིང་ཆེན་ཁག་གཅིག་ཏུ་ཏེང་ཀེའི་ནད་ཕོག་པའི་ནད་པ་མང་དུ་ཕྱིན་ཡོད།     ནད་ཡམས་སྔོན་འགོག་ཆེད་མཁས་པས་ཤར་ལྷོའི་ས་ཁུལ་གྱི་གྲོང་མིས་ཧུར་བརྩོན་གྱིས་ཆུ་བསགས་གཙང་དག་དང་དུག་སྦྲང་གི་འབུ་ཕྲུག་སྐྱེ་འཕེལ་ཉུང་དུ་བཏང་ནས་སྔོན་འགོག་གི་ལས་དོན་ཡག་པོ་སྒྲུབ་དགོས་པའི་འབོད་སྐུལ་བཏང་།

  • ཚེས15ཉིན་ཧེ་ལུང་ཅང་ཧེ་ཧོ་ས་གནས་ལྕགས་ལམ་སྤྱི་གཉེར་གྱི་ལས་གྲྭའི་རླངས་འཁོར་ལྕགས་ལམ་ལམ་ཐིག་ཐོག་ཐོན་ནས་མེ་འཁོར་ལན་གྲངསK5133འཁོར་ལམ་ལས་བྲལ་བ་རེད།     རླངས་འཁོར་ནང་གི་འགྲུལ་པ་དང་ལས་བྱེད་མི་སྣ་ཚང་མ་བདེ་འཇགས་ངང་སྐྱེལ་འདྲེན་བྱས་པ་ཡིན།     

  • ཉེ་ཆར། པེ་ཅིང་ལྕགས་རི་རིང་པོའི་གནའ་རྫས་རྟོག་ཞིབ་ལས་མཚོན་ཆ་འཇོག་སའི་མཛོད་ཁང་ཐོག་མར་ཤེས་རྟོགས་བྱུང་།

  • ཉེ་ཆར། ཡུན་ནན་ཧྭ་ཉིང་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་བར་ཚོང་གི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་ནས་དུག་རྫས་སྤྱི་རྒྱ70.14གཞུང་བཞེས་བཏང་།   

  • ཉེ་ཆར།    ཅང་སུའུ་ནན་ཅིང་གི་ཁེ་ལས་བདག་པོས་རང་དགར་ཨར་སྐྲུན་བྱས་ཏེ་ར་སྐོར་གྱི་སའི་རྒྱ་ཁྱོན་སྔོག་འདོན་བྱས་པ་མ་ཟད།    ས་འོག་ཁང་པའི་ཕྱིའི་གྱང་ལ་གཏོར་བཤིག་བཏང་བས་ཆུ་བོ་ས་འོག་རླངས་འཁོར་འཇོག་སར་སིམ་ནས་གྱོད་དོན་ཐོ་འགོད་ཀྱིས་བརྟག་དཔྱད་བྱས་པ་རེད།     

  • ཧྲན་ཏུང་ལིང་དབྱི་ཡི་བྱིས་པ་ཞིག་ཐོག་བརྩེགས་ལྔ་པའི་སྒེའུ་ཁུང་ཕྱི་རོལ་དུ་ལུས་ཤིང་།    ཉེ་འགྲམ་གྱི་མཁའ་རླུང་སྙོམས་ཆས་སྒྲིག་སྦྱོར་ལས་བྱེད་མི་སྣ་ཀྲང་ཆིང་ཐའོ་དང་དབྱང་ཞའོ་ཆང་གིས་བདེ་འཇགས་ཐག་པ་ལ་བརྟེན་ནས་བྱིས་པ་དེ་བདེ་འཇགས་ངང་ཁང་པའི་ནང་དུ་བསྐྱལ།   

微信图片_202310160835121.jpg

  • ཉེ་ཆར། པེ་ཅིང་ལྕགས་རི་རིང་པོའི་གནའ་རྫས་རྟོག་ཞིབ་ཀྱིས་མཚོན་ཆ་འཇོག་སའི་མཛོད་ཁང་ཐོག་མར་ཤེས་རྟོགས་བྱུང་།

微信图片_20231016084007.png

  • ཉེ་ཆར། ཡུན་ནན་ཧྭ་ཉིང་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་བར་ཚོང་གི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་ཅིང་། དུག་རྫས་སྤྱི་རྒྱ70.14གཞུང་བཞེས་བཏང་།

