དེ་རིང་ནི2025ལོའི་ཟླ05པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

པིར་གྱིས་བཞེངས་འདྲའི་འཇུ་ལག་སེམས་ཉིད་ཀྱི་སྟོན་ལྗོངས།

2023-10-18 15:57:32   |   3027

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ་བཅུ་པའི་རབ་མཛེས་མཚོ་སྔོན་གྱི་ས་ཆ་གང་ས་ནི་པིར་གྱིས་བཞེངས་པ་དང་ཀུན་ནས་མཚུངས། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འཇུ་ལག་རྫོང་དུ་རབ་མཛེས་སྟོན་ལྗོངས་ཀྱི་མཛེས་པ་ཉམས་སུ་མྱོང་སའི་གནས་ཤིག་ཡོད་དེ། དེ་ནི་འཇུ་ལག་སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ཡིན། སྤྱི་གླིང་དུ་འཛུལ་བ་ན། མིག་གི་མཛེས་པ་འཕྲོག་པའི་སྟོན་ལྗོངས་ནི་པིར་གྱིས་བཞེངས་པའི་རི་མོ་དང་མཚུངས་ཤིང་། དེ་ཡིས་གནས་སྐོར་བ་མང་པོའི་མིག་གི་དབང་བོ་འཕྲོག་ཡོད་ཅིང་། ས་ཆ་གཞན་གྱི་གནས་སྐོར་བ་མང་པོས་ཀྱང་མཛེས་པའི་གཏམ་ཐོས་ཏེ་མུ་མཐུད་དུ་གནས་འདིར་ཁ་ཕྱོགས་བཞིན་ཡོད་དོ། །


མཉམ་སྤྱོད།