དེ་རིང་ནི2025ལོའི་ཟླ05པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-10-19 08:13:24   |   2488

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།    བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.png

  • ཟླ10ཚེས18ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མི་དམངས་ཚོགས་ཁང་ཆེ་མོར་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ《སྒོ་དབྱེ་བསྟུན་མཁས་དང་། ཕན་ཚུན་སྦྲེལ་མཐུད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཛམ་གླིང་བསྐྲུན་དགོས》ཞེས་མགོ་བརྗོད་དུ་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད།

2.png

  • ཟླ10ཚེས18ཉིན་གྱི་ཉིན་དགུང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཞུགས་མཁན་གྱི་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་།

3.png

  • ཟླ10ཚེས18ཉིན་གྱི་མཚན་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཞུགས་མཁན་གྱི་ཨ་གིན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སི་དང་མཇལ་འཛོམས་གནང་།

4.png

  • ཟླ10ཚེས18ཉིན་གྱི་མཚན་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཞུགས་མཁན་གྱི་ཁེ་ཉི་ཡའི་ཙུང་ཐུང་ལུའུ་ཐུའོ་དང་མཇལ་འཛོམས་གནང་།

5.png

  • ཟླ10ཚེས18ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཞུགས་མཁན་གྱི་ནི་ཇེ་རི་ཡའི་ཙུང་ཐུང་གཞོན་པ་ཞེ་ཏེ་མཱ་དང་མཇལ་འཛོམས་གནང་།

6.png

  • ཟླ10ཚེས18ཉིན་གྱི་མཚན་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཞུགས་མཁན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་མཇལ་འཛོམས་གནང་།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར913027ཟིན་པ་དེ་དུས་མཚུངས་ལས5.2%འཕར་ཡོད།

  • གྲངས་གཞི་ལས་མངོན་པར། ཟླ་དགུ་པར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས4.5%དངོས་སུ་འཕར།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དགུ་པར་རང་རྒྱལ་གྱི་སྐྱེལ་འདྲེན་ཐོན་སྐྱེད་སྟོན་གྲངས་དུས་མཚུངས་ལས20.9%འཕར་བ་དང་སྐྱེལ་འདྲེན་ཐོན་སྐྱེད་བརྟན་པོའི་ངང་སླར་གསོ་ཐུབ་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

  • ཕྱི་འབྲེལ་པུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་མཛའ་གྲོགས་རྒྱལ་ཁབ་ཀྱིས་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་བྱེད་པའི་ཐུན་མོང་གཏམ་བཤད་སྤེལ་བའི་ཐད་ནུབ་ཕྱོགས་རྒྱལ་ཁབ་ཉུང་ཤས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་ལྐོག་གཡོ་དེ་མི་སེམས་ལ་མི་འབབ་པ་དང་ཕམ་ཉེས་ཡོང་ངེས་རེད་ཅེས་བཤད།

སྤྱི་ཚོགས།

  • ཚེས18ཉིན། ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང16པ“སན་པ”ཐོན་པ་དང་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཀོང་ཏུང་དང་། ཀོང་ཞི། ཧའེ་ནན་བཅས་ལ་དམིགས་ནས་འབྲུབ་འགོག་རྒྱ་མཚོའི་རླུང་འཚུབ་འགོག་པའི་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་བྱེད་མགོ་ཚུགས་པ་རེད།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཚེས18ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་དགུ་པར་ཀྲུང་གོས་འཇར་པན་ནས་ནང་འདྲེན་བྱས་པའི་ཆུའི་ཐོན་རྫས་རྩ་བ་ནས་མེད་པར་གྱུར།

7.png

  • ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་རྡོ་གཡམ་རླངས་ཞིང་ཆེ་གྲས་དང་པོ་ཕུའུ་ལིང་རྡོ་གཡམ་རླངས་ཞིང་གིས་ད་ལོ་རྡོ་སྣུམ་ཏུན་ཁྲི1.5ལྷག་ཙམ་ཐོན་ཡོད་པ་རེད།

  • ཚེས18ཉིན་ཀྲུང་གོ་ཁྲོམ་འགྲེམ་སྤྱི་གཉེར་མཐུན་ཚོགས་ཀྱིས་ཧྲང་ཧའེ་དང་ཧྲེན་ཀྲེན་གྲོང་ཁྱེར་གཉིས་ཀྱི་ཁྲོམ་འགྲེམ་སྤྱི་གཉེར162ཀྱིས་2023ལོའི་དུས་དཀྱིལ་དུ་དངུལ་སྨར་ཁེ་སྤོགས་བགོ་བའི་སྔོན་ཇུས་ཁྱབ་བསྒྲགས་བྱས་པ་དང་། ཁེ་སྤོགས་བགོ་བའི་གྲངས་འབོར་ན་ནིང་གི་དུས་མཚུངས་ལས64%འཕར་ཡོད།

  • ཚེས18ཉིན་འཛམ་གླིང་ཚན་རིག་འཕྲུལ་སྣང་ཚོགས་ཆེན་སྐབས81པ་ཁྲེང་ཏུའུ་རུ་འཚོགས་ཤིང་། ཚོགས་ཆེན་སྐབས་ཚན་རིག་འཕྲུལ་སྣང་རྩོམ་རིག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་བྱ་དགའ་ཆེན་པོ་ཡུས་ཀོ་བྱ་དགའ་ཡོངས་བསྒྲགས་བྱ་རྒྱུ་རེད།

