དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2023ལོའི་མཚོ་བྱང་ཁུལ་གྱི་རྐང་ཐང་བསྐྱོད་མཐོ་སར་འཛེག་པའི་མུ་འབྲེལ་བྱ་འགུལ་གྱི་གསར་འགྱུར་ཡོངས་སྒྲོག་ཚོགས་འདུ་ཟི་ལིང་དུ་འཚོགས།

2023-10-18 08:54:51   |   4040

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ10པའི་ཚེས17ཉིན།  “གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་གང་ལེགས་བྱེད། དགུ་པའི་ཚེས་དགུའི་སྲོལ་རྒྱུན་དར་སྤེལ་གཏོང་། དག་སྣང་མཚོ་བྱང་པང་བར་རྐང་ཐང་བསྐྱོད”ཅེས་པ་བརྗོད་དོན་ཡིན་པའི2023ལོའི་མཚོ་བྱང་ཁུལ་གྱི་རྐང་ཐང་བསྐྱོད་མཐོ་སར་འཛེག་པའི་མུ་འབྲེལ་བྱ་འགུལ་གྱི་གསར་འགྱུར་ཡོངས་སྒྲོག་ཚོགས་འདུ་ཟི་ལིང་དུ་འཚོགས། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་མཚོ་བྱང་ཁུལ་གྱི་རྐང་ཐང་བསྐྱོད་མཐོ་སར་འཛེག་པའི་མུ་འབྲེལ་བྱ་འགུལ་གྱི་སྤྱིའི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཁུལ་ཐད་གཏོགས་དང་མིན་ཡོན། ཆི་ལེན། རྐང་ཚ། ཧའེ་ཡན་བཅས་རྫོང་བཞིའི་འབྲེལ་ཡོད་འགན་འཁུར་པས་སོ་སོར་མཐོ་སར་འཛེག་པའི་བརྗོད་དོན་དང་གྲ་སྒྲིག་བྱས་པའི་གནས་ཚུལ། འགྲན་སྡུར་ལམ་ཐིག བྱ་དགའི་དངུལ་བཀོད་སྒྲིག་དང་བདེ་འཇགས་འགན་ལེན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས།

1.jpg

མཚོ་བྱང་ཁུལ་གྱི་རྒྱབ་ཕྱོགས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་དང་མདུན་ཕྱོགས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་ལ་གཏད་ཡོད་ཅིང་། “མདོ་ལ་རི་ཡིས་ཕྱུག་པ་དང་རྐང་ཚ་མཚོ་ཡིས་ཕྱུག་པའི”མཚན་སྙན་ལྡན་ལ། “རླབས་ཕྲེང་དགུང་དུ་འཕྱུར་བའི་མཚོ་སྔོན་པོ་དང་མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ” “ནོར་གནག་དང་བོད་ལུག”སོགས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ཡོད་པ་དང་། མཛེས་སྡུག་ལྡན་པའི་རི་ཆུའི་བར་ནས་མཚོ་བྱང་ཁུལ་གྱིས་རྐང་ཐང་བསྐྱོད་མཐོ་སར་འཛེག་པའི་འགྲན་སྡུར་བྱ་འགུལ་སྤེལ་རྒྱུའི་ཐག་བཅད་ལ། ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་དང་ལུས་རྩལ་བྱ་བའི་ཐད་ཀྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཧུར་ཐག་སྒོས་དེའི་ནང་ཞུགས་པ་དང་ཞབས་ཞུར་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན།“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱེད་པ། དམར་དམག་ནུབ་ལམ་དམག་གི་གཏམ་རྒྱུད་ཡག་པོར་འཆད་པ་བཅས་བྱས་ཏེ་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་ཆས་རྟགས་བཏོད་དེ་ཕྱི་རོལ་ལུས་རྩལ་ཁྱབ་གདལ་དང་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས“ལུས་རྩལ+”འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

