དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་པེ་ཅིང་སྤྱི་ཚོགས་དོ་དམ་ལས་རིགས་སློབ་གླིང(དམངས་སྲིད་པུའི་གསོ་སྦྱོང་ལྟེ་གནས)གིས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ།

2023-10-16 10:57:12   |   4032

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ10པའི་ཚེས13ཉིན། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་པེ་ཅིང་སྤྱི་ཚོགས་དོ་དམ་ལས་རིགས་སློབ་གླིང(དམངས་སྲིད་པུའི་གསོ་སྦྱོང་ལྟེ་གནས)གཉིས་ཀྱིས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་མཉམ་ལས་གྲོས་མཐུན་བཞག་པ་དང་འབྲེལ“གསར་བརྗེའི་སློབ་གསོ་རྟེན་གཞིའི”སྒོ་བྱང་འགེལ་བའི་མཛད་སྒོ་ཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། པེ་ཅིང་སྤྱི་ཚོགས་དོ་དམ་ལས་རིགས་སློབ་གླིང(དམངས་སྲིད་པུའི་གསོ་སྦྱོང་ལྟེ་གནས)གི་ཏང་ཨུའི་ཧྲུའུ་ཅི་ཙའུ་ཝུན་ཁའེ་གན་འཇོག་མཛད་སྒོར་ཕེབས་ཏེ་ཤིས་ཚིག་ཕུལ།  ཞིང་ཆེན་དམངས་སྲིད་ཐིང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་ཐིང་ཀྲང་གཞོན་པ་ཨ་དགེ་འདུན་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དབྱང་ཧའེ་ལུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་བཅས་མཛད་སྒོར་ཞུགས། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཆེ་ཝང་ཡུང་ཁྲང་གིས་གན་རྒྱ་འཇོག་པའི་མཛད་སྒོ་གཙོ་སྐྱོང་གནང་།

1.png

ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ཞིང་ཆེན་དམངས་སྲིད་ཐིང་དང་པེ་ཅིང་སྤྱི་ཚོགས་དོ་དམ་ལས་རིགས་སློབ་གླིང(དམངས་སྲིད་པུའི་གསོ་སྦྱོང་ལྟེ་གནས)གིས་དུས་ཡུན་རིང་པོའི་ནང་མཚོ་བྱང་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁོང་གིས་བསྟན་དོན། མཚོ་བྱང་ཁུལ་ནི“མདོ་ལ་རིང་མོའི་རྒྱབ་དང་མཚོ་སྔོན་པོའི་མདུན”དུ་ཡོད་ཅིང་། རྒྱལ་ཁབ་སྤྱི་གླིང་གཉིས་ཡོད། “མདོ་ལ་རིང་མོའི་གཟི་བརྗིད་ཀྱིས། ། རི་ཚོགས་སྐྱེངས་པས་མགོ་བོ་དུད། །”ཅེས་པའི་མཚན་སྙན་ཡང་ཡོད་ལ།  “མདེལ་གཉིས་དང་སྐར་གཅིག”གི་སྙིང་སྟོབས་རླབས་ཆེན་གྱི་འབྱུང་གནས་དང་། ཀྲུང་ཧྭ་མི་རིགས་ཀྱི་མགོ་བོ་ཡར་དགྱེ་ས། ནུབ་ལམ་དམར་དམག་གིས་དམར་འཛིང་བྱེད་སའི་གནས་བཅས་ཀྱང་ཡིན། གནས་འདི་ནི་སྔ་མོ་ནས་ཞིང་ཆེན་ཡོངས་ཀྱི་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། ད་ཐེངས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་འདི་ནི་ཕྱོགས་གཉིས་པོའི་མཉམ་ལས་སྤེལ་རེས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་མགོ་འཛུགས་ས་གསར་པ་ཞིག་རེད། པེ་ཅིང་སྤྱི་ཚོགས་དོ་དམ་ལས་རིགས་སློབ་གླིང་གིས་མཚོ་བྱང་གི་འགག་རྩའི་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་པ་དང་མཚོ་བྱང་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་སློབ་གླིང་གི་དགེ་སློབ་དང་གསོ་སྦྱོང་སློབ་མ་སྒྲིག་འཛུགས་བྱས་ཏེ་མཚོ་བྱང་དུ་གསར་བརྗེའི་སློབ་གསོ་མྱང་བར་ཡོང་རྒྱུའི་རེ་བ་ཡོདཔ་དང་། མཚོ་བྱང་དུ་ས་མཐོའི་རྒན་གསོའི་ཞབས་ཞུའི་ཞིབ་འཇུག་གནས་དང་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞི་བཙུགས་ནས་མཚོ་བྱང་ལ་ས་མཐོའི་ཁྱད་ཆོས་ལྡན་པའི་རྒན་གསོའི་ཞབས་ཞུའི་སྤུས་རྟགས་སྐྱེད་སྲིང་དང་གཏོད་རོགས་བྱེད་པ། མཚོ་བྱང་དམངས་སྲིད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་དྲ་ཐོག་དང་དྲ་ཕྱིའི་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་མཚོ་བྱང་དམངས་སྲིད་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོའི་སྤྱི་ཡོངས་ཀྱི་བྱང་ཚད་དང་ཆེད་ལས་ཀྱི་རྩལ་ནུས་ཆེ་རུ་གཏོང་རོགས་བྱེད་དགོས་པའི་རེ་བ་ཞུས།

