དེ་རིང་ནི2025ལོའི་ཟླ05པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་མཚོ་ནུབ་ཁུལ་གདང་ལ་ས་ཁུལ་དུ་ས་ཡོམ་རིམ་པ4.7བྱུང་བ།

2023-10-23 14:39:56   |   2353

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་ས་ཡོམ་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ10པའི་ཚེས23ཉིན་གྱི་ཆུ་ཚོད14:10སྟེང་། མཚོ་སྔོན་མཚོ་ནུབ་ཁུལ་གྱི་གདང་ལ་ས་ཁུལ་དུ་ས་ཡོམ་རིམ་པ4.7བྱུང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ10ཟིན་པ་དང་ཡོམ་ལྟེ་ནི་བྱང་གི་འཕྲེད་ཐིག་ཏུའུ33.57དང་། ཤར་གྱི་གཞུང་ཐིག་ཏུའུ91.30ཡི་སྟེང་དུ་ཡོད། 

1.jpg

2.jpg

ཉེ་འགྲམ་གྱི་གྲོང་ཚོ་དང་གྲོང་རྡལ།  ད་ཐེངས་ཀྱི་ས་ཡོམ་བྱུང་སའི་མཐའ་འཁོར་གྱི་སྤྱི་ལེ10ཡི་ནང་དུ་མོན་ཀྲི་དང་ཅིང་རོའུ་པཱ་ལེ་གྲོང་ཚོ་ཡོད་པ་དང་། སྤྱི་ལེ100ཡི་ནང་དུ་ཞང་དང་གྲོང་རྡལ་མེད། 

ཉེ་འཁོར་གྱི་རྫོང་། ཡོམ་ལྟེ་ནས་བོད་ལྗོངས་ཨ་མདོ་རྫོང་བར་དུ་སྤྱི་ལེ150དང་། བོད་ལྗོངས་གཉན་རོང་རྫོང་དང་བར་ཐག་སྤྱི་ལེ188ཡོད། བོད་ལྗོངས་མཚེའུ་གཉིས་རྫོང་དང་བར་ཐག་སྤྱི་ལེ233དང་། བོད་ལྗོངས་གསེར་རྙེད་ཆུས་དང་བར་ཐག་སྤྱི་ལེ244དང་།   བོད་ལྗོངས་དཔལ་མགོན་རྫོང་དང་བར་ཐག་སྤྱི་ལེ271དང་།  བོད་ལྗོངས་ནག་ཆུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ243ཡོད་པ་དང་།  ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ437ཡོད།

3.jpg

ཡོམ་ལྟེའི་ས་དབྱིབས།  ཡོམ་ལྟེའི་སྤྱི་ལེ5ཡི་ཁྱབ་ཁོངས་ཀྱི་ཆ་སྙོམས་མཚོ་འཕགས་ལ་སྨི5055ཙམ་ཡོད།

4.jpg

5.jpg

ས་ཡོམ་ལོ་རྒྱུས། ཀྲུང་གོ་ས་ཡོམ་དྲ་བའི་རིངས་འཕྲིན་དཀར་ཆག་ལྟར་ན།  ཡོམ་ལྟེའི་མཐའ་འཁོར་གྱི་སྤྱི་ལེ200ཡི་ནང་ཉེ་བའི་ལོ5ཡི་རིང་རིམ་པ་གསུམ་ཡན་གྱི་ས་ཡོམ་ཐེངས91བྱུང་བ་དང་། ས་ཡོམ་ཆེ་ཤོས་ནི2021ལོའི་ཟླ3ཚེས19ཉིན་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་དུ་བརྒྱབ་པའི་ས་ཡོམ་རིམ་པ6.1(ད་ཐེངས་ཀྱི་ཡོམ་ལྟེ་དང་བར་ཐག་སྤྱི་ལེ226ཡོད)ཡིན།

6.jpg


མཉམ་སྤྱོད།