དེ་རིང་ནི2025ལོའི་ཟླ06པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལའི་གསར་ཞུགས་ཏང་ཡོན་གྱི་གསོ་སྦྱོང་འཛིན་གྲྭ་བསྡུས།

2023-10-18 09:27:19   |   3572

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


རྫོང་ཡོངས་གོང་འོག་ཀུན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་སློབ་གསོར་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་ཀྱིན་པའི་གལ་ཆེའི་དུས་སྐབས་འདིར། ཟླ10བའི་ཚེས17ཉིན། རྫོང་ཨུའི་རྩ་འཛུགས་པུའུ་དང་རྫོང་ཨུའི་ཏང་གི་སློབ་གྲྭས་མཉམ་འབྲེལ་སྒོས་བསྒྲུབས་པའི་གསར་ཞུགས་ཏང་ཡོན་དང་ཏང་ཞུགས་ཧུར་བརྩོན་མི་སྣའི་གསོ་སྦྱོང་རྫོང་ཨུའི་ཏང་གི་སློབ་གྲྭར་མགོ་ཚུགས། རྫོང་ཐད་གཏོགས་ལས་ཁུངས་བཟོ་ཚོགས་དང་རྫོང་སློབ་གསོ་ཅུ། རྫོང་ཨུའི“གསར་གཉིས”བཟོ་ཨུ་བཅས་ཀྱི་གསར་ཞུགས་ཏང་ཡོན་དང་ཏང་ཞུགས་ཧུར་བརྩོན་མི་སྣ67གསོ་སྦྱོང་ལ་ཞུགས།

