དེ་རིང་ནི2025ལོའི་ཟླ06པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-10-18 08:26:41   |   3152

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.png

  • ཟླ10ཚེས17ཉིན་གྱི་མཚན་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོར་གསོལ་སྟོན་གནང་སྟེ། སྐབས་གསུམ་པའི་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཞུགས་མཁན་གྱི་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུ་ཞུས་པ་རེད།

2.png

  • ཟླ10ཚེས17ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཞུགས་པ་དང་འབྲེལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཆི་ལིའི་ཙུང་ཐུང་པོ་ལི་ཆི་དང་གྲོས་མོལ་གནང་།

    3.png

  • ཟླ10ཚེས17ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཞུགས་པ་དང་འབྲེལ་རྒྱལ་དོན་འཚམས་འདྲི་གནང་མཁན་གྱི་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོ་དང་གྲོས་མོལ་གནང་།

4.png

  • ཟླ10ཚེས་7ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཞུགས་མཁན་གྱི་ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཕུའུ་དང་མཇལ་འཛོམས་གནང་།

5.png

  • ཟླ10ཚེས17ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཞུགས་མཁན་གྱི་སར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་མཇལ་འཛོམས་གནང་།

6.png

  • ཟླ10ཚེས17ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཞུགས་པར་ཕེབས་པའི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་ཡེ་ཧྥུ་དང་མཇལ་འཛོམས་གནང་།

7.png

  • ཟླ10ཚེས17ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཞུགས་པ་དང་འབྲེལ་དངོས་སུ་འཚམས་འདྲི་གནང་བར་ཕེབས་པའི་ཨེ་སེ་ཨོ་ཕི་ཡའི་ཙུང་ལི་ཨ་པི་དང་མཇལ་འཛོམས་གནང་།

8.png

  • ཟླ10ཚེས17ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཞུགས་པར་ཕེབས་པའི་ཧང་གྷ་རིའི་ཙུང་ལི་ཨོར་པན་དང་མཇལ་འཛོམས་གནང་།

9.png

  • ཟླ10ཚེས17ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཞུགས་པ་དང་འབྲེལ་དངོས་སུ་འཚམས་འདྲི་གནང་བར་ཕེབས་པའི་ཕ་ཕུ་ཡ་ཞིན་གྷི་ནེ་ཡའི་ཙུང་ལི་མཱ་ལ་ཕེ་དང་མཇལ་འཛོམས་གནང་།

  • ཚེས17ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ལོ10ཡི་རིང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཨ་སྒོར་དུང་ཕྱུར་ཁྲི་ཙམ་གྱི་མ་འཇོག་ལ་སྐུལ་ཁྲིད་བྱས་ནས་མི་ཁྲི4000དབུལ་སྒྲོལ་ཐུབ་རྒྱུར་བྱས་ཡོད་པ་བསྟན།

10.png

  • ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡས་མཉམ་ལས་འཛུགས་སྐྲུན་བྱས་པའི་ཡ་ཝན་མྱུར་བགྲོད་ལྕགས་ལམ་ཚེས17ཉིན་དངོས་སུ་ཤར་གཏོང་ཐུབ་པ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། དེ་རིང་ནས་བཟུང་འབྲི་ཆུའི་དབུས་སྨད་རྒྱུད་དང་བྱང་རྒྱུད་ས་ཁུལ་གྱི་དྲོད་ཚད4~6℃མར་ཆག་པ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད8~10℃ཡས་མས་སུ་ཆག་རྒྱུ་རེད།

  • ཉེ་ཆར་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུ་ཡིས་རང་རྒྱལ་གྱིས་ཉེ་བའི་ལོ་ལྔའི་ནང་གསར་གཏོད་སྨན་རྫས136ཁྲོམ་རར་འདོན་རྒྱུའི་ཆོག་མཆན་སྤྲད་ཡོད།

  • ཉེ་ཆར་འབར་མའི་བྱང་རྒྱུད་ཀྱི་གློག་གཡོ་ལེན་དོགས་ཡོད་ཉེས་ཅན910ཡུན་ནན་ཁུན་མིང་ཉེན་རྟོག་ཕྱོགས་ལ་སྤྲད་པ་རེད།