  • ཉེ་ཆར།    ཅང་སུའུ་ནན་ཅིང་གི་ཁང་བདག་ཅིག་གིས་རང་དགར་ཨར་སྐྲུན་བྱས་པ་དང་། ཁང་ས་བརྐོས་ཤིང་ཁང་པའི་ས་འོག་ཕྱི་གྱང་ལ་གཏོར་བརླག་བྱས་པས།  ཆུ་ས་འོག་རླངས་འཁོར་འཇོག་སར་སིམ་པའི་གྱོད་དོན་ལ་ཐོ་འགོད་བརྟག་དཔྱད་བྱས།

微信图片_20231016084008.png

  • ཧྲན་ཏུང་ལིང་དབྱི་ཡི་བྱིས་པ་ཞིག་ཐོག་བརྩེགས་ལྔ་པའི་སྒེའུ་ཁུང་ཕྱི་རོལ་དུ་ལུས་པ་ན།  ཉེ་འགྲམ་དུ་མཁའ་རླུང་སྙོམས་ཆས་སྒྲིག་སྦྱོར་བྱེད་བཞིན་པའི་དགེ་རྒན་ཀྲང་ཆིང་ཐའོ་དང་དབྱང་ཞའོ་ཆང་གཉིས་བདེ་འཇགས་ཐག་པར་འཇུས་ཏེ་ཐོག་རྩེ་ནས་ཐོག་སོ5བར་མར་བབས་པ་དང་། དེ་ནས་ཕྲུ་གུ་བདེ་འཇགས་ངང་ཁང་པའི་ནང་དུ་བསྐྱལ།    

སྲིད་ཇུས།

  • ཐེན་ཅིན་གྱིས་ཐབས་ཤེས་བཏོན་པ་སྟེ། སློབ་ཆུང་གི་སྔ་དྲོའི་སློབ་ཁྲིད་བྱེད་པའི་དུས་ཚོད་སྤྱིར་བཏང་དུ8:20ལས་སྔ་མི་རུང་བ་དང་།   སློབ་འབྲིང་གི་དུས་ཚོད་སྤྱིར་བཏང་དུ8:00ལས་སྔ་མི་རུང་ཟེར། 

  • ཀོང་ཏུང་གིས་སློབ་མའི་བརྙས་བཅོས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་གནས་ཚུལ་དེ་སློབ་གྲྭའི་ལོ་འཁོར་གྱི་དཔྱད་ཞིབ་ནང་དོན་དུ་འཇུག་དགོསཔ་ཁ་གསལ་བཏོན།     

  • ཡུན་ནན་གྱིས་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་ཆེད་ལས་ལག་རྩལ་མི་སྣའི་སྒྲིག་ཁོངས་མི་གྲངས་དེ་སྒྲིག་ཁོངས་སྤྱི་འབོར་གྱི90%ལས་དམའ་མི་རུང་བ་ཁ་གསལ་བཏོན།

དེ་རིང་གི་གནམ་གཤིས།

微信图片_20231016083519.jpg

  • ཞིན་ཅང་དང་།    བོད་ལྗོངས།    མཚོ་སྔོན།    ཁྲོན་ནུབ་མཐོ་སྒང་བཅས་ཀྱི་ས་ཁུལ་ཁག་ཅིག་ལ་ཁངས་ཆུང་ནས་ཁངས་འབྲིང་བའམ་ཡང་ན་ཁངས་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཞིན་ཅང་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་ཁངས་ཆེན་འབབ་རྒྱུ་རེད།  ཧེ་ལུང་ཅང་གི་བྱང་ཤར་རྒྱུད་དང་།    སི་ཁྲོན་གྱི་ལྷོ་ནུབ་རྒྱུད་དང་གཤོང་སའི་ནུབ་རྒྱུད།    ཡུན་ནན་གྱི་བྱང་ཤར་རྒྱུད་དང་ལྷོ་རྒྱུད།    ཧའེ་ནན་གླིང་ཕྲན།   ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཆར་ཆུང་ཆུང་ནས་ཆར་འབྲིང་འབབ་རྒྱུ་རེད། དེའི་ནང་ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།