དེ་རིང་ནི2025ལོའི་ཟླ05པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཁས་དབང་སྒ་གསུང་རབ་རྒྱ་མཚོའི་མཛད་རྗེས་འགྲེམ་སྟོན་ཁང་གི་སྒོ་ཕྱེས།

2023-10-23 17:30:37   |   2791

རྩོམ་སྒྲིག  སངས་རྒྱས་སྐྱིད།  ཡོང་ཁུངས།  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཟླ10པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་གི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་ཡིན་པའི་མཁས་དབང་སྒ་གསུང་རབ་རྒྱ་མཚོའི་སྐུ་ཚེའི་ཤུལ་བཞག་འགྲེམ་སྟོན་ཁང་གི་སྒོ་དངོས་སུ་ཕྱེས་པ་དེས་བོད་བརྒྱུད་ནང་བསྟན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་དང་། མི་རིགས་སློབ་གསོ་དང་ཡིག་སྒྱུར་དཔེ་སྐྲུན་བྱ་གཞག་བཅས་ཀྱི་ཐད་རང་ནུས་ཡོད་ཚད་ཕུལ་མྱོང་བའི་རྨང་འདིང་མཁན་ཞིག་གི་མི་ཚེ་མངོན་པར་བྱས་ཡོད།

1.png

1896ལོར་སྒ་གསུང་རབ་རྒྱ་མཚོ་མཆོག་དཔའ་ལུང་རྫོང་སྟག་ཚང་ཞང་གི་བོད་རིགས་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་ཤིང་། 1903ལོར་སྒ་གསུང་རབ་རྒྱ་མཚོ་མཆོག་དཔའ་ལུང་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་སྡེ་སྟག་ཚང་ཞང་གཡི་ཚ་དགོན་དུ་ཆོས་གྲྭར་ཞུགས་ཏེ་གྲྭ་བཙུན་ཁུ་བོ་མཁས་དབང་འཇིགས་མེད་དམ་ཆོས་རྒྱ་མཚོ་ཡོངས་འཛིན་དུ་བསྟེན། 1938ལོར་སྒ་གསུང་རབ་རྒྱ་མཚོ་མཆོག་གིས་དགེ་བཤེས་རབ་འབྱམས་པའི་མཚན་བཏགས་བཞེས།

2.png

1949ལོར་སྒ་གསུང་རབ་རྒྱ་མཚོ་མཆོག་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དུ་ཕྱག་ལས་གནང་བར་ཕེབས་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས། གཞུང་ཡིག་སོགས་ཡིག་སྒྱུར་གནང་བ་དང་། 1951ལོར་སྒ་གསུང་རབ་རྒྱ་མཚོ་མཆོག་གི་སྒྲིག་འཛུགས་ཞིབ་ཚགས་དང་མགོ་ཁྲིད་འོག རང་རྒྱལ་གྱི་ལོ་རྒྱུས་སྟེང་གི་བོད་ཡིག་ཚགས་པར་ཐོག་མ་སྟེ《མཚོ་སྔོན་བོད་ཡིག་ཚགས་པར》བཏོན་པ་དང་། 1952ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བཀོད་སྒྲིག་ལྟར་སྒ་གསུང་རབ་རྒྱ་མཚོ་མཆོག་གིས་མཚོ་སྔོན་བོད་སྐད་རླུང་འཕྲིན་གྲབས་འཛུགས་བྱེད་མགོ་བཙུགས་ཤིང་། ཁོང་སྐུ་དངོས་ཀྱིས་རྩོམ་སྒྲིག་ཁྲིད་གཏོང་པ་དང་ལོ་ཙཱ་པ། སྙན་སྒྲོན་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས།

3.png

1953ལོར་སྒ་གསུང་རབ་རྒྱ་མཚོ་མཆོག་ནུབ་བྱང་སྲིད་འཛིན་ཨུ་ལྷན་རིག་གནས་སློབ་གསོའི་ཨུ་ལྷན་གྱི་ཨུ་ཡོན་དུ་བདམས་པ་དང་། མཚོ་སྔོན་སོག་བོད་ས་ཁུལ་གྱི་འབྲོག་དུད་ཁ་ཐོར་དུ་གནས་པར་དམིགས་ནས་སྒ་གསུང་རབ་རྒྱ་མཚོ་མཆོག་གིས་གྲོས་མགོ་བཏོན་པ་དང་འབྲེལ་མཚོ་སྔོན་གྱི་སོག་བོད་སློབ་གྲྭ་མང་པོ་ཞིག་གསར་དུ་བཙུགས། 1953ལོ་ནས1956ལོའི་བར་སྒ་གསུང་རབ་རྒྱ་མཚོ་མཆོག་གིས་སྔ་རྗེས་སུ《མ་བུ་བདེ་འཇགས》དང་།《གསེར་དངུལ་ཐང》《སྟག་ཚང་གི་ར་མདའ》《མཛེས་ཤིང་སྡུག་པའི་ཧྭ་ཞི་ལི་ཧྲ》《རྩྭ་ཐང་མི་དམངས》སོགས་གློག་བརྙན16གི་སྒྱུར་བཟོ་དང་བོད་སྐད་སྒྲ་སྦྱོར་བྱས་ནས་བོད་སྐད་སྒྱུར་བཟོའི་གློག་བརྙན་གྱི་དབུ་ཁྱུད་བྲིས།

དཔའ་ལུང་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཨའེ་རོའུ་ཡིས། སྒ་གསུང་རབ་རྒྱ་མཚོ་མཆོག་གིས་དེ་སྔའི་མཚོ་སྔོན་ཞིང་ཆེན་རིག་སློབ་ཐིང་གི་ཐིང་ཀྲང་དང་དེ་བཞིན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་གོ་གནས་འཁུར་མྱོང་ཡོད། ཁོང་གི་སྐུ་ཚེ་ཧྲིལ་པོར་ལས་དོན་ཧུར་ཐག་གིས་སྒྲུབ་པ་དང་གཟབ་ནན་གྱིས་སློབ་གཉེར་བྱེད་པ། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱེད་པ་སོགས་ཀྱི་ཐད་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་ལ། ཁོང་ནི་ཀྲུང་གོ་གསར་པའི་ཕུལ་དུ་བྱུང་བའི་བོད་རིགས་རྒྱལ་གཅེས་མཁས་དབང་དང་། མི་རིགས་སློབ་གསོ་དང་ཡིག་སྒྱུར་དཔེ་སྐྲུན་གྱི་བྱ་གཞག་ཐོག་མ་གཏོད་མཁན་ཡིན་ཟེར།

5~1.jpg


མཉམ་སྤྱོད།