微信图片_20231018153050.jpg

མགོ་ཚུགས་མཛད་སྒོའི་ཐོག རྫོང་ཨུའི་ཏང་གི་སློབ་གྲྭའི་འགན་ཁུར་བས་མགོ་ཚུགས་གཏམ་བཤད་སྤེལ་བ་དང་། ཐེངས་འདིའི་གསོ་སྦྱོང་ལ་བླང་བྱ་ཁ་གསལ་བཏོན། སློབ་ཞུགས་པ་ཡོངས་ཀྱིས་ཐེངས་འདིའི་གསོ་སྦྱོང་སྤེལ་བའི་གལ་ཆེའི་དོན་སྙིང་ཤེས་རྟོགས་འཐུས་ཚང་བྱེད་དགོས་པ་དང་། གསོ་སྦྱོང་གི་སྒྲིག་ལམ་ཤུགས་དྲག་ཏུ་གཏོང་བ། སློབ་སྦྱོང་གི་རྣམ་འགྱུར་དང་ཏང་ཞུགས་ཀུན་སློང་ཡོ་བསྲང་བྱེད་པ། ཐེངས་འདིའི་སློབ་གསོའི་གསོ་སྦྱོང་ལ་གཟབ་ནན་གྱི་ལྟ་སྟངས་འཛིན་པ། སློབ་གསོའི་གསོ་སྦྱོང་གི་སློབ་སྦྱོང་ཕན་འབྲས་ལ་ཁག་ཐེག་ཏན་ཏིག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན། སློབ་ཞུགས་པ་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། ཏང་གི་གཞི་རྩའི་ཤེས་བྱ་དང་གཞི་རྩའི་གཞུང་ལུགས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཤེས་རྟོགས་བྱེད་དགོས་ལ། ཏང་གི་ཕུགས་འདུན་དད་མོས་དང་ཏང་གཤིས་འདུ་ཤེས་སྔར་བས་སྲ་བརྟན་དུ་གཏོང་བ་དང་། སྲིད་ཇུས་གཞུང་ལུགས་ཀྱི་ཆུ་ཚད་དང་བསམ་བློའི་ཆབ་སྲིད་ཀྱི་སྤུས་ཚད་མཐོར་འདེགས་སུ་བཏང་སྟེ། བསླབས་པ་དོན་དང་ལྡན་པ་དང་བསླབས་པ་འབྲས་བུ་དང་ལྡན་པ། བསླབས་པ་ཕན་པ་དང་ལྡན་པར་ཁག་ཐེག་བྱས་ཐོག བྱ་བ་དང་སློབ་སྦྱོང་། འཚོ་བ་སོགས་ཀྱི་ཐད་ནས་མིག་དཔེར་འགྲེངས་ཏེ། ཀྲུང་གོ་གུང་ཁྲན་ཏང་ཡོན་ཚད་ལྡན་ཞིག་བྱེད་པར་རྨང་གཞི་སྲ་བརྟན་འདིང་དགོས།ཐེངས་འདིའི་གསོ་སྦྱོང་ཚོགས་ཡུན་ཉིན༣ཡིན་ཞིང་། ཕྱོགས་ཡོངས་ལས་བྲལ་གྱི་གཅིག་བསྡུས་རྣམ་པའི་གསོ་སྦྱོང་སྤེལ། གསོ་སྦྱོང་གི་ནང་དོན་ནི་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། «ཏང་ཡོན་འཕེལ་རྒྱས་ལས་དོན་གྱི་ལས་རིམ་དང་མཉམ་འཇོག་བྱ་ཡུལ» «དུས་སྐབས་གསར་བའི་འདུ་ཤེས་འཛིན་སྟངས་ལས་དོན་ཅི་ལྟར་ལེགས་པར་སྒྲུབ་ཚུལ» མི་རིགས་མཐུན་སྒྲིལ་དང་ཏང་སྲོལ་སྲིད་གཙང་སློབ་གསོ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། གྲོང་གསེབ་དར་སྤེལ་སོགས་ཀྱི་སློབ་ཁྲིད་ཡིན། གསོ་སྦྱོང་སྐབས་ཆེད་དོན་འཆད་ཁྲིད་དང་བརྗེ་རེས་དཔྱད་གླེང་། ཡུལ་དངོས་སློབ་ཁྲིད་སོགས་ཀྱི་རྣམ་པས་སློབ་ཁྲིད་བྱེད་སྒོ་སྤེལ་བ་དང་། རྩ་དོན་ནི་གསར་ཞུགས་ཏང་ཡོན་དང་ཏང་ཞུགས་ཧུར་བརྩོན་མི་སྣའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་སྔར་བས་ཤུགས་དྲག་ཏུ་གཏོང་བ་དང་། འགན་འཁྲིའི་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་བརྟན་པོ་ཆགས་པར་བྱེད་པ་བཅས། ལས་གནས་ཀྱི་འགན་འཁྲི་བསྒྲུབ་པར་མཁོ་བའི་ཤེས་བྱ་དང་རྩལ་ནུས་ལ་རྒྱུས་ལོན་ཤེས་རྟོགས་བྱེད་པའི་ཆེད་དུ་ཡིན།གསར་ཞུགས་ཏང་ཡོན་དང་ཏང་ཞུགས་ཧུར་བརྩོན་མི་སྣས་གཅིག་རྗེས་གཉིས་མཐུད་དུ་བརྗོད་དོན། ངེས་པར་དུ་གསོ་སྦྱོང་གི་སྒྲིག་ལམ་ནན་མོར་བསྲུང་རྒྱུ་ཡིན་ལ། སློབ་གསོའི་གསོ་སྦྱོང་ལ་ནན་ཏན་ངང་ཞུགས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་གྲུབ་འབྲས་གསར་བས་བསམ་བློར་དྲག་ཆས་སྤྲས་ཤིང་། བསམ་བློའི་གཙང་འཁྲུད་དང་དུ་བླངས་ཐོག ཁ་ལག་གོ་མཚུངས་སྒོས་བསམ་བློའི་ཐོག་ཏང་ལ་ཞུགས་པ་དང་བྱ་སྤྱོད་ཐད་ཚད་གཞིར་མཐུན་པར་བྱེད་དགོས། དེ་དང་ཆབས་ཅིག བསླབས་པ་གོ་ཆོད་དུ་བྱས་ནས་སོ་སོའི་ལས་ཀ་དང་སློབ་སྦྱོང་ལ་ཟུང་དུ་འབྲེལ་ཞིང་། སློབ་གསོའི་གསོ་སྦྱོང་གིས་བསླངས་པའི་ངར་ཤུགས་དེ་མདོ་ལའི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགུལ་ཤུགས་དྲག་པོ་རུ་མངོན་སུམ་གྱིས་བསྒྱུར་དགོས།


མཉམ་སྤྱོད།