དེ་རིང་ནི2025ལོའི་ཟླ05པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་འཇུ་ལག་རྫོང་དང་མདོ་ལ་རྫོང་དུ་རྟོག་ཞིབ་གནང་།

2023-10-19 15:23:02   |   3599

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་། 


1.jpg

ཟླ10པའི་ཚེས16ཉིན་ནས་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་འཇུ་ལག་རྫོང་དང་མདོ་ལ་རྫོང་དུ་བསྐྱོད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གྲོང་གསེབ་གནས་སྐོར་འཕེལ་རྒྱས་སོགས་ཀྱི་བྱ་བར་རྟོག་ཞིབ་གནང་།   

微信图片_20231019150928.jpg

ཤ་བོ་སྐྱབས་ཀྱིས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་འཇུ་ལག་སེམས་ཉིད་ནགས་རའི་ཆུ་དཀར་ལུང་བ་དང་། མདོ་ལ་ནགས་རའི་ཨ་མྱེས་སྟོང་སོ5Aརིམ་པའི་ལྗོངས་ཁུལ། སྟོང་སོ་ཆེ་བའི་གཞི་གྲངས་ཆེན་མོའི་ལྟེ་གནས་བཅས་སུ་སྐྱེ་ཁམས་བདག་སྐྱོང་པའི་རྒྱུན་གཏན་གྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ནགས་ཚལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་ལ་ལྟ་ཞིབ་དང་།           2023ལོའི་མཚོ་བྱང་ཁུལ་གྱི་མདོ་ལ་རི་བོ·མཚོ་སྔོན་པོར་རྐང་ཐང་དུ་བསྐྱོད་པའི་འགྲན་བསྡུར་གྱི་གྲ་སྒྲིག་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་བར་མ་ཟད་ཞིབ་ཕྲའི་བྱ་བའི་བླང་བྱ་བཏོན།  

2.jpg

ཤ་བོ་སྐྱབས་ཀྱིས་མདོ་ལ་རི་བོ་ལ་ཀྲུང་གོའི་བརླན་སའི་གླིང་ཕྲན་དང་གསའ་ཡི་ཕ་སའི་དམིགས་བསལ་གྱི་མཚན་སྙན་ཡོད་ལ“མདོ་ལ་རི་ཡིས་ཕྱུག་པའི”མཚན་སྙན་ཡང་ལྡན། སྐྱེ་ཁམས་གནས་བབ་ཧ་ཅང་གལ་ཆེན་ཡིན་པས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་མཚོ་བྱང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་ལེན་གཏིང་ཟབ་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་གྲུབ་འབྲས་ཀྱིས“ལྗང་མདོག་སྲུང་ན་རིན་ཐང་གསེར་ལས་ཆེ་བ”དང་མང་ཚོགས་ཀྱི་ཡོང་འབབ་ལ་སྐུལ་འདེད་གཏོང་རྒྱུ་ནི་མིག་སྔར་ཐག་གཅོད་བྱེད་དགོས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཡིན།  རྫོང་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་ངོས་འཛིན་ཟབ་ཏུ་གཏོང་བ་དང་མཉམ་ཤུགས་འགག་སྒྲོལ་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་རྒྱུར་དམིགས་ཏེ་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དཔེ་སྟོན་ཁུལ་བསྐྲུན་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ་སྟེ། གཅིག་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་རྒྱུ་ཁྲིད་སྟོན་དུ་བྱས་ནས་སེམས་ཉིད་དང་འཇུ་ལག མདོ་ལ་ནགས་རའི་དམིགས་བསལ་གྱི་མཛེས་ལྗོངས་ལ་བརྟེན་ནས་གྲོང་གསེབ་ཀྱི་གནས་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། སྒར་འདེབས་དཔལ་འབྱོར་ལ་སྐུལ་མ་གཏོང་བ། ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ། སྡེ་བའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ཇེ་མང་དུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཕྱུག་འགྱུར་ཡོང་བར་བྱེད་དགོས་པ་དང་། གཉིས་ནས་ཕུན་སུམ་ཚོགས་པའི་ནགས་ལས་ཐོན་ཁུངས་ལ་བརྟེན་ནས་ནགས་ཁྲོད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཚན་རིག་དང་མཐུན་པའི་ངང་གླ་སོགས་སྲོག་ཆགས་གསོ་སྤེལ་བྱེད་པ། ནགས་ཚལ་བེད་མེད་ཐོན་ཁུངས་སྤྱད་ནས་སྲོག་ཆགས་སྲུང་སྐྱོབ་ལྟེ་གནས་བཙུགས་ཏེ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱ་བ་སྤེལ་བ་དང་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་གི་ལམ་ཐིག་བཏོད་ནས་ཞིང་ཆེན་ཕྱི་ནང་གི་གནས་སྐོར་བའི་ཡིད་དབང་འགུག་དགོས། གསུམ་ནས་དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྐང་བགྲོད་འགྲན་བསྡུར་བྱེད་པའི་གྲ་སྒྲིག་བྱ་བ་ཡག་པོར་སྒྲུབ་ནས་ནགས་ཁུལ་དུ་བསྐྱོད་དེ་ལམ་ཐིག་ལེགས་འདེམས་བྱེད་པ་དང་། ཕྱོགས་མང་པོ་དཔྱད་གཞིར་བཟུང་སྟེ་འགན་ལེན་བྱ་ཤུགས་ཆེ་རུ་གཏོང་བ། དྲིལ་སྒྲོག་ཤུགས་ཆེན་བྱས་ནས་ཁོར་ཡུག་བཟང་པོ་གཏོད་པ། དུས་བཀག་ལྟར་འཁྲུག་ཆ་དོད་དུ་གཏོང་བ། མཛེས་སྡུག་ལྡན་པའི་ནགས་ཚལ་གྱི་མཛེས་ལྗོངས་དང་བྱང་ཆུབ་པའི་འགྲན་སྲོལ་ལ་བརྟེན་ནས་ཞིང་ཆེན་ཕྱི་ནང་དུ་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་འགྲན་བསྡུར་གྱི་སྤུས་ལེགས་ཆས་རྟགས་གཏོད་དགོས། བཞི་ནས་ནགས་ཁུལ་དུ་སྒེར་གྱི་གང་བྱུང་འཛུགས་སྐྲུན་གྱི་གནད་དོན་བཅོས་སྒྲིག་བྱེད་པའི་བྱ་བ་ཁྱོན་ཡོངས་ནས་སྤེལ་ཏེ་སྒེར་བཙུགས་ར་སྐོར་དང་སྒྲིག་འགལ་ངང་སྟབས་བདེ་ཁང་པ་སྐྲུན་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་བྱས་ནས་ནགས་ཁུལ་གྱི་ཁོར་ཡུག་སྔར་བས་ཇེ་མཛེས་སུ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ལྔ་ནས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཁང་དང་། སྟོང་སོ་ཆེ་བ་གཞི་གྲངས་ཆེན་མོའི་ལྟེ་གནས། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ས་ཚིགས་སོགས་སྒྲིག་གཞིའི་འགན་ནུས་འདོན་སྤེལ་ཡག་པོ་བྱས་ནས། ལས་སྒྲུབ་མི་སྣའི་དོ་དམ་ལམ་ལུགས་ཞིབ་ཚགས་སུ་བཏང་སྟེ་འགྲན་ར་དངགནས་སྐོར་བར་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་ཧུར་ཐག་གིས་མཐོ་རུ་གཏོང་དགོས་པར་བསྟན། 