2.jpg

མ་རུའུ་ཞང་གིས་བྱ་འགུལ་གྲ་སྒྲིག་གནས་ཚུལ་ངོ་སྤྲོད་བྱེད་སྐབས་བཤད་རྒྱུར། ཐེངས་འདིའི་རྐང་ཐང་འགྲན་སྡུར་གོ་རིམ་ལྡན་པའི་ངང་སྤེལ་བ་དང་ཕན་འབྲས་དངོས་ཐོབ་རྒྱུར་འགན་ལེན་བྱ་ཆེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་སྐོང་འཐེན་བྱས་ཤིང་། ཆེད་དོན་ཚོགས་འདུ་འཚོགས་ནས་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། མཚོ་བྱང་ཁུལ་གྱི་དགུ་པའི་ཚེས་དགུའི་དུས་ཆེན་སྐབས་རྐང་ཐང་བསྐྱོད་མཐོ་སར་འཛེག་པའི་བྱ་འགུལ་གྱི་རྩ་འཛུགས་ཨུ་ཡོན་ལྷན་ཁང་བཙུགས་ཏེ《 2023ལོར་མཚོ་བྱང་ཁུལ་གྱི་རྐང་ཐང་བསྐྱོད་མཐོ་སར་འཛེགས་པའི་མུ་འབྲེལ་བྱ་འགུལ་སྤེལ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》དཔར་འགྲེམས་བྱས་ནས་བྱ་འགུལ་ཇུས་གཞི་བཟོས་པ་དང་ལས་འགན་ཁ་གསལ་བཏོན་པ། བྱ་འགུལ་གྱི་འགྲོ་གྲོན་དོན་འཁྱོལ་བཅས་བྱས་ཏེ་མཚོ་བྱང་ཁུལ་གྱི་རྐང་ཐང་བསྐྱོད་མཐོ་སར་འཛེག་པའི་བྱ་འགུལ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱས་ཡོད་ལ། རྫོང་བཞིའི་སྲིད་གཞུང་གིས་དང་ལེན་ཧུར་ཐག་དང་མགྱོགས་མྱུར་ངང་འགུལ་སྐྱོད་སྤེལ་ཏེ་སྔ་མོ་ནས་ཇུས་འགོད་དང་། བྱ་འགུལ་ཇུས་གཞི་ཞིབ་འཇུག་གཏན་འབེབས་བྱེད་པ། བྱ་འགུལ་མགོ་ཁྲིད་ཚན་ཆུང་རྩ་འཛུགས་བྱེད་པ། བདེ་འཇགས་འགན་ལེན་དང་དྲིལ་སྒྲོག་ཇུས་འགོད་སོགས་ཀྱི་ཐད་ནས་བྱ་འགུལ་ལ་གཅིག་འདོམས་བྱས་པ་དང་། ལས་འགན་ལ་གཞིགས་ནས་ཕྱོགས་བསྡུས་མཐུན་སྦྱོར་དང་འགྲན་སྡུར། དྲིལ་སྒྲོག རྒྱབ་ཕྱོགས་མཁོ་སྒྲུབ་དང་སྨན་བཅོས་འགན་ལེན་སོགས་ཀྱི་བྱ་བའི་ཚན་ཆུང་བཙུགས་ཏེ་ལས་འགན་ཁ་གསལ་དང་འགན་འཁྲི་ནན་དཀྲི་བྱས་ནས་བྱ་འགུལ་མགོ་མཇུག་ཚང་བར་བྱས་ཏེ། ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས།

