དེ་རིང་ནི2025ལོའི་ཟླ05པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-10-20 08:27:44   |   3319

སྒྲིག་སྒྱུར། མཁའ་འགྲོ་མཚོ།     ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།     བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཟླ10ཚེས19ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཞུགས་པར་ཕེབས་པའི་སོག་པོའི་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་དང་མཇལ་འཛོམས་གནང་།

2.png

  • ཟླ10ཚེས19ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཞུགས་མཁན་ཁོང་གོ(པུའུ)ཡི་ཙུང་ཐུང་སཱ་སུའུ་དང་མཇལ་འཛོམས་གནང་།

3.png

  • ཟླ10ཚེས19ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཞུགས་པར་ཕེབས་པའི་ཏུར་མེན་སི་ཐན་མི་རིགས་གཙོ་འཛིན་དང་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པེར་ཏེ་མུའུ་ཧ་མའེ་ཏུའོ་ཕུའུ་དང་མཇལ་འཛོམས་གནང་།

4.png

  • ཟླ10ཚེས19ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཞུགས་མཁན་གྱི་ཨེ་ཅིབ་ཀྱི་ཙུང་ལི་མ་ཏེ་པུའུ་ལི་དང་མཇལ་འཛོམས་གནང་།

5.png

  • ཟླ10ཚེས19ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཞུགས་མཁན་གྱི་ཁམ་བྷོ་དི་ཡའི་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་དང་མཇལ་འཛོམས་གནང་།

6.png

  • ཟླ10ཚེས19ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་ཞུགས་པ་དང་འབྲེལ་དངོས་སུ་འཚམས་འདྲི་གནང་བར་ཕེབས་པའི་ཐེ་ལན་དིའི་ཙུང་ལི་སའེ་ཐ་དང་མཇལ་འཛོམས་གནང་།

7.png

  • ཟླ10ཚེས19ཉིན་གྱི་མཚན་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་་ཞུགས་པར་ཕེབས་པའི་མོ་ཙམ་པི་ཁེའི་ཙུང་ལི་མ་ལའེ་ཨ་ནེ་དང་མཇལ་འཛོམས་གནང་།

8.png

  • ཟླ10ཚེས19ཉིན་གྱི་མཚན་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཞུགས་མཁན་ཕ་ཁི་སི་ཐན་གྱི་ཙུང་ལི་ཁ་ཁར་དང་མཇལ་འཛོམས་གནང་།

9.png

  • ཟླ10ཚེས19ཉིན་གྱི་མཚན་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་གསར་སྤེལ་དངུལ་ཁང་གསར་པའི་མགོ་གཙོ་ལུའོ་སའེ་ཕུའུ་དང་མཇལ་འཛོམས་གནང་།

  • ཟླ10ཚེས19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་ལྔ་པའི་ཀྲུང་ཨུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

10.png

  • ཚེས19ཉིན་ལྷ་བཅུ་བདུན་གྱི་གྲུ་གཟིངས་མདའ་མཉམ་སྒྲིག་གཟུགས་ཀྱིས་དྲང་འཕྱང་བརྒྱུད་འདྲེན་བྱས་ནས་ཉེ་ཆར་གོ་སྐབས་བདམས་ནས་འཕེན་གཏོང་བྱ་རྒྱུའི་འཆར་གཞི་ཡོད།

  • ཚེས19ཉིན་རང་རྒྱལ་དུ་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་གནས་སྐོར་རྩ་འཛུགས་བཞི་གསར་དུ་བསྣན་པ་དེ་ཅང་ཞིའི་ཧོང་ལིང་གྲོང་ཚོ་དང་། ཀྲེ་ཅང་གི་ཞ་ཅང་གྲོང་ཚོ། ཀན་སུའུ་ཡི་ཀྲ་ཀ་ན་གྲོང་ཚོ། ཧྲན་ཞིའི་ཀྲུའུ་ཅ་དབན་གྲོང་ཚོ་བཅས་རེད།