  • རང་རྒྱལ་གྱི་ཚན་ཞིབ་མི་སྣས་ཆུ་འབྲས་ཀྱི་མ་དཔེ་ཁྲི་གཅིག་ལྷག་ཙམ་ལ་བརྟེན་པའི་ཚོགས་སྤྱིའི་གཞན་འགྱུར་དཔེ་རིས་བདེ་བླག་ངང་བྲིས་པས་ཆུ་འབྲས་འདེབས་གསོར་ཚད་བརྒལ་གསར་པ་བྱུང་།

  • ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཧའེ་ཁོའུ་འགག་སྒོས་གླིང་ཕྲན་ནས་ཁྲལ་མི་དགོས་པའི་དངོས་ཟོག་ཉོ་སྒྲུབ་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར349.4ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་བཅུ་ཆ་གསུམ་ཙམ་འཕར་ཡོད།

12.png

  • ཚེས17ཉིན།ཧོ་ནན་ཞིང་ཆེན་ནགས་ལས་སྡེ་ཚན་གྱིས་ཨན་དབྱང་དར་དམར་ཆུས•ལིན་ལུའི་རི་བོའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་དུ་སྲུང་སྐྱོབ་བྱས་ནས་དྲག་སྐྱེད་བྱུང་བའི་རི་སྐྱེས་སྲོག་ཆགས67རང་བྱུང་ཁམས་སུ་གཏོང་བ་རེད།

སྲིད་ཇུས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་གསུམ་གྱིས་ཉེ་ཆར་མཉམ་འབྲེལ་ཐོག《སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་བརྟེན་ནས་བུ་བཅོལ་ཞབས་ཞུའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས།

  • ཨན་ཧུའེ་ཡིས་ཚོད་ལྟའི་བྱ་ཐབས་པར་འགྲེམས་བྱས་པ་སྟེ། ཟླ11ཚེས1ཉིན་ནས་བཟུང་ནགས་ཚལ་གྱི་ཁྲིམས་འགལ་སྒྲིག་འགལ་ངང་ཕྱི་རོལ་དུ་མེ་སྤྱོད་རྒྱུ་ལ་ཐེར་འདོན་བྱས་ཚེ་བྱ་དགའ་ཐོབ་རྒྱུ་ཡིན་པ་བཏོན།

  • ཁྲུང་ཆིང་གིས་གཏན་འབེབས་གསར་པ་ལག་བསྟར་བྱས་ནས་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་ཟླ་གསུམ་ཡན་དང་ཡང་ན་སློབ་ཚན60ལས་བརྒལ་བའི་འགྲོ་གྲོན་བསྡུ་མི་ཆོག་པ་གཏན་འབེབས་བྱས།

དེ་རིང་གི་གནམ་གཤིས།

13.png

  • ཞིན་ཅང་གི་ནུབ་རྒྱུད་དང་། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་ལྷོའི་རྒྱུད། མཚོ་སྔོན་གྱི་དབུས་ལྷོའི་རྒྱུད་དང་བྱང་ཤར་རྒྱུད། ཀན་སུའུ་ཡི་ནུབ་རྒྱུད། ཁྲོན་ནུབ་མཐོ་སྒང་གི་བྱང་རྒྱུད། ནང་སོག་གི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཁ་བ་ཆུང་བ་ནས་འབྲིང་བ་བར་རམ་ཡང་ན་ཆར་པ་འབབ་རྒྱུ་ཡིན། དེའི་ཁྲོད་བོད་ལྗོངས་ཀྱི་བྱང་རྒྱུད་དང་མཚོ་སྔོན་ཤར་རྒྱུད་སོགས་ས་ཁུལ་དུ་ཁ་བ་ཆེན་པོ་འབབ་པ་དང་། ལིའོ་ཉིང་གི་དབུས་ཤར་རྒྱུད་དང་། ཅི་ལིན་གྱི་ལྷོ་རྒྱུད། ཧོ་ནན་གྱི་ནུབ་རྒྱུད། ཧྲའན་ཞིའི་ལྷོ་ནུབ་རྒྱུད། ཀན་སུའུ་ཡི་ལྷོ་ནུབ་རྒྱུད། སི་ཁྲོན་གྱི་བྱང་རྒྱུད། ཀོང་ཏུང་གི་ས་ཆ་མང་ཆེ་བ། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན། དེའི་ཁྲོད་ཀོང་ཏུང་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད་དང་ཧའེ་ནན་གླིང་ཕྲན་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་ཏུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།