2.png

ཙའུ་ཝུན་ཁའེ་ཡིས་པེ་ཅིང་སྤྱི་ཚོགས་དོ་དམ་ལས་རིགས་སློབ་གླིང(དམངས་སྲིད་པུའི་གསོ་སྦྱོང་ལྟེ་གནས)གིས་སྤྱི་ཚོགས་དོ་དམ་དང་སྤྱི་ཚོགས་ཞབས་ཞུའི་རིགས་ཀྱི་ཆུ་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ཤེས་ལྡན་པ་གསོ་སྦྱོང་བྱ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། སྤྱི་ཚོགས་དོ་དམ་དང་སྤྱི་ཚོགས་ཞབས་ཞུའི་རིགས་ཀྱི་མཐོ་རིམ་ལས་རིགས་སློབ་གསོ་དང་། རྒྱལ་ཡོངས་དམངས་སྲིད་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོའི་སློབ་གསོ་གསོ་སྦྱོང་། དམངས་སྲིད་ལས་རིགས་རྩལ་ནུས་རིམ་པ་གཏན་འཁེལ། དམངས་སྲིད་སྲིད་ཇུས་ཞིབ་འཇུག དམངས་སྲིད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་ལས་རིགས་རྩལ་ནུས་ཚད་གཞི་བཟོ་བ་སོགས་ཀྱི་འགན་ནུས་གལ་ཆེན་འཁུར་བཞིན་ཡོད། གོམ་སྟབས་རྗེས་མར། མཚོ་བྱང་ཁུལ་དང་སྤྱི་ཚོགས་དོ་དམ་དང་སྤྱི་ཚོགས་ཞབས་ཞུའི་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་གསོ་སྐྱོང་དང་། དམངས་སྲིད་ལས་བྱེད་པའི་གསོ་སྦྱོང་། ཏང་གཤིས་སློབ་གསོ་དང་དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་ཐད་མཉམ་ལས་སྤེལ་རེས་བྱས་ཏེ། སློབ་གླིང་དང་ས་གནས་ཀྱི་མཉམ་ལས་བྱེད་སྟངས་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱེད་པ་དང་། མཚོ་བྱང་ཁུལ་དམངས་སྲིད་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་མཚོ་བྱང་དམངས་སྲིད་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན།

3.png

ཤ་བོ་སྐྱབས་དང་ཙའུ་ཝུན་ཁའེ་གཉིས་ཀྱིས“གསར་བརྗེ་སློབ་གསོའི་རྟེན་གཞིའི”སྒོ་བྱང་གི་ཡོལ་བ་ཕྱེས་པ་དང་། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་དང་པེ་ཅིང་སྤྱི་ཚོགས་དོ་དམ་ལས་རིགས་སློབ་གླིང(དམངས་སྲིད་པུའི་གསོ་སྦྱོང་ལྟེ་གནས)གསོ་སྦྱོང་པུའི་ཀྲུའུ་རེན་སུན་ཡུས་ལིན་གྱིས《མཉམ་ལས་གྲོས་མཐུན་ཡི་གེར》མིང་རྟགས་བཀོད། 

4.png

ཁུལ་ཨུའི་སྡེ་ཚན་ཁག་དང་། ཁུལ་ཐད་གཏོགས་ལས་ཁུངས་དང་།  མང་ཚོགས་ཚོགས་པ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་ཁུལ་དམངས་སྲིད་ཅུའི་ལས་བྱེད་ལས་བཟོ་ཡོངས་མཛད་སྒོར་ཞུགས།


མཉམ་སྤྱོད།