  • མིག་སྔའི་བར་རྒྱལ་ཁབ60ལྷག་ཙམ་སྐབས་དྲུག་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་རྒྱལ་ཁབ་ཕྱོགས་བསྡུས་འགྲེམས་སྟོན་དུ་ཞུགས་པར་གཏན་འཁེལ་བྱས།

སྤྱི་ཚོགས།

  • ཚེས19ཉིན་གྱི་མཚན་མོ་ནས་ཚེས20ཉིན་བར་ཅུང་ཆེ་བའི་མཁའ་རླུང་གྲང་མོས་ཤུགས་རྐྱེན་ཕོག་པས་རང་རྒྱལ་གྱི་དབུས་ཤར་ས་ཁུལ་དུ་རླུང་ཆེན་ལྡང་ནས་དྲོད་ཚད་ཆག་པའི་གནམ་གཤིས་ཡོད། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད་དང་། ཧྭ་བྱང་གི་དབུས་ལྷོ་རྒྱུད། ཧོང་ཧོའེ་དབུས་ཤར་རྒྱུད་སོགས་ས་ཁུལ་གྱི་དྲོད་ཚད8~10℃ཆག་པ་ཡིན།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་ཚེས19ཉིན་གྱི་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་དགུ་པར་གྲོང་ཁྱེར་རིམ་པ་དང་པོའི་ཚོང་ཟོག་སྡོད་ཁང་ཕྱིར་ཚོང་གི་རིན་གོང་དེ་བརྟན་ཐོག་ཅུང་འཕར་ཡོད་པ་རེད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་དང་ལག་རྩལ་སྔོན་ཐོན་གྱི་འོད་སྐུད་དང་སྒུལ་བདེའི་འཕྲིན་གཏོང་དྲ་རྒྱ་བསྐྲུན་ཡོད་པ་སྟེ། གྲངས་གཞིའི་ལྟེ་གནས་ཀྱི་གཞི་ཁྱོན་ཉེ་བའི་ལོ་ལྔའི་ནང་ལོ་རེར་ཆ་སྙོམས་འཕར་ཚད30%ཙམ་ཟིན་ཡོད།

11.png

  • ཚེས19ཉིན་ཧང་ཀྲོའུ་ཡི་སྐབས་བཞི་པའི་ཨེ་ཤེ་ཡའི་དབང་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བྱེད་སྒོ་ཁྲུན་ཨན་དུ་སྤེལ་མགོ་ཚུགས་པ་རེད། དཔལ་འབར་དེ་ཚེས22ཉིན་ཧང་ཀྲོའུ་ཨོ་རྩལ་འགྲན་ཚོགས་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་འབྱོར་ནས་དཔལ་འབར་གཙོ་བོའི་མཆོད་རྟེན་སྤར་རྒྱུ་རེད།

12.png

  • རང་རྒྱལ་གྱིས་ལྷོ་རྒྱ་མཚོའི་སྨི1500ཡི་མཚོ་གཏིང་ནས་མིང་རྒྱལ་རབས་ཀྱི་བྱིང་གྲུའི་རྗེས་ཤུལ་ཐོག་མར་རྙེད་པ་དང་། ཆུའི་དཀར་ཡོལ་སོགས་ཁག580(ཆ་ཚང)ཙམ་བླངས་པ་དེས་ཀྲུང་གོའི་མེས་པོ་ཚོས་ལྷོ་རྒྱ་མཚོར་གསར་སྤེལ་དང་། བེད་སྤྱོད། འགྲོ་འོང་བཅས་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་ར་སྤྲོད་བྱས་ཡོདཔ་རེད།

13.png

  • ཉེ་ཆར་ནན་ཅིང་སློབ་ཆེན་ཉི་མའི་ཚན་རིག་གྲངས་གཞི་ལྟེ་གནས་ཀྱིས་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ཁྱབ་བསྒྲགས་བྱས་ཏེ། རང་རྒྱལ་གྱི་ཉི་མའི་སྲུང་སྐར་ཐོག་མ“ཞི་ཧོ་རྟགས་ཅན”གྱིས་ལོ་གཉིས་རིང་གི་ཉི་མ་རྗེས་འདེད་པའི་བརྗིད་ཉམས་ལྡན་པའི་རྣམ་པ་མངོན་ཡོད།

