དེ་རིང་ནི2025ལོའི་ཟླ06པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྟོན་ལྗོངས།

2023-10-19 15:32:13   |   3479

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས།  རིན་ཆེན་ཚེ་རིང་། 


1.png

ཉེ་སར་རྩི་ཤིང་ཐར་ཐོར་མིག་ལམ་དུ་མངོན་པ་ནི་གསེར་མདོག་གི་སྟོན་ལྗོངས་ཡིན། རྒྱང་རིང་དུ་ཁ་བས་རི་ཚོགས་ཡོངས་སུ་གཡོགས་ཤིང་། རྒྱུན་ཁྲིགས་སུ་ཆགས་པའི་མདོ་ལ་རི་རྒྱུད་ལ་དཀར་མདོག་གི་གོས་ཀྱིས་བརྒྱན། སྟོན་མཇུག་ཏུ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་དུ་རྒྱུ་དུས་མགོ་བོ་སྒུར་ཚེ་སྟོན་དང་འཕྲད་ཅིང་མགོ་བོ་ཡར་བཀྱགས་ཚེ་དགུན་དང་འཕྲད། དཀར་མདོག་གི་གངས་རི་དང་ལྗང་ནག་གི་གསོམ་སྡོང་དང་གསེར་མདོག་གི་རྩྭ་ཐང་བཅས་ཀྱིས་མཐོ་སྒང་གི་སྟོན་དུས་ཀྱི་མཛེས་ལྗོངས་ཞིག་གྲུབ། 

2.png

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་དུ་གཞན་ད་དུང་དོ་དམ་སྲུང་སྐྱོང་ལས་དོན་མི་སྣ1200ལྷག་གིས་རི་ཆུ་དང་མཉམ་དུ་གནས་དེའི་རྩྭ་དང་རྩི་ཤིང་སྲུང་བཞིན་ཡོད། ཁོང་ཚོས་རི་ཆུ་སྐོར་ཞིབ་སྲུང་སྐྱོང་གི་གྲིབ་གཟུགས་རི་ཀླུང་དང་རང་བྱུང་ཁམས་དང་འདྲེས་ནས་མཛེས་པའི་རི་མོ་ཞིག་མངོན་པ་རེད། 

3.png

མདོ་ལ་རི་བོ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་ཆུ་ཁུངས་ཐོན་ཁུལ་གལ་ཆེན་ཡིན་པ་མ་ཟད། རང་རྒྱལ་གྱི་སྐྱེ་ཁམས་ནུས་ཁུལ་གལ་ཆེན་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སྔོན་འགྲོ་ཁུལ་དང་། འཛམ་གླིང་གི་མཐོ་གྲང་སོན་རྒྱུད་ཐོན་ཁུངས་མཛོད་དང་རི་སྐྱེས་སྲོག་ཆགས་གནས་སྤོར་བའི་བར་ཁྱམས་གལ་ཆེན་ཡང་ཡིན། །

4.png

6.png

7.png

8.png

9.png


མཉམ་སྤྱོད།