དེ་རིང་ནི2025ལོའི་ཟླ05པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས།

2023-10-19 16:09:24   |   3336

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ10པའི་ཚེས19ཉིན། མཚོ་བྱང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་རྟོག་དཔྱོད་དཔྱད་དཔོག་ལྟེ་གནས་ཀྱི་ཀྲུའུ་རེན་ཏུང་ལེའང་གདན་དྲངས་ཏེ། “རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་ཇུས་འགོད་དམ་འཛིན་ཡག་པོ་བྱས་ཏེ། མཚོ་བྱང་གི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བརྗོད་གཞི་བྱས་པའི་ཆེད་དོན་འཆད་ཁྲིད་བྱས།

1.jpg

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁོངས་མི་ཁག་དང་། ཁུལ་ཨུའི་སྡེ་ཚན་ཁག  ཁུལ་ཐད་གཏོགས་ལས་ཁུངས་དང་ཚན་པ་ཁག་གི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་བཅས་ཀྱིས་ཆེད་དོན་འཆད་ཁྲིད་ལ་ཉན། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་གིས་གཙོ་སྐྱོང་གནང་།

2.jpg

ཏུང་ལེའང་གིས་མ་དངུལ་བསྡུ་སྒྲིལ་བྱས་ཏེ་ས་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་བརྗོད་གཞི་བྱས་ཏེ། གོ་བདེ་ཞིང་ནང་དོན་གཏིང་ཟབ་པའི་འཆད་ཁྲིད་བྱས།  ཚོགས་ཞུགས་མི་སྣ་ཚོས་སློབ་སྦྱོང་བྱས་པ་བརྒྱུད། ང་ཚོའི་བསམ་བློའི་ངོས་འཛིན་ཐད་གོ་བ་གསར་པ་ཐོབ་པ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ཐད་གྲུབ་འབྲས་གསར་པ་ཐོབ་པས། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་དཔལ་འབྱོར་ལས་དོན་འཆར་འགོད་ཡག་པོ་བྱེད་པ་དང་། གོ་སྐབས་དམ་འཛིན་དང་། རྣམ་གྲངས་ཡག་པོ་སྒྲུབ་པ། མ་དངུལ་བསྡུ་སྒྲིལ་ལ་དམ་འཛིན་ཡག་པོ་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་དཔེ་ལྟ་སའི་དོན་སྙིང་ལྡན་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།

