དེ་རིང་ནི2025ལོའི་ཟླ05པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧོར་རྡོ་བརྐོས་སྒྱུ་རྩལ་རྒྱུད་འཛིན་པའི་གསོ་སྦྱོང་འཛིན་གྲྭ་བསྡུས།

2023-10-18 15:31:05   |   1774

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ10བའི་ཚེས16ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རིག་གནས་ཁང་གིས་མཚོསྔོན་མི་རིགས་སློབ་ཆེན་གྱི་སྒྱུ་རྩལ་སློབ་གླིང་དང་མཉམ་འབྲེལ་སྒོས་རྩེ་ཁོག་རྫོང་གི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་སྟེ། ཧོར་རྡོ་བརྐོས་སྒྱུ་རྩལ་རྒྱུད་འཛིན་པའི་གསོ་སྦྱོང་འཛིན་གྲྭ་བསྡུས། 

微信图片_20231018153851.jpg

གསར་འགོད་པའི་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རིག་གནས་ཁང་གིས་ས་གནས་ཀྱི་ཁྱད་ལྡན་རིག་གནས་ཐོན་ཁུངས་སྔོག་འདོན་དང་། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་། སྒོས་སུ་ཧོར་རྡོ་བརྐོས་རིག་གནས་ལས་རིགས་གོང་སྤེལ་དུ་གཏོང་བར་འབད་པ་ལྷུར་ལེན་བྱེད་བཞིན་ཡོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་ཀྱི་གོ་སྐབས་ཡག་པོ་དང་བསྟུན་ནས། སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་ཐད་ལས་དོན་མང་པོ་བསྒྲུབས་ཏེ་གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད། ཐེངས་འདིར་ཁོ་ཚོས་བོད་ཀྱི་སྲོལ་རྒྱུན་རིག་གནས་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་ཆེད་དུ་གསོ་སྦྱོང་འཛིན་གྲྭ་བསྡུས་པ་རེད། རེབ་འདིའི་གསོ་སྦྱོང་འཛིན་གྲྭར་ཁྱོན་ཧོར་རྡོ་བསྐོས་རིག་གནས་སྒྱུ་རྩལ་གྱི་རྒྱུད་འཛིན་པ20ལྷག་ཞུགས་ཡོད་ཅིང་། མ་འོངས་པའི་ཉིན་བཞིའི་རིང་། སློབ་མ་ཡོངས་ཀྱིས་གསོ་སྦྱོང་གི་གོ་སྐབས་ལེགས་པོ་བེད་སྤྱད་དེ།གཞུང་ལུགས་སློབ་ཁྲིད་དང་། ལག་ལེན་དངོས་ཀྱི་སློབ་ཁྲིད། བརྩམས་ཆོས་འགྲེམ་སྟོན། ཉམས་མྱོང་བརྗེ་རེས་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་དེ་རང་ཉིད་ཀྱི་རྡོ་བརྐོས་ལག་རྩལ་ཇེ་མཐོར་གཏོང་བ་དང་། ལྟ་རྒྱ་མཐོང་རྒྱ་བསྐྱེད་པ། དགེ་སློབ་བར་གྱི་བསམ་བློ་བརྗེ་རེས། རྡོ་བསྐོས་སྒྱུ་རྩལ་གྱི་གཞུང་ལུགས་ལ་སློབ་སྦྱོང་ངེས་ཅན་བྱས་ཏེ་རང་ཉིད་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་རེད། །

微信图片_20231018153856.jpg


མཉམ་སྤྱོད།