དེ་རིང་ནི2025ལོའི་ཟླ05པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཡོངས་ཀྱི་སྤུས་ཚད་དང་ཚད་ལྡན་ཅན་གྱི་བྱ་བའི་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭ་རུ་འཚོགས།

2023-10-19 11:40:04   |   4285

      སྒྲིག་སྒྱུར།  དམ་ཆོས་བསམ་འགྲུབ།  ཡོང་ཁུངས།  མཚོ་བྱང་ཏང་གི་སློབ་གྲྭ།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


640.jpg

ཟླ10ཚེས18ཉིན།  ཁུལ་ཡོངས་ཀྱི་སྤུས་ཚད་དང་ཚད་ལྡན་ཅན་གྱི་བྱ་བའི་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭར་སློབ་མགོ་ཚུགས། ཁྱོན་སློབ་མ53གསོ་སྦྱོང་ནང་ཞུགས། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ། སྤུས་ཚད་ཀྱིས་ཁུལ་སྟོབས་ཆེ་གཏོང་བའི་ཁུལ་གྱི་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ།  ཁུལ་སྲིད་འཛིན་སློབ་གླིང་གི་གླིང་གཙོ་ཨ་ཁྱུང་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས་ཏེ་སློབ་ཚུགས་འཆད་ཁྲིད་ཐོག་མ་གནང་།  ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའི་ཏང་ཙུའི་ཧྲུའུ་ཅིའམ་ཅུ་ཀྲང་དོན་གྲུབ་ཚེ་རིང་གིས་གསོ་སྦྱོང་སྒྲིག་ཁྲིམས་སྐོར་གྱི་ཁ་བརྡ་བྱས། ཁུལ་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་དང་པོ་མཱ་ཀྲི་ཧྥང་གིས་འཛིན་གྲྭ་མགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་།

640 (1).jpg


མཉམ་སྤྱོད།