དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་སྒྲིག་གཞིའི་ཨུ་ལྷན་གྱིས2023ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས།

2023-10-16 10:49:00   |   4510

སྒྲིག་སྒྱུར། སངས་དོན།    ཡོངས་ཁུངས། མཚོ་བྱང་མདོ་ལ་ཚགས་པར།   བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ10ཚེས13ཉིན། ཁུལ་ཨུའི་ཧྲུའུ་ཅི། ཁུལ་སྒྲིག་གཞི་ཨུ་ལྷན་གྱི་ཀྲུའུ་རིན་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྒྲིག་གཞིའི་སྒྲིག་ཁུངས་ཨུ་ལྷན་གྱི2023ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་སྒྲིག་ཨུའི་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། ལས་ཀའི་སྙན་ཞུར་ཉན་པ་དང་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་བྱས་པ་མ་ཟད། སྒྲིག་གཞི་སྒྱུར་བཅོས་ལས་དོན་ལ་བཀོད་སྒྲིག་བྱས།  

微信图片_20231016111146.jpg   

       ཚོགས་འདུའི་ཐོག ཞིང་ཆེན་ཏང་ཨུའི་སྒྲིག་གཞི་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲིག་གཞིའི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། རེས་སྐོར་གསར་པའི་སྒྲིག་གཞི་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྒྱུར་བཅོས་ཁག་གི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། ཚན་རིག་དང་མཐུན་པའི་ངང་སྒྲིག་གཞིའི་སྒྲིག་ཁོངས་ཐོན་ཁུངས་གཅིག་འདོམས་བྱེད་པ། སྒྲིག་གཞིའི་ཕན་འབྲས་དེ་བས་ལེགས་པའི་ངང་འདོན་སྤེལ་བཅས་བྱས་ནས་ཁུལ་ཡོངས་ཀྱི་སྒྲིག་གཞི་སྒྲིག་ཁོངས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་།     གཅིག་ནས་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ཁུལ་ཨུའི་སྒྲིག་གཞི་ཨུ་ལྷན་གྱིས་སྤྱི་འདོམས་མཐུན་སྦྱོར་དང་། སྒྲིག་འཛུགས་ལག་བསྟར། ལྟ་སྐུལ་དོན་འཁྱོལ་བཅས་ཀྱི་མགོ་ཁྲིད་མཐུན་སྦྱོར་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ལས་ཀའི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་སྤྱི་ཡོངས་ཀྱི་མཉམ་ཤུགས་ཤིག་ཆགས་པ་བྱས་ནས་སྒྱུར་བཅོས་ལས་འགན་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་ཞིང་ཆེན་ཨུ་ལྷན་གྱི་ལས་ཀའི་བླང་བྱ་དང་བསྟུན་ནས་ཁུལ་གྱི་གནས་ཚུལ་དངོས་ཁོང་དུ་བརྟན་པོ་ཆུད་པ་དང་། གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་དུ་གཏོང་བ། སྒྱུར་བཅོས་ཇུས་གཞི་ཚན་རིག་དང་མཐུན་པའི་ངང་བཟོ་བ་བཅས་བྱེད་དགོས། གསུམ་ནས་སྒྲིག་ཁྲིམས་ཁག་སྒྱུར་བཅོས་ནན་པོ་བྱས་ཏེ། སྒྲིག་གཞི་སྒྱུར་བཅོས་བྱེད་རིང་གི་ཆབ་སྲིད་ཀྱི་སྒྲིག་ལམ་དང་རྩ་འཛུགས་ཀྱི་སྒྲིག་ལམ། སྒྲིག་གཞི་སྒྲིག་ཁོངས་ཀྱི་སྒྲིག་ལམ། ལས་བྱེད་མི་དོན་གྱི་སྒྲིག་ལམ། གསང་གནད་བརྩི་སྲུང་གི་སྒྲིག་ལམ་སོགས་སྣ་སོ་སོའི་སྒྲིག་ལམ་ལག་བསྟར་ནན་པོ་བཏང་ནས་སྒྲིག་གཞི་དང་འགན་འཁྲི། མི་སྣ་སོགས་བྱ་བའི་དགོས་མཁོ་ལྟར་དུས་ལྟར་ལེགས་སྒྲིག་བྱེད་དགོས།

微信图片_20231016111147.jpg

       ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་བསམ་གཞིགས་དང་ཚན་རིག་དང་མཐུན་པའི་བྱེད་ཐབས་ཐོག་ནས་སྒྲིག་གཞིའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། ཁུལ་ཨུའི་སྒྲིག་ཁོངས་ཨུ་ལྷན་གྱི“སྨྱུ་གུ་གཅིག”གི་ཞིབ་མཆན་ལམ་ལུགས་མཐའ་འཁྱོངས་བྱེད་པ། སྒྲིག་གཞིའི་བཅད་གྲངས་དང་། མགོ་ཁྲིད་ཀྱི་གྲངས་ཀ སྒྲིག་ཁོངས་སྤྱི་འབོར་དང་རིགས་དབྱེའི་དོ་དམ་ནན་པོ་བཅས་བྱས་ཏེ། སྲིད་འཛིན་དང་བྱ་གཞག་གི་སྒྲིག་གཞིའི་གཞི་ཁྱོན་ལུགས་མཐུན་དང་རྒྱུན་མཐུད་ཁྱབ་ཁོངས་ནང་ཚོད་འཛིན་བྱེད་དགོས།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་གཞིའི་ལས་ཀའི་སྲོལ་ཡིག》སོགས་ཁྲིམས་སྲོལ་དང་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། སྒྲིག་འགལ་ཁྲིམས་འགལ་སྔོན་འགོག་གི་སློབ་གསོ་དང་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས“ཡོད་ཚད་ལ་ཐེ་གཏོགས་བྱེད་པ”མུ་མཐུད་དུ་ཡོ་བསྲང་བྱེད་པ་དང་། སྒྲིག་གཞིའི་སྒྲིག་ཁུངས་གནད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁུལ་ལས་བརྒལ་བ་དང་། སྡེ་ཚན་ལས་བརྒལ་བ། རིམ་པ་ལས་བརྒལ་བ་བཅས་ཀྱི་གཅིག་གྱུར་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ཚད་ཡོད་ཀྱི་སྒྲིག་གཞིའི་ཐོན་ཁུངས་ཁུལ་ཡོངས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གཡུལ་ས་གཙོ་བོ་དང་འགག་རྩའི་ཐད་གནད་སྨིན་བཀོད་སྒྲིག་བྱས་ཏེ། དམངས་འཚོའི་བདེ་སྐྱིད་དང་རྨང་གཞི་བརྟན་དུ་གཏོང་བའི་ལྷུ་ཚིགས་ཞན་སར་འཇོག་དགོས།     

微信图片_20231016111132.jpg

ཁུལ་གྱི་མགོ་ཁྲིད་ཧྲི་ཧུང་ཀྲན་དང་། ཝང་ཡུང་ཁྲང་། སི་ཅི་ཧྲེང་། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཁུལ་ཨུའི་སྒྲིག་ཁོངས་གཞུང་ལས་ཁང་དང་། ཁུལ་ནོར་སྲིད་ཅུ། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།     


མཉམ་སྤྱོད།