3.jpg

  ཤེས་རྟོགས་བྱུང་བར་ལྟར་ན། ཐེངས་འདིའི་བྱ་འགུལ་སྟེང“གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་གང་ལེགས་བྱེད། དགུ་པའི་ཚེས་དགུའི་སྲོལ་རྒྱུན་དར་སྤེལ་གཏོང་། དག་སྣང་མཚོ་བྱང་པང་བར་རྐང་ཐང་བསྐྱོད་ཅེས་པ2023ལོའི་མཚོ་བྱང་ཁུལ་གྱི་མདོ་ལ་རི་བོ·མཚོ་སྔོན་པོར་རྐང་ཐང་དུ་བསྐྱོད་པའི་འགྲན་སྡུར་གྱི་སྤྱིའི་བརྗོད་དོན་ཡིན་ལ། དེའི་ཁྲོད། ཁུལ་ཐད་གཏོགས་ཀྱིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་། མཚོ་སྔོན་པོ་སྨོན་ལམ་མཐོན་པོར་རྐང་ཐང་དུ་བསྐྱོད་ཅེས་པ2023ལོའི་ཁུལ་ཐད་གཏོགས་ཀྱི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྐང་ཐང་དུ་བསྐྱོད་པའི་འགྲན་སྡུར་གྱི་བརྗོད་དོན་དུ་བཟུང་ཡོད་པ་དང་། མིན་ཡོན་རྫོང་གིས“རི་གཉིས”ཀྱི་རིགས་པའི་གཞུང་ལུགས་ལག་བསྟར་བྱེད་པ་དང་། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སེམས་ཉིད་ནགས་རར་རྐང་ཐང་དུ་བསྐྱོད་ཅེས་པ2023ལོའི་མིན་ཡོན་གྱི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྐང་ཐང་དུ་བསྐྱོད་པའི་འགྲན་སྡུར་གྱི་བརྗོད་དོན་དུ་བཟུང་ཡོད། ཆི་ལེན་རྫོང་གིས་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོར་འཆད། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ཨ་མྱེས་སྟོང་སོར་རྐང་ཐང་དུ་བསྐྱོད་ཅེས་པ2023ལོའི་མདོ་ལའི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྐང་ཐང་དུ་བསྐྱོད་པའི་འགྲན་བསྡུར་གྱི་བརྗོད་དོན་དུ་བཟུང་ཡོད། རྐང་ཚ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བཅངས་ནས། མཚོ་སྔོན་པོ་ཆུ་མིག་ལྗོངས་ཁུལ་ལ་རྐང་ཐང་དུ་བསྐྱོད་ཅེས་པ2023ལོའི་རྐང་ཚའི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྐང་ཐང་དུ་བསྐྱོད་པའི་འགྲན་བསྡུར་གྱི་བརྗོད་དོན་དུ་བཟུང་ཡོད། ཧའེ་ཡན་རྫོང་གིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་། མཚོ་སྔོན་པོའི་བྱེ་མ་རྔ་རྡུང་ལ་རྐང་ཐང་དུ་བསྐྱོད་ཅེས་པ2023ལོའི་མདའ་བཞིའི·དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྐང་ཐང་དུ་བསྐྱོད་པའི་འགྲན་སྡུར་གྱི་བརྗོད་དོན་དུ་བཟུང་ཡོད་ཅིང་། འགྲན་སྡུར་གྱི་ལམ་དུམ་སོ་སོར་སྨོན་ལམ་མཐོན་པོའི་སྒར་འདེབས་རྟེན་གཞི་དང་། མིན་ཡོན་གྱི་ཀྱུ་ཡངས་ལུང་པ་ལྗོངས་ཁུལ། ཆི་ལེན་གྱི་ཨ་མྱེས་སྟོང་སོ། རྐང་ཚའི་ཆུ་མིག་ཁུག ཧའེ་ཡན་གྱི་བྱེ་མ་རྔ་རྡུང་མཚོ་གཟིགས་སྒར་འདེབས་རྟེན་གཞི་སོགས་ལྗོངས་ཁུལ་དུ་བཙུགས་ཡོད་པ་དང་། འགྲན་སྡུར་ལམ་དུམ་སོ་སོའི་ཁོར་ཡུག་མཛེས་ཤིང་གནས་ཡུལ་ཡག་ལ། ས་ཆུ་འཕྲོད་པས་རྐང་ཐང་བྱ་འགུལ་སྤེལ་བར་ཐུན་མོང་མ་ཡིན་པའི་ས་ཁོངས་ཀྱི་དགེ་མཚན་འཛོམས་ཡོད།

4.jpg

མི་དམངས་ཉིན་རེའི་ཚགས་པར་དང་མི་དམངས་དྲ་བ། ཞིན་ཧྭ་གསར་འགྱུར་ཁང་། ཞིན་ཧྭ་དྲ་བ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཀྲུང་གོའི་གསར་འགྱུར་ཁང་སོགས་མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ནུབ་མཚོ་གྲོང་ཁྱེར་ཚགས་པར། ཟི་ལིང་དགོང་དྲོ་ཚགས་པར། མདོ་ལ་ཚགས་པར་ཁང་། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མིན་ཡོན་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས། ཆི་ལེན་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས། ཧའེ་ཡན་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས་སོགས་སྨྱན་བྱད་ལས་ཁུངས18ཀྱི་གསར་འགོད་པ་གསར་འགྱུར་ཡོངས་སྒྲོག་ཚོགས་འདུར་ཞུགས་ཡོད། །


མཉམ་སྤྱོད།