དེ་རིང་ནི2025ལོའི་ཟླ05པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2023ལོའི་མཚོ་སྔོན་པོའི་རྐང་ཐང་འགྲན་བསྡུར། ང་ཚོས་རྐང་ཚ་ནས་ཁྱེད་ལ་སྒུག་ཡོད།

2023-10-19 15:58:20   |   2843

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


“སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཡིད་ལ་བརྟན་པོར་བཅངས་ནས། མཚོ་སྔོན་པོ་ལྷ་ཆབ་ཁུགས་ལ་རྐང་ཐང་དུ་བསྐྱོད”ཅེས་པའི2023ལོའི་རྐང་ཚའི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྐང་ཐང་འགྲན་བསྡུར་ཆེན་མོ་དེ་སྤྱི་ཟླ10པའི་ཚེས23ཉིན་ཏེ་ལུགས་རྙིང་གི་ཟླ9པའི་ཚེས9ཉིན་མགོ་ཚུགས་རྒྱུ་རེད།

ཐེངས་འདིའི་འགྲན་བསྡུར་ཁྲོད་དམངས་ཁྲོད་ཀྱི་མཚོ་གཏེར་འབུལ་བ་དང་རིག་རྩལ་འཁྲབ་སྟོན། སྐྱ་མིའི་འཁྲབ་སྟོན་སོགས་བྱེད་སྒོ་ཁག་གསུམ་བཀོད་སྒྲིག་བྱས་ཡོད། འགྲན་བསྡུར་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ6.8ཡོད་ཅིང་། ཞིང་ཆེན་ཕྱི་ནང་གི་རྒྱ་ཆེའི་རྐང་ཐང་འགྲན་བསྡུར་དགའ་མོས་བྱེད་མཁན་ལ་དམིགས་ནས་སྐྱེས་པ་གཞོན་དར་ཚོ་ཆུང་དང་བུད་མེད་གཞོན་དར་ཚོ་ཆུང་། སྐྱེས་པ་རྒན་པ་ཚོ་ཆུང་དང་བུད་མེད་རྒན་པ་ཚོ་ཆུང་བཅས་ཚོ་ཆུང་བཞི་བཙུགས་ཡོད་ཅིང་། ཚོ་ཆུང་སོ་སོའི་ཨང་བཅུ་པའི་བར་དུ་དགའ་རྟགས་ཡོད་པ་རེད།  

ཨང་དང་པོར་བྱ་དགའ་སྒོར3000དང་། ཨང་གཉིས་པ་ནས་ཨང་བཅུ་པའི་བར་དུ་བྱ་དགའ་སྒོར2600ནས་སྒོར200བར་ཡིན། འགྲན་བསྡུར་ནང་ཞུགས་འདོད་མཁན་གྱིས་རྐང་ཚ་རྫོང་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ་ནས་མིང་ཐོ་འགོད་ཆོག  དེ་དང་ཆབས་ཅིག་ཟི་ལིང་དང་ཉེ་འཁོར་གྱི་རྐང་ཐང་ལ་དགའ་མོས་ཡོད་མཁན་དག་ལ་སྟབས་བདེ་ཡོང་ཆེད། ཟི་ལིང་དུ་མིང་ཐོ་འགོད་ས2བཙུགས་ཡོད་དེ། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའི་རི་འཛེག་མཐུན་ཚོགས་དང་ཟི་ལིང་རྒྱང་སྒྲོག་བརྙན་འཕྲིན་ཁང་ཡིན། འགྲན་བསྡུར་མཇུག་གྲིལ་རྗེས། བྱ་དགའ་གནང་བའི་མཛད་སྒོའང་འཚོག་ནས་བྱ་དགའ་སྟེར་རྒྱུ་རེད།  

འགྲན་བསྡུར་དྲང་གཞག་དང་དྲང་བདེན། བདེ་འཇགས་དང་གོ་རིམ་ལྡན་པ་བཅས་ཡོང་ཆེད། མཁོ་སྤྲོད་ས་ཚིགས2དང་། ཤན་འབྱེད་པ18དང་། སྨན་བཅོས་རོགས་སྐྱོབ་མི་སྣ10དང་། དང་བླངས་པ50བཅས་བཀོད་སྒྲིག་བྱས་ཏེ་འགྲན་བསྡུར་ལ་ཞབས་ཞུའི་འགན་ལེན་བྱས་ཡོད།

        



མཉམ་སྤྱོད།