  • ཚེས18ཉིན་ཀྲུང་གོའི་འབྲུ་རིགས་གསོག་འཇོག་དོ་དམ་གྱིས་གསལ་བསྒྲགས་སྤེལ་ནས་སྨྱན་སྦྱོར་ཚན་པས་ཁྱབ་བསྒྲགས་བྱས་པའི“ཀྲུང་གོའི་འབྲུ་རིགས་གསོག་འཇོག་དོ་དམ་གྱིས་མ་རྨོས་ལོ་ཏོག་ཉོ་སྒྲུབ་བྱེད་མཚམས་འཇོག་པའི”ཆ་འཕྲིན་དངོས་དང་མི་མཐུན་པར་གསོག་འཇོག་རེས་འཁོར་ཉོ་སྒྲུབ་ལས་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་བསྟན།

  • ཚེས18ཉིན། སྐབས་དང་པོའི་རྒྱལ་ཡོངས་སློབ་མའི(གཞོན་ནུ)ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པ་ཁག་དང་པོ་ཀོང་ཞིའི་ནན་ཉིང་ལུས་རྩལ་པའི་གྲོང་ཚོར་བསྡད་པ་རེད།

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ཀླད་པའི་ཉིང་ལྷེབ་ཁྱབ་ཁོངས་སུ་འཕེལ་རྒྱས་གསར་པ་བྱུང་བ་དང་ཞིབ་འཇུག་གྲུབ་འབྲས་ཉེ་ཆར་རྒྱལ་སྤྱིའི་རིག་གཞུང་དུས་དེབ《ཚན་རིག་འཕེལ་རྒྱས》སྟེང་དུ་སྤེལ།

8.png

  • ཧོ་པེ་ཧན་ཏན་གྱི་ལོ32ལ་སླེབས་པའི་གྲོང་རྡལ་གྱི་སྨན་པ་ཅི་ཕེང་ཧྥེ་ཡིས་ཉིན་ལྟར་སྤྱི་ལེ3རྒྱུག་པ་དང་། བཟའ་བཏུང་ཚོད་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱ་མ40ཉུང་དུ་བཏང་རྗེས་ཁྲག་སྐྱེད་ཕྲ་ཕུང་སྐམ་པོའི་མཉམ་བསྲེས་གཤེར་ཁུ380mlཞལ་འདེབས་ཕུལ་ནས་ཁྲག་ནད་ཕོག་མཁན་ཞིག་ལ་རོགས་སྐྱོབ་བྱས།

སྲིད་ཇུས།

  • ཧྲན་ཏུང་གིས་ཇུས་གཞི་པར་འགྲེམས་བྱས་ནས་ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་གིས་མཐོ་སློབ་དང་ཚན་ཞིབ་ཁང་ལ་མཉམ་འབྲེལ་བྱས་ཏེ་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་དང་གྲུབ་འབྲས་གཞན་སྒྱུར་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། རྣམ་གྲངས་རྐྱང་པའི་ནོར་སྲིད་ཀྱི་མ་དངུལ་སྒོར་ཁྲི1500ལས་བརྒལ་མི་ཆོག་པ་གཏན་འབེབས་བྱས།

  • ཨན་ཧུའེ་ཡིས་ཇུས་གཞི་ཁྱབ་བསྒྲགས་བྱས་ནས་གསར་དུ་བསྐྲུན་པའི་མྱུར་བགྲོད་གཞུང་ལམ་ཞབས་ཞུ་ཁུལ་དུ་རླངས་འཁོར་འཇོག་གནས་སྡོམ་འབོར་གྱི50%ལས་མི་ཉུང་བའི་བསྡུར་ཚད་ལྟར་མགྱོགས་མྱུར་གློག་གསོག་ཡོ་ཆས་འཛུགས་པའམ་ཡང་ན་གློག་གསོག་སྒྲིག་ཆས་ཀྱི་མཐུད་ཁ་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན།

  • ཧྲང་ཧའེ་ཡིས་བརྡ་ཐོ་བཏང་སྟེ་ལས་བཟོའི་ཁྱིམ་ཚང་གི་མིང་ཐོག་ནས་ཧྲང་ཧའེ་གྲོང་ཁྱེར་དེ་གར་སྡོད་ཁང་མེད་པ་དང་། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་ཐེངས་དང་པོ་གཙང་འཇལ་བྱས་ཟིན་རིགས་ལ་སྡོད་ཁང་ཐོག་མ་ཡིན་པར་གཏན་འཁེལ་བྱ་རྒྱུ་ཁ་གསལ་བཏོན།

དེ་རིང་གི་གནམ་གཤིས།

9.png

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཞིན་ཅང་གི་ལྷོ་ནུབ་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད་དང་ཤར་རྒྱུད། ཀན་སུའུ་ཡི་ནུབ་རྒྱུད། ཁྲོན་ནུབ་མཐོ་སྒང་གི་བྱང་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཁ་བ་ཆུང་བ་ནས་འབྲིང་བ་བར་རམ་ཡང་ན་འདྲེས་མ་འབབ་རྒྱུ་ཡིན། ཅི་ལིན་གྱི་དབུས་རྒྱུད་དང་། ཧྲའན་ཞིའི་ལྷོ་ནུབ་རྒྱུད། ཧོ་ནན་གྱི་ནུབ་རྒྱུད། ཧུའུ་པེའི་བྱང་རྒྱུད། སི་ཁྲོན་གྱི་ཤར་རྒྱུད། ཁྲུང་ཆིན་གྱི་བྱང་རྒྱུད་དང་ནུབ་རྒྱུད། ཀོང་ཞིའི་ཤར་རྒྱུད། ཀོང་ཏུང་གི་ས་ཆ་མང་ཆེ་བ། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན།


མཉམ་སྤྱོད།