3.jpg

ཚོགས་འདུའི་ཐོག རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན་པ་སྟེ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མ་འཇོག་ལ་སྐུལ་འདེད་གཏོང་བ་དང་། བརྟན་འཕར་ཡོང་བ་དེ་ཁུལ་ཡོངས་ཀྱི་ལས་དོན་གྱི་གཙོ་གནད་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། འཐབ་ཇུས་ཀྱི་ཇུས་འགོད་གལ་ཆེན་དང་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་གཏོང་བར་དམིགས་ནས་གཞི་རྟེན་གྱི་སྟེགས་བུ་ཡག་པོ་སྤྱོད་པ་དང་། རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་ཡག་པོ་བྱེད་པ། རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལས་ཀའི་སྔོན་མཐོང་རང་བཞིན་དང་སྔོན་དཔག་རང་བཞིན་སྔར་བས་ཆེ་རུ་བཏང་ནས་གཞི་ཚུགས་ས་འཚོལ་བ་དང་འཕར་གཞི་སྐྱེད་སྲིང་བྱེད་དགོས། འགན་ནུས་སྡེ་ཚན་ཁག་གིས་རྣམ་གྲངས་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་དམ་འཛིན་དང་རྣམ་གྲངས་དོན་གཉེར་བྱེད་པ་ནི་འབྱུང་འགྱུར་དོན་གཉེར་བྱེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་རྣམ་གྲངས་ཏན་ཏིག་དང་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར་བྱེད་དགོས་པ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་ཚད་མཐོར་འདེགས་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་དགོས། རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་འཆར་འགོད་ཀྱི་འགན་འཁྲི་འཁུར་སེམས་དང་དགོས་གཏུག་ཆེ་བའི་འདུ་ཤེས་དམ་འཛིན་ཡག་པོ་བྱས་ཏེ། སྔ་མོ་ནས་རྣམ་གྲངས་གྲབས་གསོག་བྱེད་པ་དང་། མ་དངུལ་བསྡུ་སྒྲིལ་གྱི་འཆར་འགོད་ཡག་པོ་བྱེད་དགོས། མིག་སྔའི་རྒྱལ་ཁབ་སྲིད་ཇུས་ཀྱི་གཙོ་གནད་ཁྱབ་ཁོངས་དག་ཁོང་དུ་ཆུད་པར་བྱས་ཏེ། སྲིད་ཇུས་ཀྱི་ཁྲིད་སྟོན་དང་མཐུན་པ་དང་། དམངས་འཚོའི་དགོས་མཁོ་སྐོང་ཐུབ་པ། དཔལ་འབྱོར་སྤྱི་ཡོངས་ལ་ཞབས་འདེགས་ཞུ་ཐུབ་པ་བཅས་ཀྱི་གཙོ་གནད་རྣམ་གྲངས་སྔ་མོ་ནས་ཇུས་འགོད་དང་། སྔ་མོ་ནས་མགོ་རྩོམ་པ། སྔ་མོ་ནས་དོན་འཁྱོལ་བཅས་བྱེད་དགོས། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་སྔོན་ལ་ལེགས་ཆ་འདོན་སྤེལ་བྱེད་པ་དང་། རྣམ་གྲངས་འཛུགས་སྐྲུན་དེ་སྔར་བས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཞན་ཆ་གསབ་པ་དང་། ཉམས་ཞན་སྟོབས་ཆེར་གཏོང་བ། འབྲེལ་ཐག་རིང་དུ་གཏོང་བ། དམངས་འཚོའི་དོ་ཁུར་བཅས་ལ་དམིགས་ཏེ། རྣམ་གྲངས་ཁག་གཅིག་དམ་འཛིན་ཡག་པོ་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་གྱི་ཕན་འབྲས་ལ་བརྟེན་ནས་ལས་དོན་དངོས་ཀྱི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས་ཤིང་། སྡེ་ཚན་ཁག་གིས་མཉམ་འགུལ་མཉམ་ལས་ཀྱིས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས། རྫོང་ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ལྟར། འཐབ་ཇུས་ཀྱི་བསམ་གཞིགས་ལ་བརྟེན་ནས་ས་ཁོངས་རང་བཞིན་གྱི་རྣམ་གྲངས་འཆར་འགོད་བྱེད་པ་དང་། མཐོང་རྒྱ་ཆེ་རུ་བཏང་ནས་ཕུགས་རིང་རང་བཞིན་གྱི་རྣམ་གྲངས་འཆར་འགོད་བྱེད་པ། གོང་འོག་མཉམ་འགུལ་དང་ཕྱོགས་མང་མཐུན་སྦྱོར་བཅས་བྱས་ཏེ་གཙོ་གནད་རྣམ་གྲངས་ཁག་གཅིག་ཞིང་ཆེན་རིམ་པའི་རྣམ་གྲངས་མཛོད་དང་རྒྱལ་ཁབ་ཀྱི་འཆར་གཞི་ཆེན་པོའི་ནང་གང་མགྱོགས་ཞུགས་པར་འགན་ལེན་བྱ་དགོས། མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་ཡོད་པའི་རྣམ་གྲངས་ལ་རང་འགུལ་ངང་དངུལ་རྩའི་སྒྲིག་གཞི་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས། རང་འགུལ་ངང་བཅར་འདྲི་སྦྲེལ་མཐུད་དང་། རྣམ་གྲངས་འོས་སྦྱོར། མཉམ་ལས་ལ་ཤུགས་སྣོན་བཅས་བྱེད་དགོས། མ་དངུལ་བསྡུ་རུབ་དང་བུ་ལོན་ལེན་པ་དང་། འཕེལ་རྒྱས་དང་ཉེན་ཁའི་བར་གྱི་འབྲེལ་བར་ངོས་འཛིན་ཡང་དག་བྱས་ཏེ། སྔོན་མཐོང་རང་བཞིན་གྱིས་རྣམ་གྲངས་ཇུས་འགོད་དང་། ཐུམ་སྒྲིལ། འཁོར་སྐྱོད་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ཁག་ལེགས་འགྲུབ་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས།


མཉམ་སྤྱོད།