  • ཧྲང་ཧའེ་ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་བཏང་བར་གཞིགས་ན། ཚེས18ཉིན་གྱི་སྔ་དྲོ་ཕུའུ་ཏུང་ནན་ཧུའེ་གྲོང་གསར་གྱི་མཚོ་འགྲམ་དུ་གར་སོང་ཆ་མེད་དུ་གྱུར་པའི་བྱིས་པ་བུ་མོའི་ཕུང་པོ་ཉིང་པོ་གྲོང་རྡལ་ཧའེ་ཆུས་ཀྱི་གྲམ་ཐང་ཞིག་ཏུ་རྙེད་པ་ཡིན། ཉེས་དོན་གྱོད་གཞི་མིན་པ་གཏན་འཁེལ་བྱས།

  • ཚེས19ཉིན་ཀྲུང་གོ་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱིས་བརྡ་ཐོ་བཏང་སྟེ། རྒྱལ་ཡོངས་ཀྱི་རྒྱུག་ཤར་འགྲན་བསྡུར་གྱི་སྒྲིག་འཛུགས་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་འགྲན་བསྡུར་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་བླང་བྱ་བཏོན།

སྲིད་ཇུས།

  • ཐེན་ཅིན་གྲོང་ཁྱེར་སློབ་གསོ་ཨུ་ལྷན་སོགས་སྡེ་ཚན་བཅུ་གཉིས་ཀྱིས་ཡིག་ཆ་བཀྲམ་ནས་མངོན་མེད་སློབ་གསོའི་གསོ་སྦྱོང་ལ་ཞིབ་བཤེར་ནན་པོ་བྱས་ཏེ“ཁྱིམ་སྡོད་ཁྱིམ་ཚང་སློབ་གསོའི”འོས་སྦྱོར་བྱེད་སྤྱོད་གང་རུང་གཏན་འགོག་བྱས་པ་གཏན་འཁེལ་བྱས།

  • ཧྲང་ཧའེ་ཡིས་རེས་སྐོར་གསར་པའི་གཞི་རྩའི་འཛུགས་སྐྲུན་བྱ་སྤྱོད་ཀྱི་ཇུས་གཞི་བཏོན་ནས། དྲ་རྒྱ5G-Aཚོད་ལྟ་དང་བཀོད་སྒྲིག་མགྱོགས་སུ་བཏང་སྟེ། ཀྲའོ་ཁྲི་ཁྱིམ་དུད་ལ་ཁྱབ་པའི་ཚོད་ལྟ་སྤེལ་དགོས་པ་བཏོན།

  • ཧྲན་ཞིས་གཏན་འབེབས་གསར་པ་ཁྱབ་བསྒྲགས་བྱས་ནས་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་སྦས་སྐུང་ལ་དོགས་ཟོན་བྱེད་དགོས་པ་དང་། ཚན་པའི་འགན་འཁུར་བར་ལས་འཛོལ་གྱི་སྙན་ཞུ་འབྱོར་རྗེས་ཆུ་ཚོད་གཅིག་ནང་ལྟ་སྐུལ་དོ་དམ་སྡེ་ཚན་ལ་སྙན་སེང་ཞུ་དགོས་པ་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

14.png

  • བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད་དང་། མཚོ་སྔོན་གྱི་ལྷོ་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། ཅི་ལིན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁ་བ་ཆུང་བའམ་ཡང་ན་ཆར་པ་འབབ་རྒྱུ་ཡིན། ཧུའུ་ནན་གྱི་ལྷོ་རྒྱུད་དང་། འབྲི་ཆུའི་ལྷོ་ནུབ་རྒྱུད། ཀོང་ཞིའི་དབུས་ཤར་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན། དེའི་ཁྲོད་ཀོང་ཞིའི་ཤར་ལྷོའི་རྒྱུད་དང་ཀོང་ཏུང་གི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་བ་ཆེན་པོ་འབབ་པ་དང་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན།


མཉམ་སྤྱོད།