3.jpg

དེའི་རིང་ལ།  ཤ་བོ་སྐྱབས་མདོ་ལ་གནམ་ཐང་དུ་བསྐྱོད་དེ་རྟོག་ཞིབ་གནང་ཞིང་། གནམ་ཐང་གི་འགན་འཁུར་བློ་མཐུན་དང་ལས་སྒྲུབ་མི་སྣར་བརྗེ་རེས་གཏིང་ཟབ་བྱས་ནས་གནམ་ཐང་གཉེར་སྐྱོང་བྱས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། གནམ་ཐང་དང་མདོ་ལ་རྫོང་དབར་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་མདོ་ལའི་གནས་སྐོར་ལས་རིགས་འཕེལ་རྒྱས་གཏོང་ཤུགས་ལ་བརྟེན་ནས་དུས་གཏན་གནམ་གྲུ་གཏོང་བའི་དུས་ཚོད་བཀོད་སྒྲིག་ལེགས་སུ་གཏོང་བ་དང་འབྲེལ་ཡོད་གཟིགས་སྐྱོང་བྱེད་ཐབས་བཏོན་ནས་ཉེ་འཁོར་གྱི་མང་ཚོགས་གནམ་གྲུར་བསྡད་དེ་འགྲོ་སྐྱོད་བྱ་རྒྱུར་སྐུལ་ལྕག་བྱེད་དགོས་ཤིང་།  གནམ་ཐང་གིས་མཚོ་བྱང་ས་ཁོངས་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་མདོ་ལ་རྫོང་གི་ཐུན་མོང་མ་ཡིན་པའི་གནས་སྐོར་ཐོན་ཁུངས་ལ་གཞི་ཚུགས་ནས་ཕྱི་རོལ་ལ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་སྟེ། གནམ་ཐང་གི་ཁྱོན་ཡོངས་ཀྱི་སྣང་བརྙན་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན། དེ་དང་ཆབས་ཅིག མདོ་ལའི་གནམ་ཐང་གིས་ནུབ་རྒྱུད་གནམ་ཐང་སྡེ་ཚོགས་ཀྱི་རྩ་འཛུགས་ལས་བྱེད་ལས་བཟོ་བ་ཁག་བགོས་ནས་མདོ་ལར་ཡོང་ནས་ཚོགས་སྒྲིག་བྱེད་སྒོ་སྤེལ་བ་དང་། གསར་བརྗེའི་སློབ་གསོ་དང་ལེན་བྱས་ནས་དུས་གཏན་གནམ་གྲུའི་ཐེངས་གྲངས་རྒྱུན་ཆད་མེད་པར་མང་དུ་བཏང་སྟེ་འགྲུལ་པ་སྡོད་ཚད་མང་དུ་གཏོང་རྒྱུའི་རེ་བ་ཡོད་པར་བསྟན།

4.jpg

ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་སུང་ཞུག་ཙུང་དང་། འཇུ་ལག་རྫོང་དང་མདོ་ལ་རྫོང་ཨུ་དང་རྫོང་སྲིད་གཞུང་། ཁུལ་སྲིད་གཞུང་གཞུང་ལས་ཁང་གི་འགན་འཁུར་བློ་མཐུན་གཙོ་བོས་ཕེབས་རོགས་གནང་།


མཉམ་སྤྱོད།